ས་གནས་དེ་གའི་ཆུ་ཤུགས་ཅུས་ཀྱི་སྙན་ཞུ་ལྟར་ན། ཁ་སང་ཞོགས་པའི་ཆུ་ཚོད་དྲུག་པ་ཡས་མས་སུ། རྔ་བ་ཁུལ་བཙན་ལྷ་རྫོང་ཆེ་ལུང་ཡུལ་ཚོ་ཡོན་ཡིང་གྲོང་པ་རུ་འདམ་རྡོའི་ཆུ་རུད་ཀྱི་གནོད་པ་བྱུང་ནས་མི་4ཡི་འབྲེལ་ལམ་ཆད་པ་དང་། བཙན་ལྷ་རྫོང་གིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། མང་ཚོགས་རྣམས་སྒྲིག་འཛུགས་བྱས་ནས་བདེ་འཇགས་ཉེན་མེད་ཀྱི་ས་རུ་སྤོ་བཞིན་ཡོད།