བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་ཧྲན་ཏུང་གི་བརྒྱད་ཅུའི་ནང་སྐྱེས་ཕོ་གཞོན་ཀྲང་ཅན་ཧྭ་ཡིས་སྣོད་བཅུད་ཕག་གསོའི་བྱ་གཞག་འཕེལ་རྒྱས་བཏང་སྟེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པས། མི་རྣམས་ཀྱིས་ཁོང་ལ“ས་མཐོའི་ཕག་རྫི་བ”ཞེས་འབོད་ཀྱི་ཡོད།
ཀྲང་ཅན་ཧྭ་2012ལོར་བོད་དུ་ལས་ཀར་སླེབས་ཤིང་། 2014ལོའི་ཟླ་བདུན་པར་ཁོང་གིས་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོར་མ་དངུལ་བཏང་ནས་འཕྱོངས་རྒྱས་རྫོང་ཤིན་ཤུས་འབྲོག་ལས་ཚད་ཡོད་ཀུང་སི་བཙུགས་ཏེ་སྣོད་བཅུད་ཕག་གསོ་ར་བ་གཉེར་བ་དང་། འཕྱོངས་རྒྱས་རྫོང་གི་རྒྱུད་བཟང་ཕག་ཕྲུག་གསོ་སྤེལ་རྟེན་གཞི་བཙུགས་ནས་ཕག་པ་གསོ་ཚགས་ཀྱི་ལས་གཏོད་ལམ་བུ་བཏོད་ཡོད།
ལོ་ཁ་ཤས་རིང་ཁོང་གིས་རྒྱུད་བཟང་ཕག་པ་ནང་འདྲེན་བྱས་ནས་ས་བབ་མཐོ་ཚད་སྨི་3700ཡན་གྱི་ས་མཐོར་གསོ་ཚགས་བྱས་ཡོད། མིག་སྔར་ཁེ་ལས་ནས་ལོར་ཕག་པ་མགོ་གྲངས་11000བཤའ་ཐུབ་ཀྱི་ཡོད།