“གློག་སྒྲོན་ལ་ཆག་སྐྱོན་བྱུང་ཚེ་སྤྱིར་བཏང་དུ་ང་ཚོས་ཁྱིམ་མཚེས་བཙལ་ནས་ཞིག་གསོ་བྱེད་ཀྱི་ཡོད་མོད། དེ་ལྟར་ནའང་ཕྱི་རོལ་གྱི་གློག་སྐུད་དང་གློག་ཐག་ལ་ཆག་སྐྱོན་བྱུང་ཚེ། ང་ཚོས་གློག་འདོན་ཀུང་སིར་ཁ་པར་བརྒྱབ་སྟེ། ཁོ་ཚོས་ལམ་སེང་མི་མངགས་ནས་ཞིག་གསོ་བྱེད་ཀྱི་ཡོད། གློག་ཆད་པ་དེ་ང་ཚོའི་ངོས་ནས་བརྗོད་ན་དོན་ཆེན་ཞིག་རེད། ད་ལྟ་ལས་དོན་མི་སྣས་ང་ཚོར་ཐག་གཅོད་བྱེད་རོགས་བྱས་པས་སེམས་ཧ་ཅང་དགའ་པོ་བྱུང་ ཅེས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་དུ་གནས་པའི་དབང་འདུས་ཀྱིས་དེང་སྐབས་ཀྱི་གློག་སྤྱོད་གནས་ཚུལ་གླེང་སྐབས་དེ་ལྟར་བརྗོད་བྱུང་།
འདི་ནི་དབང་འདུས་ཀྱིས་ཆུ་དེམ་དེ་གློག་གི་ཐབ་ཀའི་སྟེང་འཇོག་བཞིན་པའི་ཚུལ་རེད།
1949ལོར་སྐྱེས་པའི་དབང་འདུས་ཀྱིས་བར་སྐོར་གནའ་གྲོང་དུ་འཚོ་བ་སྐྱེལ་བཞིན་ཡོད་དེ། ཁོས་གསར་འགོད་པར1959ལོའི་ཡས་མས་སུ་གློག་ཡོད་མོད། དེ་ལྟར་ནའང་ཉིན་གཅིག་ལ་གློག་ཡོད་པ་དང་ཉིན་གསུམ་ལ་གློག་མེད་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད། གློག་རིན་ཅུང་མཐོ་ཁར་རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་ཡང་དེ་འདྲ་བཟང་རྒྱུ་མེད་པས་ཡང་ལཱ་བེད་སྤྱོད་བྱས་པ་ལས་གློག་བཀོལ་བ་ཧ་ཅང་ཉུང་། 2012ལོར་ལྷ་སའི་གྲོང་ཁུལ་རྙིང་པའི་གློག་ཤུགས་སྒྱུར་བཀོད་ལས་གྲྭ་འགོ་ཚུགས་པ་ནས་བཟུང་གློག་སྤྱོད་པའི་གནས་ཚུལ་ཇེ་ལེགས་སུ་ཕྱིན་ཡོད་ཟེར།
འདི་ནི་དབང་འདུས་ཀྱི་འཚོ་བ་སྐྱེལ་སའི་ར་སྐོར་ནང་གི“དུད་ཚང་རེར་གློག་བྱང་རེའི”གློག་སྒམ་རེད།
“2013ལོའི་བར་སྐོར་ཁྲོམ་གཞུང་དུ་དུད་ཚང་རེར་གློག་བྱང་རེ་ཡོད་པ་དང་། ཁྱིམ་ཚང་གི་གློག་རིན་ཐད་ཀར་གློག་འདོན་ཀུང་སིར་སྤྲོད་དགོས་ཤིང་། དྲ་ཐོག་དང་དྲ་ཕྱི་གང་ཡིན་རུང་གློག་རིན་སྤྲད་ཆོག་པ་དང་། སྟབས་བདེ་ཡིན་པའི་ཁར་གློག་རིན་ཡང་དེ་བས་ཁེ་བོ་ཡོད་པ་མ་ཟད་སྤྱོད་མཁན་ལ་གནད་དོན་གང་ཡོད་ཀྱང་ཐད་ཀར་གློག་འདོན་ཀུང་སི་བཙལ་ཆོག་པ་ལས་ཕྱོགས་གསུམ་པ་བཙལ་མི་དགོས”ཞེས་ལྷ་ས་གློག་འདོན་ཀུང་སིའི་གྲོང་ཁུལ་གྱི་གློག་འདོན་ཞབས་ཞུའི་ལྟེ་གནས(གཤམ་དུ་ཞབས་ཞུའི་ལྟེ་གནས་ཞེས་བརྗོད་རྒྱུ)ཀྱི་ཧྥུ་ཧུང་ཀྲང་གིས་དེ་ལྟར་ངོ་སྤྲོད་གནང་བྱུང་།
