དབྱར་དུས་ཚ་བ་ཆེ་བས། ལྷམ་གོག་ནང་རྔུལ་ནག་ཤོར་ཏེ་རྟག་ཏུ་དྲི་ངན་ཁ་བ་སོགས་ཡོང་གི་ཡོད། དེར་བརྟེན། རྩོམ་སྒྲིག་པས་འདིར་ཆེད་དུ་ལྷམ་དྲི་སེལ་ཐབས་འགའ་ངོ་སྤྲོད་ཞུ་རྒྱུ་ཡིན།
སེང་རས་ལ་ཚུའུ་དཀར་པོ་སྨོག་ནས་དགོང་མོ་མ་ཉལ་གོང་ལྷམ་ནང་འཇོག་དགོས། དེ་ལྟར་བྱས་པ་ཡིན་ན། སང་ཉིན་ཞོགས་པ་ལྷམ་གྱོན་དུས་དྲི་ངན་དག་སྲིད།
འགྱིག་ལྷམ་དང་སྤོ་ལོ་རྒྱག་བྱེད་ཀྱི་ལྷམ་གོག་གསར་པའི་ལྷམ་གདན་འོག་ཏུ་ཨ་རག་དཀར་པོ་ཏོག་ཙམ་གཏོར་ནས་གྲིབ་སྐམ་བཏང་རྗེས་གྱོན་པ་ཡིན་ན་ལྷམ་དྲི་སེལ་གྱི་ཡོད། གལ་ཏེ་འགྱིག་ལྷམ་དང་སྤོ་ལོ་རྒྱག་བྱེད་ཀྱི་ལྷམ་རྙིང་པ་ཡིན་ན། སྔོན་ལ་གཙང་མ་འཁྲུད་དགོས་པ་དང་། དེ་ནས་གོང་དུ་ཞུས་པའི་ཐབས་འདི་སྤྱད་ན་ཆོག
ཇ་ལོ་སྐམ་པོ(སྦངས་ཟིན་པ་ཡིན་ནའང་འགྲིག)ཁུག་མའི་ནང་བླུགས་ནས་ལྷམ་གོག་ནང་བཞག་པ་ཡིན་ན་དྲི་ངན་སེལ་ཐུབ་ཀྱི་ཡོད།
ཏུང་ཀྭ་པགས་པའི་ཐང་བསྐོལ་ནས་རྐང་པ་བཀྲུས་ན། གཅིག་ནས་རྐང་ཤུའི་ནད་བཅོས་ཐུབ་པ་དང་གཉིས་ནས་རྐང་དྲིའང་སེལ་ཐུབ་ཀྱི་འདུག དེར་བརྟེན། ཚད་གཞི་ངེས་ཅན་ཞིག་ནས་བཤད་ན་ཐབས་འདིའང་ལྷམ་དྲི་སེལ་ཐབས་ཀྱི་ཁོངས་སུ་གཏོགས་ཀྱི་འདུག་པས། འདིར་ཞོར་དུ་ཞུས་པ་ལགས་སོ།