ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
(2020ལོའི་སྤྱི་ཟླ་7པའི་ཚེས་10ཉིན་གྱི་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ལྷན་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་། )
ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དེ་2020ལོའི་ཟླ་7པའི་ཚེས་10ཉིན་ཁྲེན་ཏུའུ་རུ་འཚོགས།
སྤྱི་ཟླ་7པའི་ཚེས་10ཉིན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཁྲེན་ཏུའུ་རུ་འཚོགས། གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་བཞིན་པ།
ཚང་འཛོམས་གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཨུ་ཡོན་77དང་རྗེས་སྣོན་ཨུ་ཡོན་16ཞུགས་ཡོད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ཨུ། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་ཁ་ཤས་ཀྱང་ཚོགས་འདུར་ཟུར་ཞུགས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་འགན་བཞེས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་གསུང་བཤད་གནང་།
སྤྱི་ཟླ་7པའི་ཚེས་10ཉིན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཁྲེན་ཏུའུ་རུ་འཚོགས། འདི་ནི་ཚོགས་རའི་ཡུལ་དངོས་ཡིན།
ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་སྲ་བརྟན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་།《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་གྱི་འཛུགས་སྐྱོང་ཇེ་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་ཆོད་དོན།》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་ནས་ཇུས་འགོད་དང་བཀོད་སྒྲིགསྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ཐོག་ནས་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་བའི་དོན་སྙིང་གལ་ཆེན་དང་སྤྱི་ཡོངས་ཀྱི་བསམ་ཕྱོགས།གཞི་རྩའི་བླང་བྱ།གཙོ་གནད་ལས་འགན་བཅས་གསལ་བཤད་གཏིང་ཟབ་བྱས་ཡོད།དེ་ནས་གནས་བབ་ཆེན་པོ་ཁོང་དུ་ཆུད་པ་དང་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པའི་ཇུས་ཟབ་ཕུགས་རིང་དང་འཐབ་ཇུས་ཀྱི་ཇུས་ཐག་གཅོད་ལུགས་གང་ལེགས་མཚོན་ཡོད་པ་དང་།ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་ལ་ཐུགས་ཁུར་ཟབ་མོ་དང་རེ་བ་ཆེན་པོ་བཅོལ་བ་མཚོན་ཡོད།དུས་རབས་གསར་པའི་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ཡོད་ལ།རྩ་བའི་གཞི་འཛིན་སའང་མཁོ་འདོན་བྱས་ཡོད།ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ཟུང་འབྲེལ་བྱེད་པ།ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་དང་སི་ཁྲོན་བཅོས་སྐྱོང་དར་རྒྱས་གཏོང་བའི་ལག་ལེན་གསར་པར་མཛུབ་སྟོན་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་སྤྱོད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་“ཁྱོན་ཡོངས་གཉིས་”ལ་དམིགས་པ་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་བསྐྲུན་པར་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་ཇུས་གཞི་ཞིག་ཡིན་པས། དགེ་མཚན་གསབ་རེས་དང་སྤུས་ཚད་མཐོན་པའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ཆགས་པར་སྐུལ་འདེད་གཏང་རྒྱུར་ཕན་ཐོགས་ཡོད་པ་དང་། སྐམ་ས་ཆེན