ཀྲུང་གོའི་ས་འགུལ་ལས་ཁུངས་ཀྱི་དྲ་བས་དངོས་སུ་བརྟག་དཔྱད་གཏན་འཁེལ་བྱས་པ་ལྟར། སྤྱི་ཟླ་7པའི་ཚེས་23ཉིན་གྱི་ཆུ་ཚོད་4པ་དང་སྐར་མ་7ཐོག །བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་༼བྱང་འཕྲེད་ཏུའུ་33.19དང་ཤར་གཞུང་ཏུའུ་86.81༽དུ་ས་འགུལ་ཚད་རིམ་6.6ཅན་ཞིག་བྱུང་བ་དང་འགུལ་ཁུངས་ཟབ་ཚད་སྟོང་སྨི་10རེད་འདུག