ར་སྐོར་ནང་བསྡུས་ཡོད་པའི་བོད་ལུག
སྤྱི་ཟླ་12པའི་ཚེས་2ཉིན། རྔ་བ་རྫོང་རྨེ་རུ་མ་ཡུལ་ཤོག་སྡེ་ཁག་བཞི་པ་ཡིས་གཡག་དང་བོད་ལུག་སོགས་ལ་ཉེན་འགོག་ཀྱི་ལས་ཀ་བསྒྲུབས་ཤིང་། གཡག་ལ་ཉེན་འགོག་གསོ་སྤེལ་ལག་བསྟར་བྱས་པ་བརྒྱུད། འབྲོག་པ་མང་ཚོགས་ཀྱིས་རང་བྱུང་གནོད་སྐྱོན་འགོག་པའི་ནུས་པ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་སྤྱིའི་ནུས་ཤུགས་མཐོར་འདེགས་བཏང་པ་མ་ཟད། ནུས་ལྡན་གྱི་སྒོ་ནས་གནོད་སྐྱོན་གྱིས་བཟོས་པའི་ཉེན་ཁ་སེལ་ཐབས་བྱས་ཏེ། འབྲོག་པ་མང་ཚོགས་ཀྱིས་གནོད་སྐྱོན་ཐེབས་རྗེས་དུས་ཐོག་ཏུ་གནོད་སྐྱོན་ཐེབས་པར་གུན་གསབ་ལེན་ཐུབ་པ་དང་། མགྱོགས་མྱུར་ངང་ཐོན་སྐྱེད་སླར་གསོ་བྱ་ཐུབ་པ་ཁག་ཐེག་བྱས་ཡོད།
གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་ཡོངས་ནས་རྨེ་རུ་མ་ཡུལ་ཤོག་སྡེ་ཁག་བཞི་པ་ནས་ཐེངས་འདིའི་བྱེད་སྒོ་སྤེལ་ཡོད་ལ། ཡུལ་ཤོག་འདིའི་ཞིང་འབྲོག་གཉིས་ཀྱི་གཡག་50000དང་བོད་ལུག་3000ལ་ཉེ་བར་སྒོར་དུང་ཕྱུར་1.06གིས་ཉེན་འགོག་འགན་ལེན་བྱས་ཡོད་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་ཡོད། །