ཀྲུང་གོའི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཟླ་5ཚེས་25ཉིན། བོད་ལྗོངས་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་གསལ། ནོར་བུ་གླིང་ཁར་གཉེར་འགོ་ཚུགས་པའི་གོ་རིམ་ལྡན་ཤོས་དང་ཁྱོན་ཡོངས་ཀྱི་ལྡེབས་རིས་ཉམས་གསོའི་རྣམ་གྲངས། མིག་སྔར་60%ལེགས་འགྲུབ་ཟིན་ཡོད།
ནོར་བུ་གླིང་ཁའི་རིག་དངོས་ཚན་ཁག་གི་ལས་དོན་མི་སྣ་འཆི་མེད་རྡོ་རྗེས་ངོ་སྤྲོད་བྱས་དོན། ནོར་བུ་གླིང་ཁའི་ལྡེབས་རིས་སྲུང་སྐྱོང་ཉམས་གསོའི་ལས་གྲྭའི་རྣམ་གྲངས་ལ་2016ལོར་ཀྲུང་གོ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཆན་འགོད་བཀའ་ལན་གནང་བ་དང་། 2017ལོར་ཀྲུང་དབྱང་གིས་མི་དམངས་ཤོག་སྒོར་ཁྲི་284བཏང་ནས། ཏུན་ཧོང་ཞིབ་འཇུག་ཁང་གི་རིག་དངོས་སྲུང་སྐྱོང་ལག་རྩལ་ཞབས་ཞུ་ལྟེ་གནས་མངགས་ཏེ་ཉམས་གསོ་བྱས་པ་རེད།
2018ལོའི་ཟླ་8པར། རྣམ་གྲངས་འདི་སྤེལ་འགོ་ཚུགས་པ་རེད། ཡིན་ནའང་། ཁོར་ཡུག་གི་དྲོད་ཚད་དབང་གིས། 2019ལོའི་ཟླ་5པ་ནས་བཟུང་དངོས་སུ་ཉམས་གསོ་ལག་བསྟར་བྱས་པ་རེད། མིག་སྔའི་བར། རྟག་བརྟན་མི་འགྱུར་ཕོ་བྲང་དང་། སྤྱན་གསལ་ཕོ་བྲང་། བསྐལ་བཟང་ཕོ་བྲང་སོགས་ཀྱི་ལྡེབས་རིས་ཉམས་གསོའི་ལས་དོན་ལེགས་འགྲུབ་ཟིན་ཡོད་པ་དང་། ཉམས་གསོའི་རྒྱ་ཁྱོན་སྨི་གྲུ་བཞི་མ་600ལྷག་ཟིན་ཡོད།
འདིའི་སྔོན་དུ། བོད་ལྗོངས་སུ་གཙོ་གནད་རིག་དངོས་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་འགོ་བརྩམས་པ་དང་། 2003ལོར་ནོར་བུ་གླིང་ཁའི་ལྡེབས་རིས་ཁག་ཅིག་ཉམས་གསོ་བྱས་པ་དང་། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཉམས་གསོ་བྱེད་ཐེངས་དང་པོ་ཡིན་པ་རེད།