་པོ་དང་རྒྱལ་ཁབ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་རྒྱུད་བར་ཕན་ཚུན་རོགས་རེས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྤྱིའི་འཐབ་ཇུས་ལ་ཞབས་འདེགས་དེ་ལས་ལེགས་པོ་ཞུ་ཐུབ་པ། སི་ཁྲོན་དང་ཁྲུང་ཆིང་བར་གྱི་མཉམ་ལས་ཟབ་སྤེལ་དང་ས་ཁོངས་ཀྱི་བཟང་ཆ་གསབ་རེས་དང་མཉམ་སྒྲུབ་མཉམ་དར་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན་པར་བརྟེན། ཁྲུང་ཆིང་དང་ཁྲེན་ཏུའུ་ཡི་ལྟེ་གནས་གྲོང་ཁྱེར་གཉིས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏང་རྒྱུར་ཕན་ཐོགས་ཡོད་པ་དང་། བར་ཁྱམས་ཀྱི་བཀོད་པ་ཧྲིལ་པོ་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་ནུས་པ་ཧྲིལ་པོ་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་ནུས་པའི་རིམ་པ་ཧྲིལ་པོ་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ་ལྟེ་གནས་གྲོང་ཁྱེར་གཉིས་མཉམ་འགུལ་བྱེད་པ་དང་ས་ཁོངས་ཡོངས་མཉམ་དར་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ། དཔལ་འབྱོར་སྟོབས་འབྱོར་ལྡན་པའི་ཞིང་ཆེན་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་རྒྱུ་དང་། སི་ཁྲོན་བཅོས་སྐྱོང་དར་སྤེལ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་ཡིན་པ་རེད། རང་རེའི་ཞིང་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་གསར་པའི་འཐུས་སྒོ་ཚང་དུ་གཏོང་བ་དང་ས་ཁོངས་མཐུན་སྦྱོར་གྱི་རྣམ་པ་གསར་པ་གཏོད་པ། དེང་རབས་ཐོན་ལས་ཀྱི་མ་ལག་གསར་པ་འཛུགས་སྐྱོང་བྱེད་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ལེགས་ཆ་གསར་པ་གསོ་སྐྱོང་གསར་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་པ། ལྗང་མདོག་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད། སི་ཁྲོན་ས་ཁོངས་ཀྱི་ནུས་རིམ་དང་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བཏང་ནས་རྒྱལ་ཡོངས་ཀྱི་འཐབ་ཇུས་སྤྱིའི་ཁྲོད་ཀྱི་གནས་བབ་མངོན་གསལ་དོད་པོས་མཐོར་འདེགས་བྱ་རྒྱུ་རེད།
དེའི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་དང་སྲིད་ཇུས་ཀྱི་སྐུལ་འདེད་ནུས་པ། འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་རེད། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་གཙོ་བོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་སྤྱི་འདོམས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས་པ་དང་ལྟེ་གནས་གྲོང་ཁྱེར་གྱི་སྐུལ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཚོང་ར་ཅན་གྱི་བཅོས་བསྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད། སྣེ་ཁྲིད་རང་བཞིན་གྱི་གསར་གཏོད་ཟབ་སྤེལ་བཅས་ཤུགས་ཆེར་བཏང་ནས། ཐོན་ལས་དང་མི་འབོར། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་འཁོར་རྒྱུག་ལུགས་མཐུན་དང་ལས་ཆོད་ཆེ་བའི་སྒོ་ནས་གཅིག་བསྡུས་བྱས་ཏེ། ནུབ་རྒྱུད་དུ་སྤུས་ཚད་མཐོན་པའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཆགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ལྡན་པའི་དཔལ་འབྱོར་ལྟེ་གནས་གལ་ཆེན་དང་ཚན་རྩལ་གསར་གཏོད་ལྟེ་གནས། བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