བོད་ལྗོངས་ནང་བསྟན་སློབ་གླིང་བཙུན་མའི་ཚན་པ་དངོས་སུ་སློབ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-01


          སྤྱི་ཟླ་11པའི་ཚེས་25ཉིན་གྱི་སྔ་དྲོར། བོད་ལྗོངས་ནང་བསྟན་སློབ་གླིང་བཙུན་མའི་ཚན་པ་ཡི་(西藏佛学院尼姑部)ཨར་སྐྲུན་ལེགས་འགྲུབ་ཟིན་པ་དང་འབྲེལ་སྐབས་དང་པོའི་སློབ་འགོ་ཚུགས་པའི་མཛད་སྒོ་ཡང་འཚོགས། ལྗོངས་ཡོངས་ཀྱི་ས་ཁུལ་(གྲོང་ཁྱེར)བདུན་ནས་ཡོང་བའི་གྲུབ་མཐའ་ཆེན་པོ་ལྔ་ཡི་བཙུན་མ་104འཛིན་གྲྭར་ཞུགས།

           ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་གི་རྩ་འཛུགས་པུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་སོགས་མཛད་སྒོར་ཞུགས་ནས་གསུང་བཤད་ཀྱང་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1