༄༅།།ཞྭ་མོ་འདི་གལ་ཆེན་ཡིན་དོན་ཁྱེད་ཀྱིས་ཤེས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-09


        སྦག་སྦག་དང་གློག་སྒུལ་རྐང་འཁོར་ལ་ཞོན་མཁན་དང་གཏོང་མཁན་དང་། རླངས་འཁོར་གཏོང་མཁན་དང་དེའི་ནང་སྡོད་མཁན་བཅས་ཀྱི་བདེ་འཇགས་འགོག་སྲུང་གི་ཆུ་ཚད་མཐོ་རུ་བཏང་སྟེ། འགྲིམ་འགྲུལ་ལས་འཛོལ་གྱི་མི་སྣ་ཤི་ཚད་ཉུང་དུ་ནུས་ལྡན་གཏོང་ཆེད། ཉེ་ཆར། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་སུ་“བདེ་འཇགས་ཞྭ་མོ་གཅིག་དང་ཉེན་ཐག་གཅིག”གི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་སྤེལ་རྒྱུ་སྒྲིག་འཛུགས་བྱས་པ་རེད།
        བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྦག་སྦག་དང་། གློག་སྒུལ་རྐང་འཁོར། རླངས་འཁོར་ཆུང་གྲས་བཅས་ནི་འགྲིམ་འགྲུལ་ལས་འཛོལ་སྐབས་འདས་གྲོངས་ཐོན་མང་ཤོས་ཀྱི་འཁོར་རིགས་ཡིན་ལ། སྦག་སྦག་དང་གློག་སྒུལ་རྐང་འཁོར་གྱི་ཤི་རྐྱེན་ལས་80%ཙམ་ནི་ཀླད་ཁྱིམ་ལ་བརྡབས་སྐྱོན་ཤོར་ནས་ཤི་བ་ཡིན་པ་དང་། རླངས་འཁོར་ལས་འཛོལ་ཁྲོད་ཉེན་ཐག་མ་བཅིངས་བའི་རྐྱེན་གྱིས་ཤི་རྨས་བྱུང་ཚད་ཧ་ཅང་མང་པོ་ཡོད་པ་རེད། འབྲེལ་ཡོད་ཞིབ་འཇུག་ལས་མངོན་པར་གཞིགས་ན། བདེ་འཇགས་ཞྭ་མོ་ཡག་པོ་གྱོན་པ་དང་ཉེན་ཐག་ཡག་པོ་བཅིངས་ན་འགྲིམ་འགྲུལ་ལས་འཛོལ་གྱི་ཤི་ཚད་60%ནས་70%ཡི་བར་ཉུང་དུ་བཏང་སྟེ། མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་ལྡན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1