ནོར་བུ་གླིང་ཁའི་ད་ཡོད་ཀྱི་ལྡེབས་རིས་སྲུང་སྐྱོང་སྔར་བས་ཡག་པོ་བྱ་ཆེད། 2017ལོར་ཀྲུང་དབྱང་གིས་མ་དངུལ་སྒོར་ཁྲི་284བཏང་ནས་ཉམས་གསོ་བྱེད་དུ་བཅུག་པ་དང་། “ནོར་བུ་གླིང་ཁའི་རྟག་བརྟན་མི་འགྱུར་ཕོ་བྲང་སོགས་ཕོ་བྲང་བཞིའི་ལྡེབས་རིས་ཁག་གཅིག་སྲུང་སྐྱོང་ཉམས་གསོའི་ལས་གྲྭ”2019ལོའི་ཟླ་ལྔ་པར་སྤེལ་འགོ་ཚུགས་ཤིང་། ཐེངས་འདིའི་ལྡེབས་རིས་ཉམས་གསོ་ལས་གྲྭ་ནི་2003ལོའི་བོད་ཀྱི་གཙོ་གནད་རིག་དངོས་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་སྤེལ་རྗེས་ནོར་བུ་གླིང་ཁའི་ལྡེབས་རིས་ལ་སླར་ཡང་ཉམས་གསོ་སྲུང་སྐྱོང་བྱས་པ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལྡེབས་རིས་ཉམས་གསོའི་ལས་གྲྭ་ནི་དེ་སྔོན་བོད་ཀྱི་གཙོ་གནད་རིག་དངོས་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་གྱི་ཁྲོད་ཉམས་གསོ་མ་ཐུབ་པའི་ནོར་བུ་གླིང་ཁའི་ལྡེབས་རིས་ཁག་གཅིག་ལ་གཙོ་བོར་དམིགས་པ་ཡིན་ཞིང་། སྔོན་དཔག་བྱས་ན་2021ལོའི་ཟླ་བཅུ་པར་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།