་གནས་གསར་པ། སྤུས་ཚད་མཐོ་བའི་འཚོ་བའི་སྡོད་གནས་འཚམ་ས་བཅས་འཛུགས་སྐྲུན་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་སྣེ་གཅིག་དང་ལྟེ་གནས་གཉིས། ས་ཁུལ་གཉིས་ཀྱི་དམིགས་ཡུལ་ངེས་གནས་ལ་དམིགས་དགོས། ནུབ་རྒྱུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཆགས་པར་བྱ་རྒྱུ་ནི་གཅིག་འདོམས་རང་བཞིན་གྱི་དམིགས་ཡུལ་ཡིན། རྒྱལ་ཁབ་ཀྱི་ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་བྱེད་ནུས་གལ་ཆེན་དང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དཔལ་འབྱོར་བསྡོམས་འབོར་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཁྱོན་ཡོངས་ཀྱི་ཚད་གཞི་མཐོ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོ་གཅིག་བསྡུས་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྒུལ་ཤུགས་གསར་གཏོད་དང་། སྒོ་འབྱེད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་འགན་སྲུང་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་གནས་སྟངས་གསར་པ་ཆགས་པའི་ཁྲོད་འདེགས་སྐྱོར་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱ་དགོས། ལྟེ་གནས་གཉིས་དང་ས་ཁུལ་གཉིས་ནི་འདེགས་སྐྱོར་རང་བཞིན་གྱི་གནས་གཞི་གཏན་འཁེལ་ཡིན་ལ། རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་དཔལ་འབྱོར་ལྟེ་གནས་གལ་ཆེན་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་དགོས་པ་དང་། དཔལ་འབྱོར་གྱི་ཐེག་ཚད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། བཟོ་ལས་ཅན་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རྩེར་སོན་གྱི་སྣེ་ཁྲིད་དང་ལེགས་ཆ་འབུར་དུ་ཐོན་པའི་དེང་རབས་ཐོན་ལས་ཀྱི་མ་ལག་དང་ནུས་པ་ཆ་ཚང་བ་དང་། སྤྱི་ཚོགས་གོང་འཕེལ་གཏོང་བའི་དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་གཏོད་དགོས་པ་རེད། རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་པར་ཤུགས་རྒྱག་དགོས་པ་དང་། གསར་གཏོད་ཐོན་ཁུངས་གཅིག་བསྡུས་དང་གཞན་སྒྱུར་བྱེད་ནུས་ཆེ་རུ་གཏང་དགོས། སྣ་མང་ཅན་གྱི་གསར་གཏོད་བྱེད་པོ་དང་དྲག་ཚད་ཆེ་བའི་ཞིབ་འཇུག་གསར་སྤེལ་མ་དངུལ། གཞི་ཁྱོན་ཆེ་བའི་ཤེས་བྱ་སྤོ་སྒྱུར། ཡུལ་ལྗོངས་མང་པོ་གསར་གཏོད་བཀོལ་སྤྱོད་བཅས་ཆགས་པར་སྐུལ་འདེད་གཏང་དགོས། ཚན་རྩལ་གསར་གཏོད་ཀྱི་འབྱུང་གནས་དང་ཐོན་ལས་གསར་གཏོད་བཀོད་སྤྱོད་བྱེད་ས། སྒོ་འབྱེད་གསར་གཏོད་དཔེ་སྟོན་ཁུལ་བཅས་འཛུགས་སྐྱོང་བྱ་དགོས། བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་གནས་གསར་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་བསྒྱུར་སྒོ་འབྱེད་དང་ཕྱོགས་བསྡུས་ཀྱི་ནུས་པ་ཇེ་ཆེ་རུ་གཏོང་བ་དང་། ཚོང་ར་ཅན་དུ་འགྱུར་བའི་བཅོས་བསྒྱུར་དང་ལམ་ལུགས་ཅན་གྱི་སྒོ་འབྱེད་དམ་འཛིན་ཡག་པོ་བྱ་དགོས། བཅོས་སྒྱུར་གལ་ཆེན་གྱི་སྔོན་སྐྱོད་ས་ཁུལ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྱོང་དང་འབྲི་ཆུའི་དཔལ་འབྱོར་གླིང་ཁུལ་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཐབ་ཇུས་རང་བཞིན་གྱི་འགག་རྩ་གཏོད་དགོས་པ་དང་། སྤུས་ཚད་མཐོ་བའི་འཚོ་བའི་སྡོད་གནས་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