འདི་ནི་སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའུ་རུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་རེད།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ལན་ཤང་མིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་རྟོག་ཞིབ་བྱེད་དོན་གཙོ་བོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་ནས་བཟུང་། སི་ཁྲོན་བོད་རིགས་ས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཐའ་སྐྱོང་བོད་བརྟན་”གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། དབུལ་སྒྲོལ་འགག་སྒྲོལ། འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས། མི་རིགས་ཆོས་ལུགས། སྣོད་བཅུད་ཁོར་ཡུག རིམས་ནད་སྔོན་འགོག་ཚོད་འཛིན་བཅས་ཕྱོགས་ལྔའི་ཐད་བླངས་པའི་གྲུབ་འབྲས་ལ་དམིགས་པ་ཡིན་ཞིང་། ཏང་གི་བོད་སྐྱོང་མཛད་ཇུས་དེ་སི་ཁྲོན་ཞིང་ཆེན་དུ་སྤེལ་བར་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་དགོས་ཞེས་བཤད། ལན་ཤང་མིན་གྱིས་བསྟན་དོན། རྟོག་ཞིབ་ཚོ་ཆུང་གིས་ཐེངས་འདིའི་ཐོབ་དཀའ་བའི་རྟོག་ཞིབ་ཀྱི་གོ་སྐབས་གང་ལེགས་སྒོས་བེད་སྤྱད་དེ།རིག་གཞུང་ཞིབ་འཇུག་གི་སྡེར་ཕྱོགས་སྡོམ་བྱས་པའི་ཕུལ་བྱུང་གྲུབ་འབྲས་འདུས་པའི་སི་ཁྲོན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་དགའ་འོས་པའི་གྲུབ་འབྲས་རྣམས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ལོངས་སྤྱོད་བྱས་ནས་མི་དེ་བས་མང་བར་ཤེས་རྟོགས་ཐུབ་པ་བྱེད་དུ་འཇུག་དགོས་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་ཐོག སི་ཁྲོན་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཁག་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཁྱབ་ཁོངས་སོ་སོར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་བྱེད་ཐབས་གལ་ཆེན་སྐོར་དོན་འཁྱོལ་བྱས་པའི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་དང་ཕྱོགས་སྡོམ་བྱས་ཤིང་། སི་ཁྲོན་བོད་ཁུལ་ད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ། ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་བཅས་འདུས་པའི་རྫོང་དབུལ་པོ་32ཚུད་ཡོད་པ་དང་། གྲོང་ཚོ་དབུལ་པོ་2063དང་མི་འབོར་དབུལ་པོ་ཁྲི་36ཡོད་ཅིང་། དེ་དག་དབུལ་པོར་གྱུར་ཚད་20.1%ཟིན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་དམངས་འཚོའི་འདུ་འགོད་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་འདོམས་འཆར་འགོད་དང་གནད་སྨིན་ཤུགས་འདོན་བྱས་ནས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོན་པ་རེད། སི་ཁྲོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོའི་ལོ་མཇུག་བར། རྫོང་དབུལ་པོ་32ཚང་མས་དབུལ་ཞྭ་ཕུད་པ་དང་གྲོང་ཚོ་དབུལ་པོ་2063ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་མི་འབོར་ཁྲི་0.2བར་ཉུང་དུ་ཕྱིན་ཡོད་པ་དང་། དབུལ་པོ་ཐོན་ཚད་0.1%རུ་མར་ཆག་ཡོད་པ་རེད།
འདི་ནི་སི་ཁྲོན་ཏང་འཛུགས་སྐྱོང་དུས་དེབ་ཚོགས་པར་སྤེལ་བའི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་རེད།
ལན་ཤང་མིན་གྱིས་རྟོག་ཞིབ་ལས་དོན་ཐད་ནས་བསྟན་དོན། ཐེངས་འདིའི་རྟོག་ཞིབ་ཀྱི་ཁྲོད་རྟོག་ཞིབ་ཚོ་ཆུང་གི་ཁོངས་མིས་རྟོག་ཞིབ་ཁྲོད་རྙེད་པའི་གནད་དོན་ལ་དམིགས་ནས་གནད་དོན་ཐོ་བཀོད་ནས་ནུས་ལྡན་གྱི་བྱེད་ཐབས་བཟོས་ཏེ། གནད་དོན་གལ་ཆེ་ཆུང་དང་དལ་བྲེལ་ལ་གཞིགས་ནས་བཅོས་སྒྲིག་བྱ་བར་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོར་དམིགས་པ་དང་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པར་དམིགས་ནས་འགན་འཁྲི་དོན་འཁྱོལ་ནན་པོ་ཡོང་བ་དང་། རང་འགུལ་ངང་ལས་དོན་སྤེལ་ནས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་དོན་དང་། དཀའ་ངལ་ཆེ་བའི་དོན་དག་ཐག་གཅོད་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་བདེ་སྡུག་ཞུ་བར་ཧུར་ཐག་སྒོས་ལན་འདེབས་པ་དང་། མང་ཚོགས་ལ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐད་བླངས་པའི་གྲུབ་འབྲས་དངོས་སུ་ཚོར་ཐུབ་པ་བྱེད་དགོས།
འདི་ནི་རྟོག་ཞིབ་ཚོ་ཆུང་དང་སི་ཁྲོན་གྱི་བོད་རིག་པའི་རིགས་གཅིག་མཁས་ཅན་ གྱི་མཉམ་པར་རེད།
བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་འཚོགས་རྗེས། རྟོག་ཞིབ་ཚོ་ཆུང་གིས་འཐབ་ས་དང་པོར་བསྐྱོད་དེ་ཡུལ་དངོས་སུ་ལྟ་ཞིབ་དང་། བཅར་འདྲི་དང་འབྲེལ་འདྲིས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་རྟོག་ཞིབ་ཞིབ་འཇུག་ནན་ཏན་སྒོས་སྤེལ་ཏེ། རྟོག་ཞིབ་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྟོག་ཞིབ་ཞིབ་འཇུག་གི་“རྩོམ་ཡིག་ཕྱི་མ་”ནན་ཏན་གྱིས་ཡག་པོར་བསྒྲུབས་ནས་སྤུས་ཚད་མཐོ་བའི་རྟོག་ཞིབ་ཞིབ་འཇུག་གི་སྙན་ཞུ་འབྲི་དགོས་པ་རེད།