ཐེན་ཅིང་ཀྲུང་ཧོན་ཚོགས་པ་དང་སི་ཁྲོན་རྔ་བ་ཁུལ་གཉིས་ཀྱིས་མཉམ་དུ་ནུས་ཚད་མཐོ་བའི་ཉི་ནུས་གློག་འདོན་ས་ཚུགས་འཛུགས་བཞིན་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-28


           མིག་སྔར། ཐེན་ཅིང་ཀྲུང་ཧོན་ཚོགས་པ་དང་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་མ་དངུལ་བཏང་ནས། མི་རིགས་ས་ཁུལ་དུ་རང་བྱུང་ཁོར་ཡུག་ལེགས་པ་དང་ས་རྒྱུས་ཐོན་ཁུངས་གྲོན་ཆུང་ཅན་གྱི་ནུས་ཚད་མཐོ་བའི་ཉི་ནུས་གློག་འདོན་ས་ཚུགས་ཤིག་འཛུགས་པའི་ལས་གཞི་མཉམ་ལས་ལ་གྲོས་མཐུན་བྱུང་བ་མ་ཟད། མཉམ་དུ་《རྔ་བ་ཁུལ་ནུས་མཐོའི་ཉི་ནུས་གློག་འདོན་ས་ཚུགས་འཛུགས་པའི་ལས་གཞིའི་མཉམ་ལས་གྲོས་ཆོད།》ལ་མིང་རྟགས་བཀོད།

            གྲོས་ཆོད་ལ་གཞིགས་ན། ཕྱོགས་གཉིས་དང་འབྲེལ་ཡོད་སྡེ་ཁག་གིས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཁོངས་སུ། རང་ཚུགའ་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་པའི་ཉི་ནུས་གློག་འདོན་གསར་སྤེལ་སྤྱི་གཉེར་ཁང་འཛུགས་པའི་ཐོ་འགོད་བྱ་རྒྱུ་ཡིན་པ་རེད། སྒྲིག་གཞིའི་འཆར་འགོད་དང་སྔོན་ཐོན་དཔེ་སྟོན། ཁག་བགོས་ལག་བསྟར་གྱི་གསར་སྤེལ་བྱེད་ཐབས་ལ་བརྟེན་ནས། 3GWཉི་ནུས་ནུས་མཐོའི་གློག་འདོན་ས་ཚུགས་འཛུགས་སྐྲུན་བྱ་རྒྱུ་རེད།  ལས་གཞི་འདི་ནི་ས་གནས་ཀྱི་ཉི་ནུས་འཛོམས་པའི་ཐོན་ཁུངས་བཟང་པོ་བེད་སྤྱད་དེ། རྔ་བ་ཁུལ་སྲིད་གཞུང་དང་མཉམ་དུ་རྒྱལ་ཁབ་རིམ་པའི་དྭངས་གཙང་གི་ནུས་ཁུངས་དཔེ་སྟོན་ལྟེ་གནས་ཤིག་འཛུགས་སྐྲུན་བྱ་རྒྱུ་དང་། ནུས་མཐོའི་ཉི་ནུས་གློག་འདོན་ལས་གཞི་མངོན་འགྱུར་ལ་སྐུལ་འདེད་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། རྒྱལ་ནང་གི་ལས་ཆོད་མཐོ་ཞིང་མ་རྩ་དམའ་བ། གཞི་རྒྱ་ཆེ་ཞིང་འདྲ་བཟོ་ཐུབ་པའི་ཉི་ནུས་གློག་འདོན་ས་ཚུགས་ཀྱི་བཀོད་སྒྲིག་བྱེད་སྟངས་དང་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1