ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་དགུ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-08


        ཟླ་བདུན་པའི་ཚེས་དྲུག་ཉིན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་དགུ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་ལ་བརྟེན་ནས་བསྡུས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
        ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར། བདག་གིས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོ་དང་ཨ་རབ་བར་དུ་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གྲོས་མཐུན་ཚོགས་པར་མཉམ་དུ་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན་པར་ཨ་རབ་རྒྱལ་ཁབ་ཀྱིས་དང་ལེན་བཟང་བོ་བྱས། ལོ་གཉིས་ཀྱི་རིང་ལ། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཐུན་སྦྱོར་དང་འགུལ་སྐྱོད་འབྲེལ་མཐུད་ལ་ཤུགས་བསྣན་པས། ཁྱོན་ཡོངས་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ། མ་འོངས་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་དཀའ་སྡུག་མཉམ་སེལ་དང་ཕན་ཚུན་ལ་རོགས་རེས་བྱས་ཤིང་།  རྦད་ཆོད་སྒོས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་མཉམ་ལས་དམ་པོ་བྱས་པ་ནི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་དོན་དངོས་ཇི་བཞིན་དུ་བརྗོད་པ་ཡིན། དེང་སྐབས་ཀྱི་གནས་བབ་འོག ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱིས་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་ཞིང་དཀའ་ཁག་མཉམ་སེལ་བྱེད་པ་དང་ལག་རྡང་སྦྲེལ་ནས་མདུན་དུ་སྐྱོད་དགོས། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཚོགས་པ་གོ་སྐབས་སུ་བཟུང་སྟེ་འཐབ་ཇུས་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པ་དང་བརྟན་བརླིང་སྒོས་རིམས་འགོག་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཨ་རབ་བར་གྱི་ལས་སྐལ་གྲོས་མཐུན་ཚོགས་པ་གསར་སྐྲུན་བཟང་བོ་བྱས་ནས། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1