ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01


 སྤྱི་ཟླ་6པའི་ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའིི་ཀྲུའུ་ཞི། ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱིི་གྲོས་ཚོགས་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བར་མ་ཟད། གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་འབེན་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་གྲུབ་ཡོང་བར་བྱེད་པ་དང་། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱས་ཏེ། འཕེལ་ཕྱོགས་དང་བསྟུན་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་འགོ་རྩོམ་པར། ངེས་པར་དུ་བཅོས་བསྒྱུར་གྱི་འགག་གཏོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བཅོས་བསྒྱུར་ལ་བརྟེན་ནས་དུས་བབ་ལ་འགྱུར་ལྡོག་འགྲོ་བར་ཁ་གཏད་གཅོག་པ་དང་། རྣམ་པ་གསར་པ་གཏོད་པ། དམིགས་འབེན་གྱི་སྣེ་ཁྲིད་དང་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། སྟོབས་ཤུགས་དང་ནུས་པ་གསོག་འཇོག་བྱེད་མཁས་པོ་བཅས་དགོས་ལ། འགྱུར་ལྡོག་ལ་ངོས་འཛིན་དང་།
འགྱུར་ལྡོག་ཡོང་ཐབས་བྱེད་པ། འགྱུར་ལྡོག་ལ་ཁ་གཏད་གཅོག་མཁས་པོ་བྱེད་དགོས་ཤིང་། འགག་རྩ་དམ་པོར་བཟུང་ནས། འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། བཅོས་བསྒྱུར་གྱི་ཕན་འབྲས་མངོན་གསལ་དོད་སར་བཞག་ཐོག །བཅོས་བསྒྱུར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཆེན་པོར་ཞབས་འདེགས་དེ་བས་ལེགས་པའི་སྒོ་ནས་ཞུ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

གྲོས་ཚོགས་ཐོག་སྤྱི་ལོ་2020ལོ་ནས་2022ལོ་བར་གྱི་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་ཞེས་པ་དང་། ཐོན་ལས་གསར་པའི་ཆ་འཕྲིན་ལག་རྩལ་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཚོད་ལྟའི་ཇུས་གཞི་ཞེས་པ། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་རྒྱུར་ སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ། དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་ཇུས་གཞི་ཞེས་པ། གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་ཐོག་ད་དུང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1