བོད་ལྗོངས་ཀྱི་མཉམ་ལས་ཁང་འདིས་ནས་ནག་གི་ཐོན་རྫས་འཚོང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-19



           རྡོ་ཡིས་འཐག་པའི་བགྲུས་འཁོར་ཡང་ཡང་བརྒྱབ་ནས་རྩམ་པའི་དྲི་ཞིམ་འཐུལ་ཡོང་། ཐག་མི་རིང་བའི་ཞིང་ནང་དུ་བསིལ་རླུང་དལ་བུར་ལྡང་བ་དང་། ནས་ཀྱི་མྱུ་གུ་འབུས་ནས་ས་གནས་དེ་གའི་མང་ཚོགས་ལ་རེ་བ་ཚད་མེད་སྦྱིན་བཞིན་མཆིས།
          ནས་ཀྱི་མྱུ་གུ་རེ་རེ་དང་རྩམ་པའི་དྲི་ཞིམ་ལ་གཙིགས་མཐོང་བྱེད་མཁན་གྱི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བློ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་ནས་ལོ་3སོང་རིང་། ས་གནས་དེ་གའི་མང་ཚོགས་ཀྱིས་བཏབ་པའི་ནས་ནག་དང་སྲན་མ་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་མཉམ་ལས་ཁང་དེར་བརྟེན་ཏེ་རང་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་འཕར་བ་རེད།

          ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བློ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གི་ལས་སྣོན་ཐོན་སྐྱེད་འཁོར་ཁང་།

          ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བློ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གིས་ལས་སྣོན་ཐོན་སྐྱེད་བྱས་པའི་ནས་ནག་རྩམ་པ།

          ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བློ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གིས་ལས་སྣོན་ཐོན་སྐྱེད་བྱས་པའི་སུར་པན་གྱི་ཕྱེ་མ།
          མིག་སྔར་མཉམ་ལས་ཁང་གིས་ད་དུང་ད་ཡོད་ཀྱི་ཐོན་རྫས་50ལྷག་ཙམ་གྱི་རྨང་གཞིའི་ཐོག་ནས་ནག་གི་ཇ་ཁྱབ་གདལ་དུ་གཏོང་བཞིན་ཡོད། མཉམ་ལས་ཁང་གི་འགན་འཁུར་བ་བློ་བཟང་བསྟན་འཛིན་གྱིས་ནས་ནག་གི་ཇ་ཐོན་སྐྱེད་བྱེད་པའི་འཕྲུལ་འཁོར་སྒྲིག་ཆས་མངག་ཉོ་བྱས་ཟིན་པ་དང་། ཐུམ་སྒྲིལ་ཡང་ཡག་པོ་བརྒྱབ་ཡོད་པས་ཆེས་འགོར་ན་ཡང་ཟླ་རྗེས་མར་ཚོང་རར་ཐོན་རྒྱུ་ཡིན་ཞེས་བཤད།
          ཁྲོམ་ར་རུ་འདོན་ཉེར་ཡོད་པའི་ཐོན་རྫས་གསར་པར་བློ་བཟང་བསྟན་འཛིན་གྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད། “འབྲེལ་ཡོད་སྲིད་གཞུང་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་གཞོགས་འདེགས་འོག་ང་ཚོས་ལོ་5རིང་ནས་ནག་གི་ཇ་ལ་ཞིབ་འཇུག་བྱས་པར་དམིགས་བསལ་རང་བཞིན་ངེས་ཅན་ལྡན་ཞིང་། ཁྲོམ་ར་དང་ཕྱིར་ཚོང་གི་མདུན་ལམ་ཧ་ཅང་ཡག་པོ་ཡོད་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་ཕན་འབྲས་སྔར་བས་མངོན་གསལ་དོད་པོས་སྐུལ་ཁྲིད་བྱེད་སྲིད་པར་ཡིད་ཆེས་ཡོད།”
          ལྷུན་རྩེའི་ནས་ནག་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལ་དམིགས་བསལ་དུ་ཡོད་པའི་ནས་ཀྱི་སྣ་ཁ་ཞིག་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཤིག་ཀྱང་རེད། སྔར་ནས་བཟུང་ས་གནས་དེ་གས་ནས་ནག་ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད་དེའི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་ནས་ནག་དེ་སྔོན་གྱི་རང་ཟས་རང་སྤྱོད་ནས་འབབ་འཕར་ཐུབ་པའི་ཚོང་ཟོག་ཏུ་གྱུར་ཡོད།
          2017ལོའི་ཟླ་5པའི་ཚེས་1ཉིན། བློ་བཟང་བསྟན་འཛིན་གྱིས་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བློ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཁྲོད་དུ་གྲོང་པ་ཁྱིམ་མཚེས་ཕྱུག་འགྱུར་གྱི་ལམ་བུར་འདེད་པའི་ཐོན་རྫས་ཤིག་གཉེར་འདོད་ཡོད།
          གྲ་སྒྲིག་བྱས་པ་བརྒྱུད་ཟླ་བ་ལྔ་སོང་རྗེས་མཉམ་ལས་ཁང་དུ་དྲི་ཞིམ་གྱིས་ཁེངས་ཤིང་།  ལས་སྣོན་ཐོན་སྐྱེད་བྱས་པའི་ནས་ནག་རྩམ་པ་དང་སྲན་ནག་རྩམ་པ་སོགས་ཀྱི་ཐོན་རྫས་ལ་འཛད་སྤྱོད་པའི་གདེང་འཇོག་ཡག་པོ་ཐོབ་ཡོད།
          མཉམ་ལས་ཁང་གི་ཕྱིར་ཚོང་དངུལ་གྲངས་མང་དུ་གཏོང་ཆེད། བློ་བཟང་བསྟན་འཛིན་གྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཐོན་རྫས་གསར་པ་གསར་སྤེལ་དང་ཐོན་རྫས་ཀྱི་ཚོང་ལམ་བཙལ་བ་རེད། “ཕྱི་རུ་གསོ་སྦྱོང་དང་འགྲེམས་ཚོང་ལ་ཞུགས་སྐབས། ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ལ་དོ་སྣང་བྱེད་པ་དང་རང་ཉིད་ཀྱིས་ང་ཚོས་ཐོན་རྫས་གང་དག་བཟོ་ཆོག་མིན་བསམ་བློ་གཏོང་གིན་ཡོད།” ཁོང་གིས་མཐུན་སྦྱོར་ཧུར་ཐག་གནང་བའི་འོག  མཉམ་ལས་ཁང་གིས་ལྷུན་རྩེ་རྫོང་གྲོང་དུ་ཐད་གཉེར་ཚོང་ཁང་བཙུགས་ནས་ཐོན་རྫས་བྲིན་ཚོང་གི་གནད་དོན་ཐག་གཅོད་བྱས་པ་རེད།
          ན་ནིང་བློ་བཟང་བསྟན་འཛིན་གྱིས་ཉིང་ཁྲི་གྲོང་ཁྱེར་ནས་གཡེར་མའི་མྱུ་གུ་ཉོས་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་ལྷུན་རྩེ་རྫོང་ར་རོང་ཤང་དུ་གཡེར་མ་ཚོད་འདེབས་བྱས་ཤིང་། “ཚང་མས་རྒྱབ་སྐྱོར་མི་བྱེད་པར་ས་བབ་མཐོ་དྲགས་པས་གཡེར་མའི་མྱུ་གུ་རྩ་བ་ནས་གསོན་མི་ཐུབ་ཅེས་ཤོད་ཀྱིན་ཡོད། གཟབ་ནན་ངང་བལྟས་ཚེ་གཡེར་མའི་མྱུ་གུ་གསོན་ཚད་50%ཟིན་ཅིང་། སྐབས་དེ་དུས་གཡེར་མ་རྒྱ་མ་ཉི་ཤུ་ལྷག་ཙམ་ཐོན་སྐྱེད་བྱས་པས་ངའི་སེམས་ཧ་ཅང་དགའ་པོ་བྱུང་།
          ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་ཐོན་སྐྱེད་དང་ལས་སྣོན་བྱ་ཡུལ་གྱི་གྲོང་ཁྱེར་དུ་གྱུར་པ་དང་མཉམ་ལས་ཁང་གི་ཕན་འབྲས་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བཞིན་མཆིས། ཁེ་སྤོགས་མང་ཆེ་བ་མཉམ་ལས་ཁང་གི་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུའི་ཐད་སྤྱོད་པ་དང་། ཁེ་སྤོགས་ཁག་གཅིག་མང་ཚོགས་ལ་དྲིན་ལན་འཇལ་བའི་ཐད་སྤྱོད་པ་ཡིན། 2017ལོ་ནས་བཟུང་མཉམ་ལས་ཁང་གིས་ས་གནས་དེ་གའི་མང་ཚོགས་ལ་འཚམས་འདྲིའི་མ་དངུལ་སྒོར་ཁྲི་30ཙམ་བཏང་ཡོད། “དེ་ནི་ང་ཚོས་ནས་ནག་དང་། ཕྱུར་བ། སྲན་མ་སོགས་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་བྱེད་པར་བཏང་བའི་འགྲོ་གྲོན་དང་གནས་སྐབས་ལས་མིའི་གླ་ཕོགས་ལ་བརྩི་གིན་མེད།”
          བློ་བཟང་བསྟན་འཛིན་གྱིས་མཉམ་ལས་ཁང་བཙུགས་པའི་ཐོག་མའི་དམིགས་ཡུལ་ནི་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དེ་ཡིན་པས་ཞིང་ལས་ཐོན་རྫས་དེ་དག་ཉོ་སྒྲུབ་བྱེད་པའི་རིན་གོང་ཚང་མ་ཁྲོམ་རའི་རིན་གོང་མཐོ་ཤོས་ལྟར་ལག་བསྟར་བྱས་པ་ཡིན། “དཔེར་ན་ནས་ནག་གི་སྤུས་ཀ་ཡག་པོ་ཡོད་ཚེ་ང་ཚོས་རྒྱ་མ་1ལ་སྒོར་2.5ལྟར་ཉོ་སྒྲུབ་བྱས་པ་ཡིན། ལྷུན་རྩེ་རྫོང་གི་ཁྲོམ་རའི་ཐོག་ནས་ནག་རྒྱ་མ་1ལ་སྒོར་2.2ནས་སྒོར་2.3བར་ཡིན་པས་གདམ་ག་བྱེད་རིན་ཆེན་པོ་ཡོད། “ན་ནིང་ནས་ནག་ཉོ་སྒྲུབ་བྱེད་པར་མཉམ་ལས་ཁང་གིས་སྒོར་ཁྲི་35ཙམ་བཏང་ཡོད།”ཅེས་བཤད།

          ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བློ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གིས་ནས་སྔོན་རྩམ་པ་ལས་སྣོན་ཐོན་སྐྱེད་བྱེད་པར་སྤྱོད་པའི་ནས་སྔོན་པོ།

          ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བློ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གི་ལས་སྣོན་ཐོན་སྐྱེད་འཁོར་ཁང་གིས་སྲན་མའི་རྩམ་པ་འཐག་བཞིན་པ།

          ལྷུན་རྩེ་རྫོང་ར་རོང་ཤང་ཚེ་སྨད་གྲོང་ཚོའི་གྲོང་མི་བསོད་ནམས་མེ་ཏོག་གིས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བློ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གི་ལས་སྣོན་ཐོན་སྐྱེད་འཁོར་ཁང་དུ་ཁུག་མའི་ནང་རྩམ་པ་ལྡུག་བཞིན་པ།
            རྩམ་པ་ལས་སྣོན་འཁོར་ཁང་དུ་སྐྱོད་སྐབས་ལྷུན་རྩེ་རྫོང་རི་རོང་ཤང་ཚེ་སྨད་གྲོང་ཚོའི་གྲོང་མི་བསོད་ནམས་མེ་ཏོག་གིས་རྩམ་པ་ཁུག་མའི་ནང་ལྡུག་རྒྱུར་བྲེལ་ཞིང་།  ལོ་45ལ་སླེབས་པའི་བསོད་ནམས་མེ་ཏོག་དང་ནང་སའི་མཐོ་རིམ་སློབ་འབྲིང་དང་པོའི་བུ་མོ་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཤིང་། 2018ལོའི་ཟླ་1པོ་ནས་བཟུང་ཁོ་མོར་ཁོམ་པ་བྱུང་དུས་མཉམ་ལས་ཁང་དུ་ལས་ཀ་བྱེད་པར་ཡོང་གིན་ཡོད།
            ན་ནིང་ཁོ་མོས་མཉམ་ལས་ཁང་དུ་ཉིན་220ལྷག་ཙམ་ལས་ཀ་བྱས་པ་དང་ཉིན་གཅིག་ལ་སྒོར་100ཡི་གླ་ཆ་ལྟར་ཞིབ་རྩིས་བརྒྱབ་པས་གླ་ཕོགས་སྒོར་ཁྲི་2.2ལྷག་ཙམ་ལོན་ཡོད། “དངུལ་དེ་དག་གིས་ཁྱིམ་གྱི་ཉིན་རེའི་འགྲོ་སོང་དང་བུ་མོར་ནང་སའི་འཚོ་བའི་འགྲོ་སོང་འདང་ངེས་གཏོང་གི་ཡོད། ད་ལོ་ཞིང་དལ་སྐབས་དང་བསྟུན་ནས་ད་དུང་མུ་མཐུད་དུ་ལས་ཀ་བྱེད་དགོས། འདི་ལྟར་བྱས་ན་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་གཞི་ནས་ལེགས་སུ་འགྲོ་ཐུབ་པ་རེད།”
         མཉམ་ལས་ཁང་གི་འགན་འཁུར་བ་ཡིན་པའི་བློ་བཟང་བསྟན་འཛིན་ལའང་དམིགས་ཚད་གསར་པ་ཞིག་ཡོད་པ་སྟེ། “ནས་ནག་ཇ་ཐོན་རྫས་དེ་ལེགས་པར་བཟོས་ནས་ཁྲོམ་རར་ཁྱབ་གདལ་དུ་གཏོང་རྒྱུ་དེ་ཡིན། ” 
         ཁོང་གིས་ས་བབ་མཐོ་བའི་ས་ཁུལ་དུ་སྦས་པའི་ཐོན་རྫས་དེ་དག་མཉམ་ལས་ཁང་བརྒྱུད་ཕྱི་རུ་བསྐྱོད་དེ་མི་དེ་བས་མང་བར་རང་བྱུང་ལེགས་སྐྱེས་དེ་དག་གི་བྲོ་བ་མྱོང་དུ་འཇུག་པ་དང་ཆབས་ཅིག ས་གཞི་འདིའི་ཐོག་གི་ལས་ལ་བརྩོན་པའི་མི་རྣམས་ལ་དྲིན་ལན་འཇལ་ནས། ཁོང་ཚོར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཀ་བྱེད་པ་དང་། ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱས་པ་བརྒྱུད་འབབ་འཕར་ཡོང་བ་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1