གཅིག ལུས་རྩལ་སྦྱོང་བརྡར་བྱས་ན་རུས་སྒྲོམ་ལ་ཕན།
ལུས་རྩལ་སྦྱོང་བརྡར་བྱེད་དུས། རུས་འབྱར་ཤ་གནད་ཀྱིས་རུས་པ་འཐེན་པ་དང་མནན་པས། རུས་པའི་ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་གཏོང་བ་དང་། རུས་པའི་ཪྙིང་ཚབ་གསར་བྱེད་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པས། རུས་སྒྲོམ་ལ་མཁོ་བའི་འཚོ་བཅུད་སྣ་ཚོགས་འདོན་སྤྲོད་བྱེད་ཐུབ། རུས་སྒྲོམ་གྱི་རྣམ་པ་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། རུས་སྒྲོམ་གྱི་ནུས་པའང་ཇེ་མཐོར་གཏོང་ཐུབ། ན་གཞོན་ལོ་ཆུང་ཚོར་མཚོན་ན། དུས་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་བྱས་ན་གཟུགས་སྐྱེ་བར་ཕན་པ་ཡོད་པ་དང་གསང་རྒྱུད་ཟགས་གཤེར་ཕྱོགས་སུའང་ཕན་པ་ལྡན། རུས་སྒྲོམ་སྐྱེ་བར་ཡར་སྐུལ་གཏོང་ཐུབ་པས་གཟུགས་སྐྱེས་པའི་ཐད་ནུས་པ་ལེགས་པོ་ཡོད། སྟོད་སྒུར་ནད་དང་རུས་སྙིའི་ནད། དེ་མིན་རུས་སོབ་ནད་བཅས་སྔོན་འགོག་བྱེད་ཐུབ།
གཉིས། ལུས་རྩལ་སྦྱོང་བརྡར་བྱས་ན་རུས་ཚིགས་ལ་ཕན།
ཚན་རིག་དང་མཐུན་པ་དང་མ་ལག་ཅན་གྱི་སྒོ་ནས་ལུས་རྩལ་སྦྱོང་བརྡར་བྱས་ན། རུས་ཚིགས་ཀྱི་གཏན་འཇགས་རང་བཞིན་ཇེ་མཐོར་གཏོང་ཐུབ་པར་མ་ཟད། ད་དུང་རུས་ཚིགས་མཉེན་ཞིང་སྲ་བར་བསྒྱུར་ཐུབ།
གསུམ། ལུས་རྩལ་སྦྱོང་བརྡར་བྱས་ན་རུས་འབྱར་ཤ་གནད་ལ་ནུས་པ་ལེགས་པོ་ལྡན།
མིའི་ལུས་པོའི་འགུལ་སྐྱོད་ཚང་མ་ནི་རུས་འབྱར་ཤ་གནད་ཀྱི་འགུལ་སྐྱོད་ཡིན་པས། སྦྱོང་བརྡར་བྱེད་དུས། ཤ་གནད་འགུལ་སྐྱོད་བྱེད་ཚད་ཇེ་ཆེར་འགྲོ་བས། ཤ་གནད་ནང་གི་ཁྲག་རྩ་ཕྲ་མོ་མང་ཆེ་བའི་ཁྲག་རྒྱུག་ཚད་དུས་རྒྱུན་ལས་ལྡབ20ནས50ཇེ་མགྱོགས་སུ་འགྲོ་བ་དང་བཅུད་ལྡན་དངོས་རྫས་ཟད་པ་དང་སྡུད་ལེན་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་འགྲོ་བས། ཤ་གནད་ཀྱང་རིམ་བཞིན་ཇེ་ཆེ་དང་ནུས་ལྡན་དུ་འགྲོ་སྲིད།
བཞི། ལུས་རྩལ་སྦྱོང་བརྡར་བྱས་ན་སྐྱེ་གཟུགས་སྔར་ལས་ཇེ་ཡག་ཏུ་ཡོང་ཐུབ།
སྐྱེས་པའི་གཟུགས་སྟོབས་ཆེ་བ་དང་སྐྱེས་མའི་སྐྱེ་གཟུགས་ཕྲ་ཞིང་ལྡེམ་པ།རྣམ་པ་ཡག་པོ་ཞིག་ལྡན་པ།གཤིས་རྒྱུད་ཁྱད་འཕགས་ཅན་ཡོད་པ་བཅས་ནི་ཕྱོགས་བསྡུས་རང་བཞིན་གྱི་མི་ལུས་ཀྱི་མཛེས་ཆ་ཞིག་ཡིན།དེ་བས་སྐྱེ་གཟུགས་དང་རྣམ་པ་ཡག་པོ་ཞིག་རྒྱུན་སྲུང་བྱེད་འདོད་ན་ལུས་རྩལ་སྦྱོང་བརྡར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།དེ་བས་ང་ཚོས་དུས་རྒྱུན་དུ་རང་ཉིད་ཀྱི་གཟུགས་གཞི་དང་ལུས་པོའི་གནས་ཚུལ་ལྟར་རང་ལ་འཕྲོད་པའི་ལུས་རྩལ་སྦྱོང་བརྡར་བྱེད་དགོས།
