སྤྱི་ཟླ་11པའི་ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། ཕྱི་གཉེར་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་འགྲན་རྩོད་ཀྱི་གནས་བབ་ལེགས་པོ་ཞིག་བསྐྲུན་པར་བཀོད་སྒྲིག་བྱས་ཏེ། རིམས་ནད་འགོག་བཅོས་མི་སྣའི་བདེ་སྲུང་བྱེད་ཐབས་ལ་གོམ་གང་མདུན་སྤོས་ཀྱིས་ཐག་གཅོད་བྱས་ཤིང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེན་པོའི་བཙོག་འགྱུར་འགོག་སེལ་ཁྲིམས་ཀྱི་འཆར་ཟིན།》ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ཐོག་བསྟན་དོན། བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཁྲོམ་རར་ལ་ཁ་ཕྱོགས་དགོས་པ་དང་། ཚན་རྩལ་འཕེལ་རྒྱས་དང་ཉེན་མེད་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། མང་ཚོགས་ཀྱི་ལས་གཏོད་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། མ་རྩ་དམའ་བའི་འགྲན་རྩོད་ལ་བརྟེན་པ་གཙོ་བོར་བཟུང་ནས་བློ་རིག་ཅན་རྣམ་པར་རྒྱལ་བའི་ཕྱོགས་སུ་ཁ་ཕྱོགས་དགོས་པ། སྒྲིག་གཞི་སྙོམས་སྒྲིག་ལ་སྐུལ་འདེད་བཏང་ནས་ཐོན་ལས་རིམ་སྤར་གྱི་གཞོག་འདེགས་གསར་པ་ཞིག་དང་། ཕྱི་ཕྱོགས་ཉོ་ཚོང་གི་འཕེལ་ཚད་གསར་པ་ཞིག དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག ལས་རིགས་རྒྱ་བསྐྱེད་ཀྱི་མདུན་ལམ་གསར་པ་ཞིག་བཅས་ཆགས་པར་དོན་སྙིང་གལ་ཆེན་ལྡན། །