རང་རྒྱལ་གྱིས་འཛམ་གླིང་དང་སེམས་ཁམས་རིག་པའི་ཐད་ནས་རིམས་འགོག་བྱེད་པའི་ཉམས་མྱོང་མཉམ་སྤྱོད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-04



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་30ཉིན་གྱི་དགོང་མོ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཀྱི་རྒྱལ་སྤྱིའི་སེམས་ཁམས་རིག་པའི”དྲ་ཐོག་གླེང་སྟེགས་ཐོག་ཀྲུང་གོའི་སེམས་ཁམས་རིག་པའི་ལས་རིགས་ཀྱིས་རྒྱལ་ཁབ་ཁག་གི་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་རིམས་འགོག་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། རིགས་གཅིག་མཁས་ཅན་ཚོས་སེམས་ཁམས་རིག་པས་རིམས་འགོག་ཁྲོད་འདོན་པའི་ནུས་པ་དང་། རྒྱལ་སྤྱིའི་ཚན་ཞིབ་མཉམ་ལས། དེ་བཞིན་རིམས་ནད་ལས་ཐོན་པའི་བསམ་གཞིག་སོགས་ཀྱི་གྲོས་འགོར་དམིགས་ནས་གྲོས་བསྡུར་བྱས་པ་རེད།
     ཀྲུང་གོའི་སེམས་ཁམས་རིག་གཞུང་སློབ་ཚོགས་ཀྱི་ལས་འཛིན་དཔོན་ཧན་པུའུ་ཤིན་གྱིས་གླེང་སྟེགས་ཐོག་འདས་ཟིན་པའི་ཟླ་བ་བཞིའི་ནང་ཀྲུང་གོས་འཐབ་ས་མདུན་མར་སེམས་ཁམས་སྨན་བཅོས་རུ་ཁག་མངགས་པ་དང་། དྲ་ཐོག་ནས་སྨན་བཅོས་བྱེད་པ། སེམས་ཁམས་རིག་པའི་ཤེས་བྱ་དང་རྩལ་ནུས་ཀྱི་ཆེད་དོན་འཆད་ཁྲིད་གཉེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཚོར་རིམས་ནད་ཐོན་རིང་་སེམས་ཁམས་རིག་པའི་ཐད་ཀྱི་རོགས་སྐྱོར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1