ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་200ལས་བརྒལ་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-15
ཟླ་6ཚེས་10ཉིན། ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་10ཉིན་སྤེལ་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྡོམ་རྩིས་གྲངས་གཞི་ལས་མངོན་གསལ། ཨ་རིར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་200ལས་བརྒལ་ཡོད།
གྲངས་གཞི་ལས་མངོན་གསལ། ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་10ཉིན་གྱི་ཆུ་ཚོད་23དང་སྐར་མ་33ཐོག(པེ་ཅིང་གི་དུས་ཚོད་ཚེས་11ཉིན་གྱི་ཆུ་ཚོད་11དང་སྐར་མ་33ཐོག) ཨ་རིར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་2000464ཟིན་པ་དང་། གྲོངས་པའི་ནད་དཔེ་ཁྱོན་112924ཟིན་ཡོད།
ཨ་རིའི་རིམས་ནད་ཐོན་ཚབས་ཆེ་ཤོས་ཀྱི་ཉིའུ་གཡོད་མངའ་སྡེར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་380156ཟིན་པ་དང་། གྲོངས་པའི་ནད་དཔེ་ཁྱོན་30542ཟིན་ཡོད། གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་10ལས་བརྒལ་བའི་མངའ་སྡེར་ད་དུང་ཤིན་ཙེ་ཤིས་མངའ་སྡེ་དང་། ཅ་ལི་ཧྥུ་ནི་ཡ་མངའ་སྡེ། དབྱི་ལི་ནའོ་དབྱི་མངའ་སྡེ། མཱ་སད་ཀྲོའུ་སེ་མངའ་སྡེ་བཅས་ཡོད་པ་རེད།