སི་ཝར་པ་ཐི་གླིང་ཚོམ་གྱི་འགྲམ་དུ་བླངས་པའི་བྱང་སྣེའི་དྲེད་དཀར་ཞིག་གྲོགས་མེད་ཁེར་རྐྱང་གི་ངང་ནས་ཞུ་བཞིན་པའི་འཁྱགས་རོམ་གྱི་ཐོག་ཏུ་བསྡད་ཡོད་པ།
སི་ཝར་པ་ཐི་གླིང་ཚོམ་གྱི་འགྲམ་དུ་བླངས་པའི་བྱང་སྣེའི་དྲེད་དཀར་ཞིག
སྤྱི་ཟླ་12པའི་ཚེས་1ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ཐོག་གནས་ཚུལ་བཀོད་པ་ལྟར་ན། ཨ་རིའི་བུད་མེད་པར་བ་གྲགས་ཅན་ཁ་མེར་ཞི་མན་གྱིས་ལོ་ངོ་10ཡི་དུས་ཚོད་སྤྱད་ནས་སྣེ་གཉིས་སུ་འདྲ་པར་ལེན་པའི་ལས་ཀ་བསྒྲུབས་ཤིང་། ཁོ་མོས་བླངས་པའི་འདྲ་པར་བརྩམས་ཆོས་བསྡུས་དེབ་《ཞུ་བ།》ཞེས་པ་དེས། མི་རྣམས་ལ་སྣེ་གཉིས་ཀྱི་འཁྱགས་རོམ་ཞུ་ནས་འགྲོ་བཞིན་པ་དང་། དེར་གནས་པའི་སྲོག་ཆགས་ཀུན་འཚོ་གནས་ཀྱི་གནད་དོན་ལ་འཕྲད་ཡོད་པའི་གནས་ཚུལ་གསལ་སྟོན་བྱས་ཡོད།
པར་ལེན་པ་གྲགས་ཅན་ཞི་མན་ནི་1962ལོར་སྐྱེས་ཤིང་། ད་ལྟ་ཨ་རིའི་ཁ་ལེ་ཧྥོར་ནེ་ཡ་མངའ་སྡེ་རུ་ཡོད། 2003ལོ་ནས་བཟུང་བརྩིས་པའི་ལོ་ངོ་10ཡི་རིང་ལ་སྣེ་གཉིས་སུ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་ནས། འདྲ་པར་བརྩམས་ཆོས་ཧ་ཅང་མང་པོ་ཞིག་བླངས་ཡོད་ལ། སའི་གོ་ལའི་ཁོར་ཡུག་ཇེ་བཙོག་ཏུ་འགྲོ་བཞིན་ཡོད་པའི་སྐབས་འདིར། ཁོ་མོས། མིག་སྔར་སྣེ་གཉིས་ཀྱི་འཁྱགས་རོམ་འབོར་ཆེན་ཞུ་ནས་འགྲོ་བཞིན་ཡོད་པས། སྲོག་ཆགས་མང་པོ་ཞིག་གི་འཚོ་གནས་ཀྱི་ཁོར་ཡུག་ལ་ཉེན་ཁ་འཕྲད་ཡོད། ངའི་རེ་བར་འདྲ་པར་འདི་དག་བརྒྱུད་ནས། མི་རྣམས་ལ་སའི་གོ་ལ་ཇེ་དྲོད་དུ་སོང་བའི་ཉེན་ཁ་དང་། དོན་དངོས་ཐོག་གནད་དོན་འདི་ང་ཚོ་མི་ཚང་མར་འབྲེལ་བ་ཡོད་པའི་གསལ་བརྡ་ཞིག་གཏོང་བསམ་པ་ཡིན་ཞེས་ཟེར། །