ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་བསྡུས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-02
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་འབེན་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་འགྲུབ་པར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པ་བཅས་བྱས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་འབྱེད་དགོས་ན། ངེས་པར་དུ་སྲིད་ཇུས་ཀྱི་བརྒལ་གཏོར་དང་སྔོན་ཁྲིད་ནུས་པ་བཟང་པོར་འདོན་པ་དང་། བཅོས་སྒྱུར་ལ་བརྟེན་ནས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྣམ་པ་གསར་བ་བཏོད་པ། དམིགས་འབེན་གྱི་ཁྲིད་སྟོན་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། སྟོབས་ཤུགས་གསོག་འཇོག་དང་གཅིག་སྡུད་བྱེད་མཁས་པར་མ་ཟད། འགྱུར་ལྡོག་ཤེས་པ་དང་སྙེག་པ། དེར་ཁ་གཏད་འཇལ་བ་བཅས་ལ་མཁས་པར་བྱས་ནས། གནད་འགག་དམ་དུ་འཛིན་པ་དང་། སྐུལ་སློང་འཚོལ་ཞིབ་གང་ལེགས་བྱེད་པ། བཅོས་སྒྱུར་གྱི་ཕན་འབྲས་འབུར་དུ་ཐོན་པར་བྱེད་པ་བཅས་བྱས་ཏེ། བཅོས་སྒྱུར་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་བར་སྐུལ་འདེད་གཏོང་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང《རྒྱལ་དབང་ཁེ་ལས་ཀྱི2020ལོ་ནས2022ལོའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི》དང་། 《ཆ་འཕྲིན་ལག་རྩལ་རབས་གསར་བ་དང་གསར་བཟོ་ལས་རིགས་ཀྱི་མཉམ་འདྲེས་གོང་སྤེལ་ཟབ་མོ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》 《ཞིང་སྡེའི་ཁང་སའི་ལམ་ལུགས་ཀྱི་བཅོས་སྒྱུར་ཚོད་ལྟ་ཟབ་མོར་སྤེལ་བའི་ཇུས་གཞི》《སྨྱན་བྱེད་མྱུར་དུ་མཉམ་འདྲེས་གོང་སྤེལ་ཟབ་མོ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》《དུས་རབས་གསར་བའི་སློབ་གསོའི་གདེང་འཇོག་བཅོས་སྒྱུར་ཟབ་མོ་བྱེད་པའི་སྤྱིའི་ཇུས་གཞི》《རྒྱལ་དབང་རིག་རྩལ་གླིང་དང་ཚོགས་པ་བཅོས་སྒྱུར་ཟབ་མོ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་ད་དུང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་འཕེལ་རིམ་གནས་ཚུལ་གྱི་ཡར་ཞུ་ལ་ཉན།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་བྱེད་པ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པ་བཅས་དང་ཟུང་སྦྲེལ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གཅིག་གྱུར་གྱིས་སྤེལ་བ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་དང་སྦྲེལ་མཐུད་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་གནད་འགག་རང་བཞིན་གྱི་བཅོས་སྒྱུར་ལ་བཀོད་སྒྲིག་དང་སྐུལ་སྤེལ་བྱེད་དགོས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་ཀྱི་བཅོས་སྒྱུར་བྱ་བར་སྔོན་ལ་ཇུས་འགོད་བྱས་ཏེ། ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་འཛུགས་སྐྲུན་ལ་སྔར་ལས་གཙིགས་འཛིན་བྱས་ནས། རིམ་པ་ཟབ་མོའི་སྒྲིག་སྲོལ་རྐྱེན་སྲོལ་གྱི་གནད་དོན་ཐག་གཅོད་སྔར་ལས་མང་པོ་བྱེད་དགོས། བཅོས་སྒྱུར་གསར་གཏོད་ཀྱི་གསོན་ཤུགས་ཆེས་ཆེན་པོ་དེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཡོད་པས། བྱ་དངོས་གསར་བ་དང་བྱེད་ཐབས་གསར་བར་ལྟ་སྟངས་འཛིན་ཚེ། སྐུལ་སློང་དང་ཁྲིད་སྟོན་ལ་ཤུགས་བསྣན་ནས། གསར་བྱུང་གི་བྱ་དངོས་བདེ་ཐང་ངང་གོང་འཕེལ་འབྱུང་བར་བྱེད་དགོས་པ་དང་། སྒུལ་ནུས་གསར་བ་མྱུར་དུ་ཆེ་རུ་བསྐྱེད་དགོས་ཟེར།
ཀྲུང་དབྱང་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །