གངས་ལྗོངས་ས་མཐོའི་མཉམ་ལས་ཁང་“དངོས་གནས་ངར་བ”རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-16



          བོད་རང་སྐྱོང་ལྗོངས་ཀྱི་ས་རྒྱ་ཆེ་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་དེང་རབས་སློབ་གསོའི་ཐོབ་ཚད་ཅུང་དམའ་བས། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གི་དབུལ་སྐྱོར་ལས་དོན་ཁྲོད་དུ་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་རྣམ་པས་ནུས་པ་གལ་ཆེན་ཞིག་ཐོན་ཡོད་ཅིང་། ཞིང་འབྲོག་པས་ཆེད་ལས་མཉམ་ལས་ཁང་བརྒྱུད་དེ་ལག་རྩལ་དང་། མ་དངུལ། ཆ་འཕྲིན་གྱི་ཐབས་ལམ་སྣ་ཚོགས་ཤིག་ཐོབ་པར་བྱས་ཡོད་པ་རེད།
          ཤེས་རྟོགས་བྱུང་བ་ལྟར་ན། ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་རང་གི་ཁོངས་མིར་ཞབས་ཞུ་བྱ་ཡུལ་གཙོ་བོ་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་ཆས་ཉོ་བ་དང་། ཞིང་ལས་ཐོན་རྫས་ཕྱིར་འཚོང་དང་། ལས་སྣོན། སྐྱེལ་འདྲེན། གསོག་ཉར་བཅས་དང་།  དེ་བཞིན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་དང་འབྲེལ་བ་ཡོད་པའི་ལག་རྩལ་དང་ཆ་འཕྲིན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་ལ། མཚོ་བོད་ས་མཐོའི་མཉམ་ལས་ཁང་གིས་ས་མཐོའི་ཁྱད་ཆོས་ལ་གཞིགས་ནས་རྒྱ་ཆེའི་ཞིང་འབྲོག་པར་རོགས་རམ་དངོས་མ་མཁོ་སྤྲོད་བྱས་ཡོད།
          བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་སུ་གཏོང་འགོ་ཚུགས་པ་ཅུང་འཕྱི་བ་དང་། ས་གནས་དེ་གའི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས་བཅས་ལ་ཤུགས་རྐྱེན་ཐེབས་ཏེ་འཕེལ་རྒྱས་བྱུང་བ་ཅུང་དལ་མོད། འོན་ཀྱང་དེར་ས་ཁོངས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད།
          ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཕུལ་བྱུང་སྐྱེད་སྲིང་གི་ལས་ཀའི་གཙོ་གནད་གཉིས་ལ་དམ་པོར་དམིགས་ནས་བྱ་ཐབས་སྣ་ཚོགས་བེད་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཏན་ཏིག་ཡོང་བ་བྱས་ཏེ་གྲོང་གསེབ་ཀྱི་ངལ་ནུས་ལྷག་མའི་ལས་ཞུགས་གཞན་སྒྱུར་བྱེད་རྒྱུར་སྐུལ་ཁྲིད་བྱས་པ་རེད།

