གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
དགོན་སྡེ།
༄༅།།ཁྲི་ཀའི་ཇོ་ཇོ་ལྷ་ཁང་།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-24
མདོ་སྨད་ཡུལ་གྱི་ཁྲི་ཀའི་ཇོ་བོ་དང་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་གཉིས་བྱིན་རླབས་མཉམ་པར་གྲགས་ཤིང་དེ་ལས་ཁྲི་ཀའི་ཇོ་བོ་ཞེས་པའི་རྟེན་འགངས་ཅན་དེ་ནི་སྔོན་རབ་འདོད་ཆུ་སྟག་སྤྱི་ལོ1182ལོར་ཧོར་རྒྱལ་རབས་ཀྱི་རྒྱལ་པོ་གོ་ཏན་གྱིས་འཇམ་མགོན་ས་པཎ་རྒྱ་ནག་ཏུ་གདན་དྲངས།ས་པཎ་ཁོང་ཉིད་དང་།འགྲོ་འགོན་འཕགས་པ།རྒྱལ་བ་ཕྱག་ན་བཅས་མདོ་སྨད་དུ་ཕེབས་པའི་ལམ་དུ་ཁྲི་ཀའི་མི་ཉག་མཆོད་རྟེན་དཀར་པོར་མཇལ་བར་ཕེབས་ནས་མཆོད་རྟེན་ལ་རབ་གནས་མཛད་ཅིང་རྒྱལ་པོས་དད་འབུལ་གྱིས་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་ལ་གཞིར་བྱས་ནས་ཁྲི་ཀའི་ཇོ་བོ་རྟེན་དང་བརྟེན་པ་བཞེངས་ནས་རབ་གནས་མཛད་སྐབས།ཐུབ་སྐུ་ལ་སངས་རྒྱས་བྱང་སེམས་མང་པོ་ཐིམ་པའི་གཟིགས་སྣང་བྱུང་བས་ཁྲི་ཀའི་ཇོ་ཇོ་ལྷ་ཁང་དུ་འབོད།གཙུག་ལག་ཁང་སྒོ་ཆེན་དང་བཅས་པ་གོང་འོག་གི་ལྡེབས་བྲིས་ལ་ཐུབ་དབང་གནས་བརྟན་བཅུ་དྲུགབསྐལ་བཟང་སངས་རྒྱས་སྟོང་།རྒྱུད་སྡེ་བཞིའི་ལྷ་ཚོགས།རྗེ་ཙོང་ཁ་པ་སོགས་རྒྱ་བོད་ཀྱི་པཎ་གྲུབ་མང་པོའི་སྣང་བཪྙན།རྒྱལ་བའི་བཀའ་བསྟན་འགྱུར་གླེགས་བམ་རེ་ལ་རས་ཐུམ་གོས་བཟང་པོའི་གདོང་དར།མཆོད་རྫས་སྣ་ཚོགས་དང་བཅས་པ་ལེགས་པར་གྲུབ་སྟེ།དེའི་རྗེས་སུ་བསྟན་པའི་འཕེལ་འགྲིབ་ཀྱི་དབང་གིས་འདུས་བྱས་མི་རྟག་རང་བཞིན་མངོན་དུ་གྱུར།མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་ཕབ་ནས།ཐོག་མར་ཇོ་ཁང་འདིར་ཆོས་སྒོ་འབྱེད་རྒྱུའི་ཆོག་མཆན་བཀོད།ལོ་དེའི་ཐ་སྐར་ཟླ་བར་ཀུན་བཟང་ནས་ཇོ་བོའི་སྐུ་ལི་མ་བྱིན་ཅན་ཁྲི་གང་ཙམ་བཞག་ནས།གོང་བ་གྲྭ་ཚང་གི་དགེ་འདུན་རྣམས་ཞུས་ཤིང་རབ་གནས་དང་ཁྲུས་གསོལ་གནང་སྟེ་རྟེན་འབྲེལ་གྱི་ཐོག་མར་ཆོས་སྒོ་ཕྱེས།ལྷ་ལྡན་ཇོ་བོ་དང་བྱིན་རླབས་མཉམ་པར་གྲགས་པའི་ཁྲི་ཀའི་ཇོ་བོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་རབ་རྒྱལ་ལྕགས་རྟའི་ཐ་སྐར་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཤཱཀྱའི་རྒྱལ་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ལྟ་བས་ཆོག་མི་ཤེས་པ་ལེགས་པར་གྲུབ།རྗེ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་དེ་དགེ་འདུན་བཅུ་ཕྲག་ཟུང་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་ཞི་རྒྱས་སྦྱིན་སྲེག་དང་བཅས་སྦྱོར་དངོས་མཇུག་གསུམ་ཐམས་ཅད་དམ་པ་གོང་མའི་ཕྱག་བཞེས་བཞིན་མཛད།དད་ལྡན་ཀུན་གྱི་བསོད་ནམས་བསགས་པའི་ཞིང་ས་བླ་ན་མིད་པར་བསྐྲུན་པ་སོགས་ལྷ་ཁང་འདི་ཉིད་རྟེན་བརྟེན་པ་དང་བཅས་པ་བསྐྱར་དུ་བཞེངས་པའི་བྱ་བ་ཐམས་ཅད་ཡོངས་སུ་གྲུབ།
ཁྲི་ཀའི་ཇོ་བོ་རིན་པོ་ཆེ་འདི་རབ་རྒྱན་ལྕགས་རྟ་སྤྱི་ལོ1990ལོར་བསྐྱར་བཞེངས་བྱས་ཏེ་ཡོངས་སུ་གྲུབ།ཇོ་ཇོ་ལྷ་ཁང་ཆེན་མོ་ཁང་མིག་བདུན་ཅུ།འདུ་ཁང་མདུན་གྱི་བར་ཁང་ནང་དུ་སངས་རྒྱས་སྨན་བླའི་ཞིང་བཀོད་གཅིག་དང་སྒྲོལ་མའི་ཞིང་བཀོད་གཅིགམཛད་བཅུའི་གྱན་ཐང་བཞི།བར་སྐོར་གྱི་སྐོར་ལམ་དུ་མ་ཎི་འཁོར་ལོ་བརྒྱ་དང་བརྒྱད།མ་ཎི་གྲངས་ཀ་དུང་ཕྱུར་བཅོ་བརྒྱད།མདུན་གྱི་སྒོ་ཆེན་ནང་དུ་རྒྱལ་ཆེན་སྡེ་བཞི།ལྷ་ཁང་མདུན་གྱི་གཡས་གཡོན་དུ་ཁང་པ་གྱན་བཅོ་བརྒྱད།དད་ལྡན་མང་ཚོགས་སྡོད་ས་ཁང་པ་གྱན་བཅོ་ལྔ།ཇ་ཁང་གྱན་གསུམ་བཅས་ཡོད།1996ལོར་འདུ་ཁང་ལྟག་རྒྱབ་ཏུ་དུས་གསུམ་སངས་རྒྱས་ལྷ་ཁང་གྱན་ལྔ་ཅན་ཞིག་ཀྱང་བཞེངས།།
རྩོམ་ཡིག་སྔོན་མ།
༄༅།།ཟས་རིགས་ལྡད་ཚད་ཀྱི་རྒྱུན་ཤེས།
རྩོམ་ཡིག་རྗེས་མ།
༄༅།།ཁྲི་ཀའི་ལྷ་དཀར་པོ་བྱམས་པ་རང་སྐྱེས།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1