་དགོས། མི་འབོར་བསྡུ་ལེན་དང་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན། ཀུན་ཕན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། དཔལ་འབྱོར་དང་སྤྱི་ཚོགས་ཕན་ཚུན་མཐུན་སྦྱོར་དང་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་འདྲེས་མཉམ་གནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བ་ཕན་ཚུན་སྤེལ་རེས་བཅས་བྱ་དགོས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། "གཞི་གཅིག་སྣེ་མང"གི་འཕེལ་རྒྱས་འཐབ་ཇུས་འདི་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་ཀྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འདེགས་སྐྱོར་བྱེད་ཡས་སུ་འཛུགས་སྐྱོང་བྱ་དགོས། "གཞི་གཅིག་སྣེ་མང "འདི་ཞིང་ཆེན་རིམ་པའི་རིམ་གྲས་སུ་བཞག་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀའི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་དམིགས་ཡུལ་ཐོག་ཚད་མཐོན་པོའི་མཐུན་པ་དང་།ནང་གནས་བླང་བྱའི་ཐོག་ཚད་མཐོན་པོའི་གཅིག་གྱུར་བྱེད་པ། འཕེལ་རྒྱས་ཐབས་ལམ་ཐོག་ཚད་མཐོན་པོའི་གཅིག་གྱུར་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕན་ཐོགས་ཡོད་པའི་ཆ་རྐྱེན་བསྐྲུན་དགོས། ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀའི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་ཀྱིས་སྣེ་ཁྲིད་བྱས་ཏེ་"གཞི་གཅིག་སྣེ་མང "གི་འཕེལ་རྒྱས་ཀྱི་འཐབ་ཇུས་འདི་ཡིས་འདེགས་སྐྱོར་གལ་ཆེན་བྱས་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་ཕན་ཚུན་མཉམ་འགུལ་དང་གཙོ་གནད་སྣེ་ཁྲིད། གཞི་སྣེ་མཉམ་སྤེལ་བཅས་བྱས་ཏེ་གཙོ་གནད་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གནས་བབ་ཇེ་མགྱོགས་སུ་ཆགས་པར་བྱ་དགོས། ཁྲེན་ཏུའུ་ཡི་གཙོ་གནད་དང་གཙོ་གཞིའི་ནུས་པ་སྟོབས་ལྡན་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་ནས་གླིང་གའི་གྲོང་ཁྱེར་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུ་ཡིས་གཅིག་འདོམས་བྱས་པར་བརྟེན། སི་ཁྲོན་གྱི་གྲོང་ཁུལ་གསར་པ་དང་ཁྲེན་ཏུའུ་ཤར་རྒྱུད་ཀྱི་གྲོང་ཁུལ་གསར་པ། ཀྲུང་གོའི་ནུབ་རྒྱུད་ཀྱི(ཁྲེན་ཏུའུ)ཚན་རྩལ་གྲོང་ཁྱེར་བཅས"གྲོང་ཁུལ་གཉིས་དང་གྲོང་ཁྱེར་གཅིག "ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་པའི་དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་ཁྲེན་ཏུའུ་དང་ཏའེ་དབྱང་།མའེ་ཧྲན། ཙི་ཀྲུང་བཅས་གྲོང་ཁྱེར་ཅན་དུ་འཕེལ་རྒྱས་མཉམ་གཏོང་བྱས་ཏེ་གྲོང་ཁྱེར་གྱི་གཙོ་གནད་གནས་གཞི་རྒྱུན་མཐུད་དུ་མཐོར་འདེགས་སུ་བཏང་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་ཕན་ཚུན་འཕེལ་རྒྱས་གཏོང་བ་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་གཏང་དགོས། ས་ཁོངས་ཀྱི་ལྟེ་གནས་གྲོང་ཁྱེར་གསོ་སྐྱོང་སྟབས་བདེ་བྱས་ཏེ་གནས་བབ་སྟོབས་ཤུགས་ལ་བརྟེན་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་གི་གཙོ་ཤུགས་མཐུན་སྦྱོར་ཆ་ཚང་བྱེད་དགོས་ལ། ནང་གནས་ཀྱི་སྒུལ་ཤུགས་བསྒྲིམས་ནས་གཞི་རྐྱེན་གོང་བུ་འགྲིལ་བའི་ནུས་པའང་ཇེ་དྲག་ཏུ་བཏང་ནས་ཞིང་ཆེན་རིམ་པའི་གྲོང་ཁུལ་གསར་པ་ཚན་པ་གཅིག་ཚན་རིག་ལྟར་རིགས་པས་སྒྲུབ་ཅིང་ཚུལ་