ཚོགས་ར་གཙོ་བོའི་བྱེད་སྒོའི་ཁྲོད་ཀྱི“མཚོ་སྔོན་གྱི་འཚེམ་དྲུབ”དངུལ་ཁུག་གི་འགྲེམས་ཆེན་དང་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་མཚོ་སྔོན་གྱི་འཚེམ་དྲུབ་དངུལ་ཁུག་གི་དྲ་ཐོག་དཔྱད་འདེམས་བྱེད་སྒོས། “མཚོ་སྔོན་གྱི་འཚེམ་དྲུབ”དངུལ་ཁུག་ཐོན་རྫས་ཆིག་ཁྲི་ལྷག་ཙམ་དྲ་ཐོག་དང་དྲ་ཕྱི་ནས་འགྲེམས་ཚོང་བྱེད་པའི་ཡིད་དབང་བཀུག་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོར་རིམ་པ་ཁག་དང་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་33དང་། ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས་རིགས་8 མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་རིགས་7 རིག་གནས་གསར་གཏོད་ཀྱི་ཐོན་རྫས་རིགས་16 རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་48 ཁེ་ལས་ཚན་པ་86བཅས་འགྲེམས་སྟོན་ནང་ཞུགས་ནས་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་། ཡང་དག་གི་འཛད་སྤྱོད་བྱེད་པ། དཔལ་འབྱོར་སླར་གསོ་བྱེད་པ་བཅས་ལ་རིག་གནས་ཀྱི་སྟོབས་ཤུགས་བསྣན་ཡོད་པ་རེད།