“ལྔ་གཅིག”སྔ་ནུབ་ཏུ་གཙང་ཞིང་གྲལ་འགྲིག་ལ་སྐྱིད་སྣང་དོད་པའི་དུས་ཆེན་གྱི་ཁོར་ཡུག་ཅིག་གཏོད་པ་དང་། རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་གྲོང་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། འཕྲོད་བསྟེན་གྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱ་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་ས་གནས་ཁག་གིས“ལྔ་གཅིག”ཏུ་དམངས་ཡོངས་ཀྱི་གྲོང་ཁྱེར་གཙང་དག་གི་བྱ་སྤྱོད་སྤེལ་ནས་རྫོང་ཡོངས་ཀྱི་གྲོང་གསེབ་དང་གྲོང་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལ་བཅོས་སྒྲིག་མཐར་ཕྱིན་པ་བྱས་པ་དང་། ཕྱོགས་ཀུན་ཏུ་འཕྲོད་བསྟེན་གཙང་སེལ་བྱེད་པ། ས་ཁོངས་ཁག་ཅིག་གི་ཁོར་ཡུག་འཕྲོད་བསྟེན་ཐད་དོ་སྣང་བྱེད་མཁན་མེད་པ་དང་གཙང་སེལ་བྱེད་མཁན་མེད་པའི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་བཏང་ཡོད།
འདི་ནི་མང་ཚོགས་ཀྱིས་ལམ་ངོས་ལ་གཙང་དག་བྱེད་ཀྱིན་པ་རེད།
ཟླ4པའི་ཚེས24ཉིན། གསར་འགོད་པས་་དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་བཅིངས་འགྲོལ་ཁྲོམ་གཞུང་སྡེ་ཁུལ་དང་སྲིབ་ངོ་ཤང་། གསེར་གཞོང་སྟེང་ཤང་་བཅས་ག་ས་གང་དུ་དམངས་ཡོངས་ཀྱིས་གྲོང་ཁྱེར་གཙང་དག་གི་བྱེད་སྒོའི་ལས་ཀ་སྤེལ་བའི་རྣམ་པས་ཡོངས་སུ་ཁེངས་འདུག་ཅིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ20ཡོད་པའི་ཐང་ཁ་ཤང་དུ་གྲོང་མི་ཚོ་སྔ་ས་ནས་གྲོང་ཚོའི་སྲུང་ལམ་དུ་ཡོང་ནས་ཁ་ཤས་ཀྱིས་གད་སྙིགས་ཕྱག་པ་དང་། ཁ་ཤས་ཀྱིས་གད་སྙིགས་འཐུ་བ། ཁ་ཤས་ཀྱིས་རྡོ་རྩིག་རྒྱག་པ། ཁ་ཤས་ཀྱིས་གྲམ་ངོགས་སུ་གཙང་སྦྲ་བྱེད་པ་བཅས་ཁོར་ཡུག་གི་ཟུར་ཙམ་ཡང་མ་ལུས་པར་འཕྲོད་བསྟེན་བྱེད་ཀྱིན་ཡོད།
“ལག་པ་གཙང་མར་བཀྲུ་བ་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་པ། རླུང་མང་ཙམ་གཏོང་བ། འདུ་འཛོམས་ཉུང་ཙམ་བྱེད་པ”བཅས“ཁྱེད་ཚོས་རང་རྟོགས་ངང་ཁོར་ཡུག་གི་འཕྲོད་བསྟེན་ཡག་པོར་སྒྲུབ་དགོས་ཞེས‘སྒོ་ཁའི་འགན་ལེན་གསུམ’ཡག་པོ་སྒྲུབ་དགོས་པ་དང་། རང་ཁྱིམ་གྱི་ཁང་པའི་རྒྱབ་མདུན་དང་ཁང་པའི་ཕྱི་ནང་གཙང་མར་བཟོས་ནས་འཚོ་བའི་གད་སྙིགས་གང་བྱུང་དུ་མི་དབྱུག་པ། གང་བྱུང་དུ་སྤྱོད་མྱོང་བ་བཅས་ཀྱི་ཁ་ཐུམ་མི་གཡུག་པ”སོགས“སྲིབ་ངོ་ཤང་སྐྱིད་རོང་མདའ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཐ་ཅིས་ཡིས་ཞིང་དུད་ལ་འཚོ་བའི་གོམས་གཤིས་བཟང་པོ་རྒྱུན་འཛིན་དང་ཁྱིམ་ཚང་གི་གཙང་སྦྲ་ལ་ཤུགས་སྣོན་རྒྱག་དགོས་པའི་ཁ་ཏ་སློབ་སྟོན་གནང་པ་རེད།
