སྙན་ངག་པ་ནོར་བུ་རྣམ་རྒྱལ་ལ་2014ལོའི་ཀྲུང་གོའི་ལྷུག་རྩོམ་དང་སྙན་ངག་འགྲན་སྡུར་གྱི་བྱ་དགའ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-03


སྙན་ངག་པ་ནོར་བུ་རྣམ་རྒྱལ་ལགས།

      ཉེ་ཆར། 2014ལོའི་ཀྲུང་གོའི་སྐར་ཆུང་ཧེང་ཧྲེང་ཐུང་རྟགས་མའི་རྒྱལ་ཡོངས་ལྷུག་རྩོམ་དང་སྙན་ངག་འགྲན་སྡུར་གྱི་བྱ་དགའ་གནང་བའི་ཚོགས་འདུ་དེ་ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་དུ་བསྡུས་ཤིང་། འགྲན་སྡུར་དེ་སྐར་ཆུང་སྙན་དེབ་ཁང་ནས་གཙོ་སྒྲུབ་དང་། ཧྲན་ཞི་ཧེང་ཧྲེང་ཐུང་ཚོགས་པས་རོགས་སྐྱོར་སྒྲུབ་འགན་འཁུར་བ། ཡུན་ཁྲེང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཡུན་ཁྲེང་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་གཉིས་ནས་སྒྲུབ་རོགས་བྱས་པ་ཞིག་རེད། འགྲན་སྡུར་དེ་ད་ལོའི་སྤྱི་ཟླ་7པ་ནས་མགོ་བརྩམས་ཤིང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་ཨ་མེ་རི་ཁ། ཨོ་སི་ཐྲ་ལི་ཡའི་རྒྱལ་ཁབ་སོགས་ཀྱི་རྩོམ་པ་པོ་1200ལྷག་གི་བརྩམས་ཆོས་6000ལ་ཉེ་བ་འབྱོར་ཡོད་ཅིང་། དེ་ལས་བརྩམས་ཆོས་80བདམས་ཐོན་བྱུང་ནས། མཇུག་མཐར་རེ་རེ་བཞིན་མིང་མ་བཀོད་པར་སྐར་མ་བརྒྱབ་སྟེ། ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་བྱ་དགའ་བཅས་རིམ་པ་བཀར། བོད་ཀྱི་ན་གཞོན་སྙན་ངག་པ་ནོར་བུ་རྣམ་རྒྱལ་གྱི་ལྷུག་རྩོམ་སྙན་ངག་《བླ་བྲང་། ངའི་སྐྱེ་བ་སྔ་ཕྱི།》 ཞེས་པར་བྱ་དགའ་ཨང་གསུམ་པ་ཐོབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1