མཚོ་སྔོན་ཚ་ཁྭའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་བསུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-06


          ཉེ་ཆར་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལམ་རྫོང་ཚྭ་ཁ་གྲོང་རྡལ་གྱི་ཚྭ་ཁའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་བསུས་ཤིང་།གསར་འགོད་པས་ཡུལ་སྐོར་བ་དང་མཉམ་དུ་གྲལ་སྒྲིག་ནས་མཛེས་ལྗོངས་ཁུལ་དུ་འཛུལ་ཏེ་མ་གཞི་མཛེས་ལྗོངས་ཁུལ་སྒོ་ཕྱེ་བའི་ཉིན་དང་པོར་ཞིང་ཆེན་གཞན་དུ་ཡུལ་སྐོར་བ་མང་པོ་ཡོང་མི་སྲིད་ཀྱང་ཡུལ་སྐོར་བ་དང་གླེང་མོལ་བྱས་ནས་མཚོ་སྔོན་གྱི་ས་གནས་དེ་གའི་ཡུལ་སྐོར་བ་ཕུད་ཧོ་ནན་དང་། ཅང་སུའུ།སི་ཁྲོན།ཧོ་པེ།ཅང་ཞི་སོགས་ཞིང་ཆེན་ནས་ཡོང་བའི་ཡུལ་སྐོར་པ་མི་ཉུང་བ་ཞིག་ཡོད་པ་ཤེས་རྟོགས་བྱུང་།ཚང་མ་མིང་གྲགས་ལ་བརྟེན་ནས་ཡོང་བ་རེད།གནམ་གྲུ་དང་མེ་ འཁོར་ལ་བསྡད་ནས་ཡོང་ཡོད་པ་དང་།རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་ལ་ཡོང་མཁན་ཡང་ཡོད་པ་རེད།

          ཧོ་ནན་ནས་ཡོང་བའི་ཡུལ་སྐོར་བ་མོང་ཧུའེ་ཡིས་གསར་འགོད་པར་ཁོང་ནི་ཞབས་བྲོའི་སྒྱུ་རྩལ་སློབ་གསོའི་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་མིག་སྔར་ད་དུང་ལས་ཀ་སླར་གསོ་བྱེད་ཐུབ་ཀྱི་མེད། སྔ་ས་ནས་ཚྭ་ཁ་མཛེས་ ལྗོངས་ཁུལ་དུ་ཡོང་ནས་ནམ་མཁའི་མེ་ལོང་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་འདོད་ཡོད།སྤྱི་ཟླ་4་ཚེས་26་ཉིན་ཚྭ་ཁྭ་མཛེས་ལྗོངས་ཁུལ་སྒོ་ཕྱེ་བ་ཤེས་རྗེས་ནང་མི་དང་མཉམ་དུ་སྔ་སྣུར་དུ་ཡོང་ནས་མཛེས་ལྗོངས་ཁུལ་གྱི་ད་ལོའི་ཡུལ་སྐོར་བ་ཁག་དང་པོར་གྱུར་པ་རེད། མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཧ་ཅང་ཞིབ་ཚགས་ཡིན་པས་ངོ་མ་ཡག་པོ་འདུག་ཅེས་གསུངས།

          ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་བསྐྱོད་སྐབས་ལ་ལས་མེ་འཁོར་ཆུང་གྲས་ནང་བསྡད་དེ་ ཐད་ཀར་ལྟེ་བའི་མཛེས་ལྗོངས་ཁུལ་དུ་བསྐྱོད་རྒྱུ་དང་ལ་ལས་ཚྭ་ཟམ་གྱི་རྐང་ཐང་ལམ་བུ་ བརྒྱུད་རྐང་ཐང་མར་བསྐྱོད་དེ་ལམ་བར་དུ་མཛེས་ལྗོངས་ལ་རོལ་མྱོང་བྱེད་ཀྱི་ཡོད།

