གེ་སར་རིག་གནས་སློབ་གྲྭར་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-08


    ཀྲུང་གོའི་བོད་ལྗོངས་དྲ་བས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་མ་རྫོང་དུ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་《གེ་སར་སྒྲུང་》གི་གཞས་མ་གཏམ་སྒྱུ་རྩལ་རྒྱུན་འཛིན་བྱེད་བཞིན་ཡོད། 《གེ་སར་སྒྲུང་》ནི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་ལོ་རྒྱུས་སྙན་ངག་ཅིག་ཡིན་ལ། དེའི་ནང་གེ་སར་རྒྱལ་པོས་བདུད་བཏུལ་བ་དང་། བཙན་གནོན་ཉམ་སྐྱོར། ཚོ་པ་ཁག་གཅིག་གྱུར་བྱེད་པ། མཐའ་མཇུག་ཏུ་ལྷ་ཡུལ་དུ་ཕེབས་པའི་ངོ་མཚར་ཆེ་བའི་དཔའ་བོའི་གཏམ་རྒྱུད་བརྗོད་ཡོད།  
    2018ལོར། ང་རང་སློབ་མཐར་ཕྱིན་རྗེས་ཁྱིམ་ནས་བར་ཐག་སྤྱི་ལེ་850ཡོད་པའི་པདྨ་རྫོང་གི་སློབ་ཆུང་ཞིག་ཏུ་དགེ་རྒན་བྱས་ཏེ། རང་ཉིད་ཀྱི་སློབ་གསོའི་ལས་དོན་འགོ་བརྩམས། ང་ནི་ཆུང་དུས་ནས་ཞིང་ཁུལ་དུ་འཚར་ལོངས་བྱུང་བས། འདི་ནི་ང་ཐེངས་དང་པོ་ཕ་ཡུལ་ནས་ཁ་བྲལ་ཏེ་འབྲོག་ཁུལ་དུ་ལས་ཀ་བྱེད་པར་ཡོང་བ་ཞིག་ཡིན། ངར་མཚོན་ན། གནས་འདིའི་ཡོད་ཚད་ཆ་རྒྱུས་མེད་པ་ལྟར་སྣང་། ཁོར་ཡུག་གསར་པ་དང་། མི་གསར་པ། ཟས་རིགས་གསར་པ་བཅས་དེ་དག་གིས་ངའི་འཚོ་བ་གསར་པའི་ནང་ཁེངས་ཡོད།
    ཐེངས་ཤིག་སློབ་གྲྭས་“དྲུག་གཅིག”བྱིས་པའི་དུས་ཆེན་གཏོང་རིང་། སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་གེ་སར་རྒྱལ་པོའི་འཁྲབ་སྟོན་ནང་ཞུགས་ནས། ཚང་མས་མཉམ་དུ་དམིགས་བསལ་གྱི་རིག་གནས་འཁྲབ་སྟོན་གྱི་དྲུག་ཅིག་བཏང་བ་ཡིན། འདི་ནི་ངས་མཐོང་ཐེངས་དང་པོའི་རྣམ་པ་ཞིག་ཡིན་ལ་དེ་སྔོན་བརྙན་འཕྲིན་ནང་ནས་ལྟ་མྱོང་བ་ཙམ་ཡོད། 
   རྗེས་སུ་སློབ་སྤྱིས་བཤད་པར་གཞིགས་ན། སློབ་མ་ཚོའི་ལྷ་མོའི་འཁྲབ་སྟོན་ནི་སློབ་གྲྭའི་ཞོར་འགན་འཁུར་མཁན་དགེ་རྒན་གྱིས་ཁྲིད་པ་ཡིན། ཁོང་ཚོའི་ཕ་མས་འདི་ཚོ་བསླབས་ཀྱི་མེད། སློབ་མ་ཚོས་གེ་སར་རིག་གནས་སློབ་སྦྱོང་ནན་ཏན་བྱས་པས་དལ་བུར་སློབ་གྲྭའི་ནང་རང་འགུལ་ངང་རིག་གནས་འདི་རིགས་ཀྱི་རྣམ་པ་གྲུབ་པ་རེད། 
ལོ་རྒྱུས་སྙན་ངག་《གེ་སར་སྒྲུང་》གི་རིན་ཐང་བྲལ་བའི་རང་བཞིན་ལས་སྲིད་ཇུས་རོགས་སྐྱོར་ནས་སློབ་གསོའི་མ་ལག་ནང་འཇུག་པ་བཅས་ཚང་མར་རྒྱལ་ཁབ་ཀྱིས་རྒྱུན་མཐུད་ངང་དེ་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་ཡོད། ང་ཚོའི་སློབ་གྲྭ་ཡང་དེ་ཕན་པ་ཐོབ་མཁན་ཞིག་ལ་གྱུར་ཡོད། དཔེར་ན། སློབ་མ་ཚོའི་འཁྲབ་སྟོན་གྱི་གྱོན་ཆས་ཚང་མ་སྲིད་གཞུང་སྡེ་ཚན་གྱིས་མཁོ་འདོན་བྱས་པ་ཞིག་རེད།   
    2006ལོར། 《གེ་སར་སྒྲུང་》རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཨང་དང་པོའི་མིང་གཞུང་ནང་བཀོད་པ་རེད། 2009ལོའི་ཟླ་9པར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་“མིའི་རིགས་ཀྱི་ངག་ཐོག་དང་མངོན་མིན་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས།”ཀྱི་མིང་གཞུང་ནང་བཀོད་པ་རེད།
    ཉིན་གུང་གི་ཆུ་ཚོད་12ཐོག སློབ་མ་ཚོའི་རིག་རྩལ་འཁྲབ་སྟོན་མཇུག་སྒྲིལ་བ་དང་། སློབ་མ་མང་པོས་ད་དུང་འཁྲབ་ཆས་ལུས་ལ་གྱོན་བཞིན་འདུག
 ལོ་12ལ་སླེབས་པའི་གཅོད་པ་བཀྲ་ཤིས་ནི་ལོ་རིམ་ལྔ་བའི་སློབ་མ་ཡིན། ཁོང་གིས་ལག་ནང་འཁྲབ་སྟོན་ཡོ་བྱད་བཟུང་འདུག་པས་ངས་ “ཁྱེད་རང་གིས་དེ་རིང་འཁྲབ་སྟོན་བྱེད་པའི་མི་སྣ་གང་ཡིན་ནམ”ཞེས་དྲིས་སྐབས། ཁོས་སྤོབས་པ་ཆེན་པོས་“ངས་དེ་རིང་འཁྲབ་སྟོན་བྱས་པ་ནི་གེ་སར་རྒྱལ་པོ་”ཡིན་ཞེས་བཤད།
 མི་སེམས་འགུལ་ལ་གཟི་བརྗིད་ཆེ་བའི་ལོ་རྒྱུས་སྙན་ངག་འདིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཞིང་ས་བརླན་བཞིན་ཡོད་ལ། སྒྲུང་པས་ལོ་རྒྱུས་སྙན་ངག་ནང་གི་དཔའ་བོའི་མཛད་པ་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ལེན་བཞིན་འདུག

    ལོ་རྒྱུས་སྙན་ངག་དེ་ཇི་སྲིད་བར་གཅིག་ལ་གཅིག་བརྒྱུད་ཡོང་བའི་རེ་བ་ཡོད།  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1