འདི་ནི་ཧྥུ་ཧུང་ཀྲང་གིས་ལས་ཀ་ལས་བཞིན་པའི་ཚུལ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་གྲོང་ཁུལ་གྱི“སྐར་མ་30ཡི་ཞབས་ཞུའི་ཁྱབ་ཁུལ”གཏོད་ཆེད། “གློག་སྡེབགཉེར་ཚོང+”གི་ཞབས་ཞུ་གཏིང་ཇེ་ཟབ་ཏུ་གཏོང་པ། གྲོང་མི་དང་དེ་བཞིན་ཁེ་ལས་ཀྱིས་གློག་སྤྱོད་པའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱས་པས་ཞབས་ཞུའི་ལྟེ་གནས་དངོས་སུ་བཙུགས་པ་ཡིན་ལ། “གློག་སྡེབཚོང་གཉེར+”གྱི་མཉམ་འདྲེས་མངོན་འགྱུར་བྱུང་བ་དང་། ཀུང་སིར་འབྱོར་བའི་ལས་ཐོ་ཐད་ཀར་ལས་སྒྲུབ་ཚོགས་ཆུང་དུ་འབྱོར་ནས་གློག་འཕྲིན་བཏང་བའི་དུས་ཚོད་ཇེ་ཉུང་དུ་སོང་ཡོད་ལ། གློག་འདོན་བརྟན་པོའི་རང་བཞིན་ཆེ་རུ་ཕྱིན་ཡོད་འདུག
འདི་ནི་ར་སྐོར་ནང་གི་དབང་འདུས་ཀྱི་ཁྱིམ་མཚེས་ཀྱིས་གྱོན་ཆས་འཁྲུ་བཞིན་པ་རེད།
“ང་ཚོའི་ལས་དོན་ལ་ཆུ་ཚོད24ཡི་རེས་སྐོར་ལམ་ལུགས་ལག་བསྟར་བྱས་ཡོད། སྤྱོད་མཁན་ལ་དུས་ཚོད་གང་རུང་ནང་གནད་དོན་ཡོད་ཚེ་ང་ཚོ་བཙལ་ནས་ཐག་གཅོད་བྱེད་ཆོག་པ་དང་། སྤྱིར་བཏང་ཉིན་དེར་གོང་རིམ་ལ་སྙན་སེང་ཞུས་ནས་ཉིན་དེར་ཐག་གཅོད་བྱེད་ཆོག་གི་ཡོད་པ་རེད། 2019ལོའི་ཟླ་8པར། གློ་བུར་དུ་མགྲོན་ཁང་ཞིག་གི་ གློག་ཆད་པས་མགྲོན་པོ་མང་པོས་ ཁང་པ་ཕྱིར་སྤྲོད་པའི་རེ་བ་བཏོན། ང་ཚོས་ཐོ་རེངས་ཆུ་ཚོད་གསུམ་པ་ཡས་མས་སུ་ལས་ཐོ་འབྱོར་དུས་སྐར་མ་བཞི་བཅུའི་རིང་ལ་ཐག་གཅོད་བྱས་པས། སྤྱོད་མཁན་གྱི་དཔལ་འབྱོར་གྱོང་གུན་དམའ་རུ་བཏང་ཡོད་ཅིང་། སྤྱོད་མཁན་གྱིས་དེའི་རྗེས་སུ་ད་དུང་ཆེད་དུ་ང་ཚོར་ དར་ཆ་བསྐྱལ་ཡོང”ཞེས་ཧྥུ་ཧུང་ཀྲང་གིས་དེ་ལྟར་ཟེར།
འདི་ནི་ར་སྐོར་ཆེན་པོའི་སྒོ་འགྲམ་གྱི་སྒམ་དབྱིབས་གློག་གནོན་སྒྱུར་ཆས་རེད།
ཧྥུ་ཧུང་ཀྲང་གིས་འགན་ཁུར་བའི་བར་སྐོར་ལམ་ནི་བདེ་འཇགས་དང་མཛེས་སྡུག་གིས་ཁེངས་པ་ཞིག་ཡིན་ལ། 10KVསྐུད་ལམ་ཚང་མ་སར་འཇུག་གློག་ཐག་བཀོལ་ཡོད་མོད། དེ་ལྟར་ནའང་འདིས་མྱུར་བཟོའི་དཀའ་ཁག་ཇེ་ཆེར་སོང་བའི་གནད་དོན་བྱུང་ཡོད། “མྱུར་བཟོ་བྱེད་སྐབས། ང་ཚོས་གྲབས་སྤྱོད་གློག་ཁུངས་ཤིག་འཁྱེར་ནས་སྔོན་ལ་སྤྱོད་མཁན་ལ་བདེ་འཇགས་ཀྱི་གྲབས་སྤྱོད་གློག་སྤྱོད་དུ་འཇུག་རྒྱུ་དང་། མྱུར་བཟོ་བྱས་ཚར་རྗེས། ཡང་སྔར་གྱི་ལམ་ཐིག་གཅོད་ཀྱི་ཡོད”ཅེས་ས་ཁོངས་ཀྱི་མི་འབོར་ཅུང་མང་བའི་གནད་དོན་ལ་དམིགས་ཏེ། ཞབས་ཞུའི་ལྟེ་གནས་ཀྱིས་འཛིན་གྲྭ་དང་ཚོགས་ཆུང་ཚང་མར་གློག་སྒུལ་མྱུར་བཟོའི་རླངས་འཁོར་བཀོད་སྒྲིག་བྱས་ནས་ཡུལ་དངོས་སུ་འབྱོར་བའི་དུས་ཚོད་ཇེ་ཐུང་དུ་གཏོང་གང་ཐུབ་བྱས་ཡོད། མིག་སྔའི་བར། མཐོ་གནོན་དམའ་བའི་ལས་རིགས་རྒྱ་སྐྱེད་ལས་རིམ་དེ3དང2བར་ཇེ་ཉུང་དུ་བཏང་བ་དང་། ཆ་སྙོམས་གློག་ལེན་དུས་ཚོད་ཉིན3.6དང་ཉིན3.5བར་ཇེ་ཉུང་དུ་བཏང་ཡོད། ཞིག་གསོའི་ཡུལ་དངོས་སུ་འབྱོར་བའི་དུས་ཚོད་ཆ་སྙོམས་སྐར་མ11ཇེ་ཐུང་དུ་ཕྱིན་པ་དང་ཞུ་གཏུག་བསྡོམས་འབོར72.85%མར་ཆག་ཡོད་པ་རེད།