          ཚྭ་ཁའི་མཛེས་ལྗོངས་ཁུལ་གྱི་སྤྱི་ཁྱབ་འགོ་འཛིན་ལི་ཅན་ཁང་གིས་ད་ལོ་མཛེས་ལྗོངས་ཁུལ་དེ་མཚོ་སྙིང་དུ་སྣུར་སྲིང་བྱས་ནས་མཛེས་ལྗོངས་ལྟ་ཁུལ་དང་ལས་སྟེགས་གསར་སྣོན་བྱས་ པས་ཡུལ་སྐོར་བས་མཁའ་དབྱིངས་ཀྱི་མེ་ལོང་ཉམས་ལེན་བྱེད་པའི་ས་ཁོངས་དེ་བས་རྒྱ་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་།ཡུལ་སྐོར་བར་ཡུལ་ལྗོངས་ལ་ལྟ་བའི་མྱོང་ཚོར་དེ་ བས་ལེགས་པ་ཡོང་བ་བྱེད་དགོས་ཞེས་གསུངས།
          ཚྭ་ཁ་ཚྭ་མཚོའི་མཛེས་ལྗོངས་ཁུལ་དུ་སྒོ་ཕྱེ་ནས་བསུས་པའི་ཡུལ་སྐོར་བ་ཁག་དང་པོའི་ཁྲོད་གསར་འགོད་པས་ད་དུང་པར་རྒྱག་རྒྱུར་དགའ་པོ་བྱེད་མཁན་དང་དྲ་ཐོག་གི་མི་སྣ་གྲགས་ཅན་མང་པོ་མཐོང་བྱུང་བས་པར་རྒྱག་པ་དང་བརྙན་ལེན་གསར་རྩོམ་བྱེད་པར་ཡོང་བ་ ཡིན།མཛེས་ལྗོངས་ཁུལ་སྒོ་ཕྱེ་བའི་ཉིན་དེར་མཛེས་ལྗོངས་ཁུལ་གྱིས་ད་དུང་དྲ་རྒྱའི་སྨྱན་ སྦྱོར་གསར་པ་དང་དྲ་ཐོག་གི་གྲགས་ཅན་མི་སྣ་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཡོངས་ཀྱི་ གྲོང་ཁྱེར་135གྱི་སྟེགས་བུ་མང་པོ་དང་མཉམ་འབྲེལ་བྱས་ནས་དུས་གཅིག་ཏུ་ཐད་གཏོང་བྱས་པ་དང་ཆུ་ཚོད་གསུམ་ཙམ་རིང་སྨྱན་སྦྱོར་ཡོངས་ཀྱིས་ཐད་གཏོང་བྱས་ནས་རྒྱལ་ཡོངས་ཀྱི་དྲ་དམངས་ལ་དྲ་སྦྲེལ་བརྒྱུད་ཕྱོགས་ཡོངས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་ཉམས་ལེན་བྱེད་དུ་བཅུག་པ་རེད།

          ནུབ་རྒྱུད་གཏེར་ལས་ཚོགས་པའི་སྤྱི་གཉེར་གཞོན་པ་ཀྲོའུ་ཀན་གྱིས་ད་ལོ་ཚྭ་ཁ་མཚེའུ་ མཛེས་ལྗོངས་ཁུལ་དུ་གཟིགས་སྐྱོང་སྲིད་ཇུས་གསར་པ་ཁག་གཅིག་བཏོན་ཡོད་ཅེས་ངོ་སྤྲོད་བྱས་ཏེ།མཛེས་ལྗོངས་ཁུལ་སྒོ་ཕྱེ་བའི་ཉིན་ནས་སྤྱི་ཟླ་6ཚེས་30ཉིན་བར་ཡུལ་སྐོར་བ་ཡོངས་ལ་སྒོ་འཛིན་སྤྲོད་མི་དགོས་པ་བཟོས་པ་དང་སྤྱི་ཟླ་7ཚེས་1ཉིན་ནས་བཟུང་རྒྱལ་ཁབ་ཀྱི་ ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་གུང་གསེང་ཉིན་མོ་དང་སྤྱི་པའི་ངལ་གསོའི་ཉིན་ མོའི་སྒོ་འཛིན་ལ་ལོ་ཧྲིལ་པོར་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་རེད་ཅེས་གསུངས།

          ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་སྨན་དོན་ལས་བྱེད་པ་དང་།ཧུའུ་པེ་ནས་ཡིན་པའི་སྨན་དོན་མི་སྣ། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱིས་ཝུའུ་ཧན་དུ་བསྐྱོད་པའི་སྨན་དོན་མི་སྣ་དང་ མཉམ་དུ་མཛེས་ལྗོངས་ཁུལ་དུ་ཡོང་བའི་ཁྱིམ་མི་གཉིས་དང་།ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ།་ཧུའུ་པེ་ནས་ཡིན་པའི་སློབ་གྲྭ་བ།མཚོ་སྔོན་ནས་ཡིན་པའི་ཡུལ་སྐོར་བ་བཅས་ལ་སྒོ་འཛིན་སྤྲོད་མི་དགོས།
          གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན་ཚྭ་ཁའི་མཛེས་ལྗོངས་ཁུལ་དུ་སྒོ་ཕྱེ་ནས་ཚྭ་ཁ་གྲོང་རྡལ་གྱི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་1100་ལྷག་ཙམ་ལ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་མགྲོན་ཁང་དང་ཟ་ཁང་མང་པོ་ཞིག་གིས་དུས་གཅིག་ཏུ་སྒོ་ཕྱེ་ནས་མགྲོན་པོ་བསུ་བཞིན་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1