“སྔོན་ཆད་འཕྲོད་བསྟེན་གྱི་གོམས་གཤིས་ལ་དོ་སྣང་གཏན་ནས་བྱེད་ཀྱི་མེད། ད་ཐེངས་ཀྱི་རིམས་ནད་བརྒྱུད་འཕྲོད་བསྟེན་གྱི་གལ་ཆེའི་རང་བཞིན་གཞི་ནས་ཤེས་བྱུང་། ད་ཆ་ཁང་པ་ཡག་པོ་ཞིག་སྡོད་ཐུབ་པ་དང་། གྲོང་ཚོར་ཤང་གྲོང་གི་ཨར་འདམ་ལམ་ཤར་གཏོང་ཐུབ་པ། གྲོང་ཚོའི་རྣམ་པ་དང་ཁྱིམ་ཚང་གི་འཕྲོད་བསྟེན། མི་སྒེར་གྱི་འཕྲོད་བསྟེན་བཅས་ཚང་མ་ངེས་པར་དུ་གཙང་མ་ཡིན་དགོས”ཞེས་གྲོང་མི་ཐུབ་ཉིས་དེ་སྐད་ཟེར།
དེའི་རིང་། རྫོང་དེའི་གྲོང་ཁུལ་དུ་ཚན་པ་ཁག་གིས་འགན་འཁྲིའི་ལས་བགོས་གཞིར་བཟུང་སྤྱི་པའི་ས་ཁོངས་ཁག་བགོས་ཀྱིས་འགན་གཙང་ལེན་བྱས་ཏེ་གཞུང་ལས་སྒྲུབ་ཡུལ་དུ་གཙང་སྦྲ་བྱེད་པ་དང་། ཁྲོམ་གཞུང་གཙང་དག་བྱེད་པ། ཡུར་བུའི་གད་སྙིགས་འཐུ་བ་སོགས་ཚང་མ་བྲེལ་བ་ཧ་ཅང་ཆེན་པོ་འདུག་ལ། དེ་དང་ཆབས་ཅིག་རྫོང་དེའི་ཁོར་ཡུག་གཙང་སྦྲའི་བཟོ་པ་30ལྷག་ཙམ་གྱིས་གཙང་སྦྲ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལྷག་པར་དུ་ཁྲོན་བོད་གཞུང་ལམ་དང་བཅིངས་འགྲོལ་ཁྲོམ་གཞུང་སོགས་ཁྲོམ་གཞུང་གཙོ་བོ་དང་ལམ་དུམ་གཙོ་བོ12དང་དེ་བཞིན་ཚོང་ལས་ཁྲོམ་གཞུང་དང་ཐང་ཆེན་སོགས་མི་ཚོགས་མང་བའི་ས་ཆར་མི་མངགས་ནས་གཙང་འཕྱག་རླངས་འཁོར་མང་པོ་བཏང་སྟེ་གཞུང་ལམ་གཙོ་བོ་ཁག་ཏུ་འཁོར་སྐྱོད་གཙང་ཕྱགས་དང་།ཆུ་གཏོར་ཐལ་རྡུལ་མེད་པ་བཟོས་ནས་གྲོང་ཁུལ་གྱི་གད་སྙིགས་ཕུང་གསོག་མེད་པའི་འགན་ལེན་བྱས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་དྭངས་གཙང་དང་སྐྱིད་སྣང་དོད་པའི་གུང་གསེང་གི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།
གཅིག་སྡུད་བཅོས་སྒྲིག་བྱས་པ་བརྒྱུད་རྫོང་དེའི་རྫོང་གྲོང་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཇེ་ལེགས་སུ་ནུས་ལྡན་ཕྱིན་ནས་སྔར་བས་གཙང་ཞིམ་གྲལ་དག་པ། འཕྲོད་བསྟེན། སྐྱིད་སྣང་དོད་པའི་ལས་དོན་དང་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།