མཐུན་གྱི་བཟོ་བཀོད་བྱས་མཐར། དངོས་གནས་ཀྱི་འདི་ཉིད་ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལས་འགན་གྱི་ཕྱོགས་བསྡུས་ལས་སྟེགས་འཛུགས་སྐྱོང་བྱ་དགོས། གལ་ཆེ་བའི་གཙོ་གནད་གྲོང་ཁྱེར་བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་བྱས་ནས་བགྲོད་ལམ་དང་ཐོན་ལས། སྐྱེ་ཁམས་སོགས་ཀྱི་ནུས་པ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་ལས་ཅན་གྱི་ཆ་ཚང་བའི་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་སའི་གལ་ཆེའི་འདེགས་སྐྱོར་འཛུགས་སྐྱོང་བྱ་དགོས། སི་ཁྲོན་དང་ཁྲུང་ཆིང་གི་ཁྱིམ་མཚེས་ས་ཁུལ་མཉམ་ལས་བྱ་རྒྱུ་གཙོ་གནད་དུ་བཞག་ནས་མཉམ་ལས་སྔོན་དུ་སྤེལ་བའི་ས་ཁུལ་དང་དཔེ་སྟོན་ས་ཁུལ། མཐུན་སྦྱོར་ས་ཁུལ་ཚན་པ་གཅིག་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བཅས་བྱ་དགོས། ཁྲུང་ཆིང་དང་གཞོགས་འདེགས་བྱས་ཏེ་ཝན་ཏ་ཁའེ་ཡི་སི་ཁྲོན་དང་ཁྲུང་ཆིང་གཅིག་གྱུར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཅིག་གྱུར་འཕེལ་རྒྱས་སྐུལ་འདེད་གཏོང་བར་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་དཔེ་སྟོན་ཐོན་པར་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཞན་ཆ་གསབ་སྣོན་དང་རྨང་གཞི་འདིང་བ། སྒུལ་ཤུགས་སྣོན་པ། ཡུན་རིང་པོར་ཕན་པའི་གཙོ་གནད་ལས་འགན་དམ་འཛིན་བྱས་ནས་གཏོར་བརྒལ་རང་བཞིན་གྱི་འཕེལ་རིམ་དང་དངོས་གནས་རང་བཞིན་གྱི་གྲུབ་འབྲས་ཅི་མགྱོགས་གང་མགྱོགས་ཀྱིས་ཐོབ་པར་བྱ་དགོས། འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་གྱི་ཞིང་ཆེན་སྟབས་ལྡན་གྱི་འཐབ་ཇུས་ལག་ལེན་ཟབ་མོ་བྱས་ནས་ཕྱོགས་སོ་སོར་སི་ཁྲོན་ཕྱི་ཕྱོགས་སུ་འགྲོ་སའི་བགྲོད་ལམ་བསྐྲུན་རྒྱུར་གཙོ་དམིགས་བྱས་པ་དང་། དེང་རབས་ཟོང་འདྲེན་གྱི་འགག་རྩའི་མ་ལག་འཛུགས་སྐྱོང་བྱས་ཤིང་དེང་རབས་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་བྱ་དགོས། དེང་རབས་ཐོན་ལས་མ་ལག་ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་ནས་བཟོ་ལས་ཀྱི"5+1 ཞབས་ཕྱིའི་ལས་རིགས"4+6 ཞིང་ལས་ཀྱི"10+3"བཅས་ཀྱིས་གཙོ་གནད་བྱས་ཏེ་ནུས་ཤུགས་གཅིག་ཏུ་བསྒྲིམས་ནས་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་གསོ་སྐྱོང་། གཙོ་ཤུགས་སྟོབས་ལྡན་ཡོང་བར་བྱས་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་ཐོན་ལས་གྲུབ་འབྲས་མཐོ་བའི་ལས་བགོས་དང་དུས་རིམ་བརྗེ་ནས་འཕེལ་རྒྱས། གོ་རིམ་ཡོད་པའི་འགྲན་སློང་། ཕན་ཚུན་མཉམ་འདྲེས་བཅས་བྱས་ནས་འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་སྤྱི་ཚོགས་དང་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་འཛུགས་སྐྱོང་བྱས་ཏེ་ལས་རིགས་སྣེ་ཁྲིད་ཁེ་ལས་ཆེན་པོ་དང་སྟོབས་ལྡན་དུ་འཛུགས་སྐྱོང་དང་། ཁེ་ལས་འབྲིང་ཆུང་ཆེད་ལས་ཞིབ་ཚགས་ཁྱད་ཆོས་གསར་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དེ་ལས་ཆེན་པོ་བྱ་དགོས།བཅོས་བསྒྱུར་སྒོ་འབྱེད་དང་གསར་གཏོད་བྱེད་པར་སྐུལ་འདེད་གཅིག་གྱུར་བཏང་ནས་གཞི་རྐྱེན་ཚང་ར་ཅན་དུ་བཀོད་སྒྲིག་བྱེད་པའི་བཅོས་བསྒྱུར་ཟབ་ཏུ་སྤེལ་བ་དང་། རྒྱལ་དབང་ས་ཆའི་བར་ཁྱམས་ཁྱབ་ཚུལ་ལེགས་སྒྱུར་བྱ་རྒྱུ། དཔལ་འབྱོར་གླིང་ཁུལ་དང་སྲིད་འཛིན་གླིང་ཁུལ་འོས་འཚམ་གྱིས་