ལྔ། ལུས་རྩལ་སྦྱོང་བརྡར་བྱས་ན་སྙིང་ཁམས་ཁྲག་རྩ་ལ་ཕན།
ལུས་རྩལ་སྦྱོང་བརྡར་བྱེད་དུས། ལུས་པོའི་ནུས་ཤུགས་ཟད་ཚད་དང་ཪྙིང་ཚབ་གསར་བྱེད་ཚད་ཇེ་མང་དུ་འགྲོ་བས། སྙིང་གི་ལས་འགན་ཇེ་ལྗིད་ལ་འགྲོ་བ་སྟེ། ཁྲག་རྒྱུན་འཁོར་རྒྱུག་ཇེ་མགྱོགས་སུ་སོང་བས། དབྱང་དབུགས་དང་ཟས་བཅུད་སོགས་ཀྱིས་ལུས་པོའི་དགོས་མཁོ་འདོན་སྤྲོད་བྱས་པ་དང་། དབྱང་གཉིས་ཐཱན་འགྱུར་སོགས་གློ་བ་དང་མཁལ་མ་བརྒྱུད་དེ་ལུས་པོའི་ཕྱི་རུ་སྐྱེལ་བཞིན་པས། སྙིང་དང་ཁྲག་རྩ་མ་ལག་གི་ནུས་པ་ལེགས་བཅོས་ཐོབ་པ་རེད།
རྐང་ཐང་དུ་འགྲོ་བ་དང་རྒྱུག་པ་ནི་སྙིང་ཁམས་དང་ཁྲག་རྩ་མ་ལག་སྦྱོང་བརྡར་བྱེད་པའི་ཆེས་སྟབས་བདེ་དང་ཆེས་ནུས་ལྡན་གྱི་འགུལ་སྐྱོད་ཅིག་ཡིན་ལ། དམིགས་གསལ་ཅན་གྱི་དབྱང་ལྡན་འགུལ་སྐྱོད་ཅིག་ཀྱང་ཡིན་པས། དེ་ལྟར་འགུལ་སྐྱོད་བྱས་ན་སྙིང་ཁམས་དང་གློ་བའི་ནུས་པ་ཇེ་མཐོར་གཏོང་ཐུབ་པ་དང་། ན་ཆུང་བྱིས་པར་མཚོན་ན་འཚར་ལོངས་དང་བདེ་ཐང་གི་ཕྱོགས་ལ་ཕན་པ་ལྡན། རྒྱང་རྒྱུག་སྦྱོང་བརྡར་བྱེད་དུས། ལོ12ནས14ཅན་གྱི་སློབ་མར་མཚོན་ན་ཐེངས་རེའི་རྒྱང་རྒྱུག་སྨི1500ཙམ་ཡིན་ན་རན་ཞིང་། ལོ་ཚད15ནས17བར་གྱི་སློབ་མར་མཚོན་ན་ཐེངས་རེར་སྨི3000ཡས་མས་རྒྱུག་ན་རན་པ་ཡིན། རྒྱང་རྒྱུག་སྦྱོང་བརྡར་ནི་གཟའ་འཁོར་རེར་ཐེངས3ཡན་ཆད་རྒྱུག་དགོས་པ་དང་། མགྱོགས་ཚད་རན་པ་ཙམ་ཡིན་ན་ལགས།སྙིང་གི་ལྡིང་ཚད་སྐར་མ་རེར་ཐེངས130ནས150བར་ཚོད་འཛིན་བྱེད་དགོས། རྒྱང་རྒྱུག་བྱས་རྗེས་ལུས་པོ་བདེ་ཞིང་སེམས་ཁམས་བདེ་བ། ཟས་ལ་དང་ག་ཡོད་པ། གཉིད་ཡོང་བ་བཅས་རེད། ཆམ་ནད་བྱུང་བ་དང་ཚ་རྒྱས་པ། ཁོག་པ་བཤལ་བ། ཟླ་མཚན་ཡོང་བ་བཅས་ཀྱི་སྐབས་སུ་རྒྱང་རྒྱུག་བྱེད་མི་རུང་། རྒྱང་རྒྱུག་བྱེད་དུས་གྲང་བའི་ཚོར་བ་མིད་ཅིང་རྔུལ་ཆུ་ཡང་མང་པོ་བཞུར་དུ་མ་བཅུག་ན་བཟང་། གྱོན་པ་དྲོན་པོ་གོན་ནས་ཆམ་ནད་འབྱུང་བ་སྔོན་འགོག་བྱེད་དགོས།
དྲུག ལུས་རྩལ་སྦྱོང་བརྡར་བྱས་ན་དབུགས་ལམ་མ་ལག་ལ་ཕན།
མིའི་ལུས་པོ་འགུལ་སྐྱོད་བྱས་ན་ལུས་སྟེང་གི་ནུས་ཤུགས་ངེས་ཅན་ཞིག་ཟད་འགྲོ་མོད། འོན་ཀྱང་ནུས་ཤུགས་ཀྱི་ཡོང་ཁུངས་ནི་ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་དང་སྤྲི་དཀར་གྱི་བཅུད། ཚིལ་བཅས་ཕྲ་ཕུང་གི་ནང་ནས་དབྱང་གཉིས་ཐཱན་འགྱུར་དུ་གྱུར་ནས་ནུས་ཤུགས་འབོར་ཆེན་བྱུང་བ་དེ་རེད།
ལུས་རྩལ་སྦྱོང་བརྡར་བྱེད་དུས་ཤ་གནད་ཀྱི་འགུལ་སྐྱོད་ཇེ་མང་དུ་སོང་བས་ལུས་པོའི་ནུས་ཤུགས་འབོར་ཆེན་ཟད་འགྲོ། དེ་བས་དབྱང་དབུགས་འབོར་ཆེན་ཕྱུང་རྗེས་དབྱང་གཉིས་ཐཱན་འགྱུར་མང་པོ་རྔུབ་པ་ཡིན་པས། དབུགས་འབྱིན་རྔུབ་མ་ལག