འབྲས་སྤུངས་ཀླུ་འབུམ་དུས་ཆེན་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18



    འབྲས་སྤུངས་ཀླུ་འབུམ་དུས་ཆེན་ནི་ལོ་རེའི་བོད་ཟླ་བདུན་པའི་ཚེས་བརྒྱད་ཉིན་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་དུ་སྤེལ་བའི་ཆོས་ཀྱི་མཛད་སྒོ་ཁྱད་པར་བ་ཞིག་ཡིན། བཤད་རྒྱུན་དུ། སྔར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དབྱར་གནས་ཀྱི་སྐབས་ཤིག་ལ། རང་གི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་གྱི་གདན་ས་དཔལ་ལྡན་འབྲས་སྤུངས་དགོན་ལ་ཕེབས་ནས་ཚོགས་དབུར་བཞུགས་པར། རྗེའི་ཐུགས་སྲས་མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་དང་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གཉིས་ཀྱིས་ཚོགས་བཞེངས་ཀྱི་ཆོས་རྩོད་མཛད་སྐབས། ད་ལྟའི་ཀླུ་འབུམ་ཁང་གི་ཕྱོགས་ནས་ཀླུ་འབུམ་ཕྲག་ཅིག་གིས་དད་འབུལ་ཕྱག་མཆོད་མཛད་པས། གནས་དེར་རྗེས་སུ་ཀླུ་འབུམ་མཆོད་རྟེན་གཉིས་བཞེངས་པ་རེད་ཟེར། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱི་གདུང་རྟེན་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ནུབ་ངོས་སུ་བཞུགས་ཡོད་པས། བོད་ཟླ་བདུན་པའི་ཚེས་བརྒྱད་ཀྱི་ཉིན། ལྷ་ས་གྲོང་ཁྱེར་གྱི་དད་ལྡན་མང་ཚོགས་དང་དགོན་པའི་ཉེ་འདབས་ཀྱི་མཇལ་བ་རྣམས་འཚང་ཁ་ཤིག་ཤིག་གིས་འབྲས་སྤུངས་དགོན་པར་བསྐྱོད་དེ་གདུང་རྟེན་ལ་མཆོད་མཇལ་ཞུ་སྲོལ་ཡོད།
 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1