ཟླ5བའི་ཚེས22ཉིན་གྱི་སྔ་དྲོ་ཆུ་ཚོད9བར། ཧུང་ཡོན་རྫོང་གི་ཡུལ་གྲོང་སོ་སོའི་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་དག་གི་ལས་བྱེད་ལས་བཟོ་བ་རྣམས་ཀྱིས་མཉམ་དུ་བརྙན་འཕྲིན་དང་རླུང་འཕྲིན། དྲྭ་བ་སོགས་བརྒྱུད་དེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཐད་གཏོང་ལ་བལྟས་པ་དང་། མཐུན་སྒྲིལ་དང་འཆམ་མཐུན། ཡར་བསྐྱེད་ཀྱི་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་གཡུར་དུ་ཟ་བའི་འབྲས་བུར་མྱོང་ཚོར་བྱས།
རྒྱུས་ལོན་བྱས་པ་ལྟར་ན། ཁྱུང་མཆུ་གྲོང་རྡལ་ར་སྐོར་སྡེ་བར། ལས་བྱེད་མང་ཚོགས་རྣམས་ནངས་སྔ་མོ་ནས་སྡེ་བའི་བྱ་འགུལ་ཁང་དུ་འཛོམས་ནས་མཉམ་དུ་བརྙན་འཕྲིན་བརྒྱུད་ནས་ཚོགས་མགོ་བརྩམ་པའི་ཐད་གཏོང་ལ་བལྟས་ཤིང་། ལོ་ངོ་འདིའི་རིང་དུ། གྲངས་ཉུང་མི་རིགས་ས་ཁུལ་ཞིག་ལ་མཚོན་ན། མང་ཚོགས་ཀྱིས་སེམས་ཁུར་བྱེད་ས་ཆེ་ཤོས་ནི་རྒྱལ་ཁབ་ཀྱིས་ཞིང་འབྲོག་གཞི་རིམ་ས་ཁུལ་དུ་རོགས་སྐོར་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ཀྱི་སྲིད་ཇུས་ཀྱི་ཁ་ཕྱོགས་དེ་ཡིན་ལ། ཁོ་ཚོས་ཞིང་ལས་ཐོན་རྫས་གལ་ཆེན་དག་གི་མཁོ་སྤྲོད་ལ་འགན་སྲུང་ཡོད་ནས་ཞིང་བའི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་པའི་སྙན་ཞུ་དེ་རྒྱུས་ལོན་བྱས་རྗེས། སེམས་འགུལ་དང་སྐུལ་མ་ཚད་མེད་ཐེབས།
2016ལོར། ར་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐར་མའི་སྣེ་ཁྲིད་ཀྱི་འོག་ནས། ར་སྐོར་སྡེ་བས་འབྲོག་པ་མང་ཚོགས་རྩ་འཛུགས་བྱས་སྟེ། ཧུར་བརྩོན་གྱིས་རང་སྐོར་ཡུལ་སྐོར་རྟེན་གཞི་དང་ཡུལ་གྲོང་ཡུལ་སྐོར་ལས་རིགས་དེ་ཆེ་ཆེར་སྤེལ་ནས་དབུལ་ཞྭ་རྨང་ནས་ཕུད་ཐུབ་པ་དང་རང་སྡེ་བའི་དབུལ་སེལ་འགག་སྒྲོལ་གྱི་ལས་འགན་དེ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་སོང་། སྡེ་བ་ཡོངས་ཀྱི་མང་ཚོགས་རྣམས་ཀྱི་ཆ་སྙོམས་ཡོངས་འབབ་དེ་དབུལ་སེལ་སྔོན་གྱི་སྒོར2000ནས་ད་སྐབས་སྒོར6000ལ་འཕར། ཁོས་སྙན་ཞུའི་ཁྲོད་ཀྱི་དབུལ་སེལ་འགག་སྒྲོལ་དང་ཡུལ་གྲོང་དར་རྒྱས་ཐད་ཀྱི་ལག་ལེན་བྱ་ཐབས་སོགས་རྒྱུས་ལོན་བྱས་རྗེས། ར་སྐོར་སྡེ་བའི་འབྱུང་འགྱུར་ལ་ཡིད་ཆེས་དཔག་མེད་ཁེངས།