བགོས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ནས་སྒོ་འབྱེད་ཀྱི་བགྲོད་ལམ་དང་སྒོ་འབྱེད་ཀྱི་ལས་སྟེགས། སྒོ་འབྱེད་ཀྱི་ཁོར་ཡུག་སོགས་མཐུན་སྦྱོར་ངང་སྐུལ་འདེད་གཏང་རྒྱུ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་དང་། གསར་གཏོད་བྱེད་ནུས་ཀྱི་ཁྱབ་ཚུལ་ལེགས་སྒྱུར་བྱས་ནས་ཕུལ་དུ་བྱུང་བའི་གསར་གཏོད་ཀྱི་དཔལ་ཡོན་འཛུགས་སྐྱོང་བྱས་ནས་ནང་ཤུགས་སྟོབས་ལྡན་དང་ཕྱི་ཤུགས་གོང་བུ་འགྲིམ་པ། གསོན་ཤུགས་ངར་སློང་བྱེད་པ་སོགས་ཀྱི་སྒྱུར་ཐབས་ལས་ཆོད་འདོན་སྤེལ་དེ་བས་ཡག་པོ་བྱ་དགོས། ཐུན་མོང་དུ་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་ནུས་གསོག་འཇོག་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་ས་ཁོངས་ནང་གི་སྐྱེ་ཁམས་བར་ཁྱམས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་སི་ཁྲོན་དང་ཁྲུང་ཆིང་གི་ནགས་ཚལ་གྲོང་ཁྱེར་གྱི་ཚོགས་སྤྱི་འཛུགས་སྐྱོང་བྱ་དགོས། ས་ཁོངས་བརྒལ་བའི་ཆུ་བོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཉམ་ལས་ཟབ་སྤེལ་བྱས་ཤིང་། མཐུན་སྦྱོར་བྱས་ནས་ཁྲིམས་འཛུགས་དང་ཁྲིམས་བསྟར་བྱས་ཏེ་ས་གནས་གཉིས་ཀྱི་མི་དམངས་ཚོར་སི་ཁྲོན་གྱི་མཛེས་པའི་རི་ཆུའི་མཛེས་ལྗོངས་ཐུན་མོང་དུ་ལོངས་སུ་སྤྱོད་དུ་འཇུག་དགོས། སྤྱི་པའི་ཞབས་ཕྱི་མཉམ་སྐྱོང་མཉམ་སྤྱོད་བྱས་ནས་ཞན་ཆ་གསབ་སྣོན་དང་སྤུས་ཀ་ཇེ་ཡག མཉམ་སྤྱོད་ལ་སྐུལ་སྤེལ་གཏོང་བ་བཅས་ཟུང་འབྲེལ་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ། རོགས་སྐྱོབ་སོགས་ཚང་མས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། རྒྱུན་མཐུད་སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཕྱི་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏང་རྒྱུ། གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་ཟབ་ཏུ་བཏང་ནས་རྒྱུན་ཆད་མེད་པར་དམངས་ལ་སྟབས་བདེ་ཞིང་དངོས་ཕན་ཐོབ་རྒྱུའི་ཆུ་ཚད་མཐོ་རུ་གཏང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་པ་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པར་བརྟེན། ངེས་པར་དུ་ཕྱོགས་མང་ཞུགས་པ་དང་ཐུན་མོང་དུ་དོན་འཁྱོལ་བྱ་རྒྱུ་འཛིན་པའི་འཐབ་ཇུས་སྐུལ་འདེད་གཏོང་བའི་ལས་ཀའི་ཆགས་ཚུལ་འཛུགས་སྐྱོང་བྱ་དགོས། རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲུང་ཆིང་དང་མཉམ་དུ་འགོ་ཁྲིད་ཀྱི་སྒྲིག་སྲོལ་འཐུས་ཚང་དང་མཐུན་སྦྱོར་བྱེད་སྟངས་ལེགས་སྒྱུར།ལས་དོན་གྱི་ལས་ཁུངས་ཡག་པོ་ཏན་ཏིག་བྱས་ནས་ཞིང་ཆེན་གྱིས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏང་རྒྱུ་དང་། ས་ཁོངས་མཉམ་དུ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་གྲོས་རིམ་དང་འགན་ནུས་གཅིག་གྱུར་འཆར་འགོད་བྱ་དགོས།གྲོང་ཁྱེར (རང་སྐྱོང་ཁུལ)རིམ་པའི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་གལ་ཆེའི་བྱ་བ་དང་གཙོ་གནད་ལས་དོན་ལ་གྲུབ་འབྲས་མཐོན་པོ་ཐོབ་པར་འགན་ལེན་བྱ་དགོས། ཚོང་རའི་ནུས་པ་བཀོལ་སྤྱོད་ཡག་པོ་གཏང་རྒྱུའི་འཆར་འགོད་བྱས་ཏེ་སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་རྒྱལ་དབང་མ་རྩ་དང་ཁེ་ལས་མཉམ་སྡེབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རིགས་སྣ་ཚོགས་ཀྱི་མ་རྩ་དང་ལས་གཞི་མཉམ་ལས་བྱས་ཏེ་དམངས་གཉེར་ཁེ་ལས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་སའི་ནང་ཞུགས་པར་རྒྱབ་སྐྱོར་བྱས་པར་བརྟེན། ནོར་སྲིད་དངུལ་ལོར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་མ་རྩ་གཏོང་འཇོག་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱ་དགོས། ཕྱོགས་སོ་སོ་དེའི་ནང་ཞུགས་པར་སྐུལ་སློང་དང་། དྲིལ་བསྒྲགས་ཁྲིད་སྟོན་དང་སྲིད་ཇུས་གསེད་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཐུན་མོང་ངོས་འཛིན་ཇེ་དྲག་དང་ཡོངས་ཁྱབ་ཆེས་ཆེ་ལ་ཆེས་ཟབ་པའི་འཛུགས་སྐྱོང་ནུས་པ་གོང་བུ་གཅིག་ཏུ་སྒྲིལ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ནང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པ་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བསམ་གཞིགས་དང་། སྤྱི་ཡོངས་ཀྱི་བསམ་ཕྱོགས། བཀོད་སྒྲིག་དང་རྩ་འཛུགས་ཀྱི་འགན་ལེན་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་སྔར་ལས་གཅིག་གྱུར་ཡོང་བར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གནང་བའི་དུས་རབས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་སྔར་ལས་ཡག་པོ་འཁུར་དགོས། མ་སྐུལ་དང་བླངས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་《ཆོད་དོན》ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱས་ནས་འཐབ་ཇུས་ཀྱི་འདུ་ཤེས་ཇེ་དྲག་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཇེ་མགྱོགས་གཏང་དགོས། མིག་སྔར་ཁ་ཕྱོགས་པའི་གནས་བབ་དང་ལས་འགན་ངོས་འཛིན་གསལ་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཡུལ་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་བྱས་ནས་དུས་རབས་གསར་པའི་ཏང་ལེགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་དོན་འཁྱོལ་ཡག་པོ་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་སི་ཁྲོན་དང་སི་ཁྲོན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》དང་《ཀྲུང་གོའི་གུང་ཁྲན་ཏང་གི་ས་གནས་ཨུ་ལྷན་གྱི་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར། བློ་མཐུན་ཁྲེན་ཀོང་ཀྲི་དང་། ཝང་ཧའེ་ཕིན། ལིའུ་ཡུང་ཞང་བཅས་ཀྱིས་སྐབས་བཅུ་གཅིག་པའི་ཞིང་ཆེན་ཨུ་ལྷན་གྱི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱེད་པར་ཆོག་མཆན་བཀོད། སྐབས་བཅུ་གཅིག་པའི་ཞིང་ཆེན་ཨུ་ལྷན་གྱི་རྗེས་སྣོན་ཨུ་ཡོན་ཏེ་ཕིང་དང་། ལིའུ་ཝུན་ཀྲི། ལིའུ་ཧུའེ་དབྱིན། ལིའུ་ཞའོ་ཧྭ། ཞུའེ་ཀྲོའུ། ལི་ཞིན། ལི་ཝེ་རྨིན། ལི་ཧའེ་དབྱིང་། དབྱང་ཐེན་ཙུང་། ཁྲེན་ཀོང་ཧའོ། ཧྲའོ་ཀེ་ཅུན། ལུའོ་ལིའང་ཆིང་བཅས་བློ་མཐུན་རྣམས་ཞིང་ཆེན་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་རྗེས་སྣོན་ཨུ་ཡོན་དུ་གསབ་སྣོན་བྱེད་པར་ཆོག་མཆན་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ།གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱས། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་གི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སི་ཁྲོན་གྱི་ལེའུ་གསར་པ་བྲི་དགོས་ཞེས་འབོད་སྐུལ་གནང་བ་རེད། །