གྲོང་གསེབ་ཏུ་ལྷ་མོ་འཁྲབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-01


འདི་ནི་ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》འཁྲབ་བཞིན་པ།
          ཟླ་6ཚེས་27ཉིན་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་མངའ་རིས་ས་ཁུལ་སྒར་རྫོང་དུ“དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི”རིག་རྩལ་གཤམ་སྤེལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དང་ད་ཐེངས་ཀྱི་འཁྲབ་སྟོན་དེ་དངོས་ཡོད་བརྗོད་གཞིའི་ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པར་བརྟེན་ནས་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་མིག་དཔེ་དང་འཐུས་མི་ཚེ་རིང་ལྷ་མོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གྲོང་མིའི་སྣེ་ཁྲིད་དེ་ནང་བཟན་རོགས་རེས་ཚོགས་ཆུང་བཙུགས་པ་དང་རང་སྟོབས་རང་སྤེལ་གྱིས་ཞིང་ལས་ཐོན་སྐྱེད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་བསྐྱོད་པའི་གཏམ་རྒྱུད་བརྗོད་ཡོད། འཁྲབ་སྟོན་བྱ་ཡུལ་དུ་འཁྲབ་སྟོན་པ་ཚོའི་ཕུལ་བྱུང་འཁྲབ་རྩལ་ལ་ལྟད་མོ་བ་ཚོའི་དགའ་བསུ་ཡང་ཡང་ཐོབ་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1