“སྤྲིན་ཚོམ”རོལ་དབྱངས་འདུ་ཚོགས་ལས་ཀྲུང་གོ་དང་ཧྥ་རན་སེ་ལག་གདང་སྦྲེལ་ནས་རིམས་འགོག་མཛའ་སེམས་བརྒྱུད་སྤྲོད་བྱས།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-28
ཧྥ་རན་སེའི་རོལ་དབྱངས་དུས་ཆེན་སྐབས་39པ་འགོ་ཚུགས་མཚམས་སུ། ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ཚེས་21ཉིན་ཀྲུང་གོ་གླུ་གར་ཟློས་གར་ཁང་མི་རིགས་རོལ་དབྱངས་ཚོགས་པ་དང་ཧྥ་རན་སེར་བྱེས་སྡོད་སྒྱུ་རྩལ་མཁས་ཅན་དང་མཉམ་དུ“སྒྱུ་རྩལ་གྱིས‘རིམས་ནད’འགོག འགྱུར་ཁུག་གི་དབྱངས་སྙན་མཆེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“སྤྲིན་ཚོམ”ཀྲུང་གོའི་སྲོལ་རྒྱུན་གྱི་མི་རིགས་རོལ་དབྱངས་འདུ་ཚོགས་གཉེར་ཞིང་། ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ལྟ་རེས་སྐྱོང་རེས་དང་མཉམ་དུ་རིམས་འགོག་བྱེད་པའི་མཛའ་སེམས་ཟབ་མོ་བརྒྱུད་སྤྲོད་བྱས་པ་རེད།
“སྤྲིན་ཚོམ”རོལ་དབྱངས་འདུ་ཚོགས་སུ་ཆུ་ཚོད་གཅིག་ལྷག་ཙམ་རིང་འཁྲབ་སྟོན་བྱས་པའི་ནང་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་ཁྱད་ལྡན་འཁྲབ་ཚན་ཚུད་ཡོད་ལ། སྲོལ་རྒྱུན་གྱི་འཁྲབ་ཚན་དང་དེང་རབས་ཀྱི་རོལ་དབྱངས་རྩེ་གྲའང་ཟུང་འབྲེལ་གང་ལེགས་བྱས་པས་ལྟད་མོ་བར་རོལ་དབྱངས་འདུ་ཚོགས་ནས་མི་རིགས་དང་ས་ཁོངས་མི་འདྲ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་མྱོང་ཚོར་ཐུབ་ཡོད།
འཁྲབ་སྟོན་མ་བྱས་གོང་། ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཧྲ་ཡེ་ཡིས། ཀྲུང་གོའི་མི་རིགས་ཀྱི་རོལ་ཆ་ནི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་ཀྲུང་གོའི་ཤེས་དཔལ་གྱི་ཉིང་བཅུད་ཡིན་ལ་འཛམ་གླིང་ཤེས་དཔལ་གྱི་མཆོག་ནོར་ཞིག་ཀྱང་ཡིན། ཀྲུང་གོ་གླུ་གར་ཟློས་གར་ཁང་གི་སྒྱུ་རྩལ་མཁས་ཅན་དང་རིག་གནས་ལྟེ་གནས་ཀྱི་དགེ་སློབ་ཀྱིས་ཀྲུང་གོའི་སྲོལ་རྒྱུན་གྱི་རོལ་ཆར་བརྟེན་ནས་ཀྲུང་ཧྥའི་རོལ་དབྱངས་རྩེ་གྲ་མཉམ་དུ་དཀྲོལ་བ་དང་། ཏོག་གསར་རིམས་ནད་ཐོན་རིང་། “སྤྲིན་ཚོམ”བརྒྱུད་ཚང་མ་མཉམ་དུ་འཛོམས་ཏེ་སྒྱུ་རྩལ་གྱི་དགའ་སྟོན་ཞིག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ཅེས་ཤིས་ཚིག་བསྒྲོན་པ་རེད།
“ནད་དུག་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་བརྩེ་སེམས་ཡོད། ལོ་བརྒྱའི་རིང་མཐོང་དཀོན་པའི་རིམས་ནད་ལས་མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་ལ་རྒྱལ་ཁབ་ཁག་གིས་ལྟ་རེས་སྐྱོང་རེས་དང་མཛའ་མཐུན་མཉམ་ལས་བྱས་ན་གཞི་ནས་འཛམ་གླིང་སྔར་བས་བདེ་ཞིང་སྐྱིད་པར་འགྱུར་བ་སླར་ཡང་ར་སྤྲོད་བྱས་ཡོད། རིམས་ནད་ལས་རྒྱལ་ཁབ་ཁག་གི་མི་ད