ལས་བཟོ་བ་ཚོ་ཝེ་ཀྲོའུ་གྲོང་རྡལ་ཆི་ཕན་ཀོའུ་གྲོང་སྡེའི་ལས་སྣོན་ཁང་དུ་ལས་ལ་བྲེལ་བཞིན་པ།
ལག་གཡས་ཞ་བའི་ཝང་ཕུན་གྱིས་གཟབ་ནན་སྒོས་ལས་སྣོན་བྱེད་བཞིན་པ།
རྔ་བའི་གསར་འགྱུར་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། 2019ལོ་ནས་བཟུང་། ཝུན་ཁྲོན་རྫོང་གིས་རྒྱུ་ཆ་ལྡན་པའི་དབུལ་སྐྱོར་ལས་སྣོན་ཐོན་ལས་ཤུགས་ཆེན་གྱིས་སྤེལ་ནས། དབུལ་སྐྱོར་ལས་སྣོན་ཁང་34བསྐྲུན་ཡོད་ལ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཚང་མར་ཁེབས་ཡོད། ད་བར་དུ། རྒྱུ་ཆ་ལྡན་པའི་དབུལ་སྐྱོར་ལས་སྣོན་ཁང་གིས་སྲུབས་མེད་དོར་ཐུང་ཁྲི་350ཐོན་སྐྱེད་བྱས་ཤིང་། ཡོང་འབབ་སྒོར་ཁྲི་280ལོན་པ་དང་། ས་གནས་ཀྱི་མང་ཚོགས་1000ལྷག་གིས་རང་ཡུལ་ནས་ལས་ཞུགས་ཐུབ་པ་དང་། དེའི་ཁྲོད་དབུལ་བོ་163ཡོད།