            འདི་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་གྱི་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དྲན་རྟེན་དངོས་རྫས་ལས་སྣོན་བྱེད་བཞིན་པའི་རྣམ་པ་རེད། 
           བོད་ལྗོངས་གཞིས་རྩེ་དིང་རི་རྫོང་དུ་དབང་པོ་སྐྱོན་ཅན་བསྟན་འཛིན་དངོས་གྲུབ་ཀྱིས་ལོ་མང་རིང་འབད་འཐབ་བྱས་པ་བརྒྱུད། 2015ལོར་གཞིས་རྩེ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། དིང་རི་རྫོང་དམངས་སྲིད་ཅུས། ཧྲང་ཧའེ་བོད་སྐྱོར་ཚོགས་ཆུང་ཁག་དྲུག་པ་བཅས་ཀྱི་རོགས་རམ་འོག དིང་རི་རྫོང་སྒང་དཀར་གྲོང་རྡལ་དབང་པོ་སྐྱོན་ཅན་གྱི་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད། དེའི་རྗེས་སུ་2017ལོར། དིང་རི་རྫོང་གིས་སླར་ཡང་དབུལ་སྐྱོར་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་མཉམ་ལས་ཁང་ལ་རོགས་རམ་བྱས་ཏེ་མགྲོན་ཁང་དང་འགྲེམས་སྟོན་ཁང་གསར་སྐྲུན་བྱས་ནས་གཉེར་སྐྱོང་རྣམ་གྲངས་རྒྱ་སྐྱེད་དུ་བཏང་བ་དང་། 2019ལོར་མཉམ་ལས་ཁང་གིས་ཁ་ལོ་བའི་སློབ་གྲྭའི་གསོ་སྦྱོང་རྣམ་གྲངས་བཙུགས་པ་དང་སྔོན་དཔག་བྱས་ན་སྤྱིའི་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་རྒྱུ་རེད།
           བསྟན་འཛིན་དངོས་གྲུབ་ཀྱིས་འབྲེལ་ཡོད་ལས་ཁུངས་ཀྱི་རོགས་རམ་འོག རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་རང་གི  “བྱ་གཞག”ཆེ་ནས་ཆེ་རུ་སོང་བར་མ་ཟད། ད་རུང་ཉེ་འགྲམ་གྱི་དབང་པོ་སྐྱོན་ཅན་རྣམས་ལ་ལས་གཏོད་བྱེད་པར་སྣེ་ཁྲིད་དང་སྐུལ་མ་བྱས་པ་རེད། 

            འདི་ནི་ཆུ་མགོ་བུད་མེད་འཚེམ་བཟོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་འཚེམ་བཟོའི་ལག་རྩལ་གྱི་བསམ་བློ་བརྗེ་རེས་བྱེད་བཞིན་པའི་རྣམ་པ་རེད། 
          2019ལོའི་ལོ་འགོར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་ཕུ་གྲོང་ཚོས་མ་དངུལ་སྒོར་ཁྲི་52བཏང་ནས་ཐོན་ཕུ་གྲོང་ཚོའི་ཞིང་པའི་བུད་མེད་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། གྲོང་ཚོ་དེའི་ཕྱུག་འགྱུར་སྣེ་ཁྲིད་པ་དབྱང་ལྷས་བུད་མེད་ཀྱི་སྣེ་ཁྲིད་དེ་འཕྲུལ་འཁོར་གྱི་མདུན་དུ་ཁབ་སྐུད་འཐེན་པ་དང་། རེ་བ་ལྟར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་གྱི་གྱོན་ཆས་སྤུས་ལེགས་བཟོས་པ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན།  གཡང་ལྷའི་སྣེ་ཁྲིད་འོག ས་གནས་དེ་གའི་བུད་མེད་རྣམས་ཀྱིས་འདུ་ཤེས་བསྒྱུར་ཏེ་ཤེས་བྱ་སློབ་པ་དང་། ལག་རྩལ་སློབ་པ། ནུས་རྩལ་ཁོང་དུ་ཆུད་པ་བྱས་ནས་རང་ཉིད་ཀྱི་ནུས་པ་འཐུས་ཚང་དང་མཐོར་འདེགས་སུ་བཏང་ཞིང་། ཐོན་ཕུ་གྲོང་ཚོའི་ཞིང་པའི་བུད་མེད་ཆེད་ལས་མཉམ་ལས་ཁང་གིས་ས་གནས་དེ་གའི་བུད་མེད་13ལ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཏེ། མཉམ་ལས་ཁང་གི་སྤྱིའི་ཡོང་འབབ་སྒོར་ཁྲི་25ཟིན་པ་དང་ལས་མིའི་གླ་ཕོགས་སྒོར་ཁྲི་13ཟིན་པ་མངོན་འགྱུར་བྱུང་བ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་ལོ་མཇུག་བར་དུ། བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་2639ལག་བསྟར་བྱས་པ་དང་ངལ་ནུས་དབུལ་པོ་མི་ཐེངས་ཁྲི་15.5་ལ་གསོ་སྦྱོང་བྱས་ཤིང་། མི་ཁྲི་18.6ལས་ཞུགས་གཞན་སྒྱུར་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་བྱུང་བ་མངོན་འགྱུར་བྱུང་སྟེ། རྫོང(ཆུས)74ཚང་མས་དབུལ་ཞྭ་ཕུད་ཡོད་པ་དང་། དེའི་ཁྲོད་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དེས་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་ཐུབ་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1