ཟླ་དང་པོ་ནས་ལྔ་པ་བར་དྲ་ཐོག་སིལ་ཚོང་གི་དངུལ་འབོར་དུས་མཚུངས་ལས11.5%འཕར་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-29
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། དྲ་ཕྱིའི་འཛད་སྤྱོད་ལ་ཤུགས་རྐྱེན་ཐེབས་རུང་དྲ་ཐོག་གི་སིལ་ཚོང་བྲིན་ཁ་རྒྱུག་པོ་ཡོད་པ་རེད། བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། ཟླ་བ་དང་པོ་ནས་ལྔ་པ་བར་རྒྱལ་ཡོངས་ཀྱི་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱས་པའི་དངུལ་འབོར་དུས་མཚུངས་ལས11.5%འཕར་བ་དེས་སྤྱི་ཚོགས་ཀྱི་འཛད་སྤྱོད་ཚོང་ཟོག་སིལ་ཚོང་བསྡོམས་འབོར་གྱི་24.3%བཟུང་ཡོད་པ་རེད།
རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་གྲངས་གཞི་ལས་མངོན་དོན། ཟླ་བ་ལྔ་པར་མྱུར་སྐྱེལ་ལས་སྒོ་བསྒྲུབས་ཚད་དུས་མཚུངས་ལས་41%འཕར་བ་དང་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་25%འཕར་ཡོད། ཐད་གཏོང་ཟོག་ཉོ་དང་། དྲ་ཐོག་སྡེབ་ཉོ། སྒོ་རྩར་སྐྱེལ་བ་ལ་སོགས་ལས་རྣམ་གསར་པ་དང་བྱེད་ཐབས་གསར་པ་གསར་གཏོད་མྱུར་པོ་བྱུང་བ་དང་བསྟུན་ནས་དྲ་ཐོག་གི་འཛད་སྤྱོད་གསོན་ཤུགས་ཀྱང་འཕྲལ་དུ་འཕེལ་བ་དང་། ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱས་པ་དེས་འཛད་སྤྱོད་ཚོང་ཟོག་གིས་ཁྲོམ་རར་ལེགས་སྐྱེས་འབུལ་ཚད་མུ་མཐུད་འཕར་བ་དང་འཛད་སྤྱོད་པར་དངོས་ཕན་དང་སྟབས་བདེ་དེ་བས་མང་བ་ཐོབ་པ་རེད། །