༄༅།།མི་ཚེ།
གངས་ཟེགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-29
གངས་ཟེགས།
བདག་གི་མི་ཚེ་ནི་རྩྭ་ལོ་ཞིག་ཡིན་ལ།
དེ་ལ་བརླན་གཤེར་མེད་ཀྱང་འདབ་ལོ་སྐྱེ་སྲིད།
བདག་གི་མི་ཚེ་ནི།
རྩྭ་ལོ་ཞིག་ཡིན་པས་རྩྭ་ལྷམ་ཞིག་ཀྱང་ཡིན།
ནམ་ཞིག་དེ་ཉིད་ཀྱིས་ང་རང་གཙང་དག་བྱ་ངེས་ཡིན།
བདག་གི་མི་ཚེ་ནི།
དཀོན་མཆོག་གིས་གནང་བ་མིན་ལ།
རང་ཉིད་ཀྱིས་བསྐྲུན་པའང་མིན།
བདག་གི་མི་ཚེ་ནི་ལྷིང་འཇགས་ཀྱི་སྐབས་ལ།
རང་གི་ངོ་གདོང་ལ་འོ་ཞིག་བྱེད་པ་དེ་ཁོ་ན་ཡིན།
《མི་ཚེ་》ཞེས་པ་ནི།
ཐ་སྙད་ཙམ་པོ་བ་ཞིག་ཡིན་པར་སྣང་།
བདག་གི་མི་ཚེ་ཡང་དེ་ལས་མ་འདས་སོ། །
རེད་དེ་བདག་གིས《མི་ཚེ་》ཞེས་པ་ནི།
རང་ཉིད་ལ་དགའ་བའི་བུ་མོ་ཞིག་གི་ཚུལ་དུ་བཞག་པ་ཡིན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1