གནག་ཕྱུགས་ཐོན་ལས་ལ་བརྟེན་ནས་འབྲོག་པའི་འཚོ་བ་ཕྱུག་པོར་ཆགས་སུ་བཅུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-03




 གནག་ཕྱུགས་ཐོན་ལས་ལ་བརྟེན་ནས་འབྲོག་པའི་འཚོ་བ་ཕྱུག་པོར་ཆགས་སུ་བཅུག

    ཉེ་བའི་ལོ་ཤས་རིང་བརྒྱད་ཟིལ་རྫོང་གིས་ས་གནས་དེ་གའི་ཐོན་ཁུངས་ལེགས་ཆར་བརྟེན་ཞིང་། ཡུལ་བབ་དང་བསྟུན་ནས་གནག་ཕྱུགས་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་ཤུགས་ཆེན་བཏང་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད། ད་སྔའི་བར་རྫོང་ཡོངས་སུ་གནག་ཕྱུགས་མགོ་གྲངས་ཁྲི7ལྷག་ཙམ་གསོ་ཚགས་བྱས་པ་དང་འབྲེལ་མཉམ་ལས་ཁང་དང་ཞིང་དུད་མཐུད་འབྲེལ་གྱི་མཁོ་ཚོང་བྱེད་སྟངས་བརྒྱུད་དེ་གནག་ཕྱུགས་གསོ་ཚགས་ཀྱི་ཆེད་ལས་མཉམ་ལས་ཁང4དང་གནག་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས3འཛུགས་གཉེས་བྱས་པས་མ་ཚད་བརྒྱད་ཟིལ་གནག་ཕྱུགས་ཀྱི་རིགས་རྒྱུད་ཐོན་ཁུངས་ཀྱི་རྟེན་གཞི1འཛུགས་སྐྱོང་བྱས་པར་བརྟེན། གནག་ཕྱུགས་ཐོན་ལས་ཀྱི་གཞི་ཁྱོན་གཞི་རྩའི་ཐོག་གྲུབ་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་གཞིས་མི་དབུལ་ཐར་ཕྱུག་འགྱུར་ཡོང་བར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་རེད།

    གནག་ཕྱུགས་ཐོན་ལས་སྤེལ་བའི་ཐབས་བཟང་འཚོལ།

      2019ལོ་ནས་བཟུང་བརྒྱད་ཟིལ་རྫོང་གིས“ཐབས་མཆོག་ལྔ”ཐོག་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་འབྲོག་ལས་ཐོན་ལས་གཙོ་བོར་བྱ་རྒྱུའི་ཐད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། གཟན་རྩྭ་འདེབས་འཛུགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། གནག་ཕྱུགས་རྒྱགས་གསོའི་གནད་དོན་ཐག་གཅོད་བྱ་རྒྱུ་འགག་གནད་སྒྲོལ་སར་བྱས་ཏེ་རྫོང་ནས་ཡུལ་ཤོག་བར་དང་། དེ་ནས་གྲོང་སྡེ་དང་དུད་ཚང་དུ་འབྲོག་ལས་གཙོ་བོར་བྱེད་པའི་འབྲོག་ལས་གསར་སྤེལ་གྱི་རྣམ་པ་ཆེན་པོ་ཞིག་ཆགས་པ་བྱས་ཏེ་གནག་ཕྱུགས་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་ཤུགས་ཆེན་བཏང་བར་མ་ཟད་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཀྱང་ཐོན་ཡོད།

      བརྒྱད་ཟིལ་རྫོང་ནི་ཕན་ནུབ་ཀློང་ཐང་དང་མཚོ་བོད་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་ཡོད་ཅིང་།འདིར་ཆར་ཆུ་འབེལ་བ་དང་ཉི་འོད་འཕྲོ་ཡུན་རིང་བ། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡིན་པས་རང་བྱུང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི460.82ལ་ཟིན་པ་དང་བེད་སྤྱོད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི416.58ལ་ཟིན་ཡོད། རྫོང་དེས་གནག་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ལྷན་སྐྱེས་ལེགས་ཆ་དང་རྗེས་ཐོན་ལེགས་ཆར་དབྱེ་ཞིབ་ནན་ཏན་བྱས་པའི་རྨང་གཞིའི་ཐོག རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་ཏེ་མང་ཚོགས་ལ་ཕྱུག་འགྱུར་འབྱོར་འབྲིང་ལམ་དུ་བསྐྱོད་རྒྱུའི་འདུན་པ་དྲག་པོ་ཡོད་པར་རྒྱུས་ལོན་བྱས་རྗེས་བརྒྱད་ཟིལ་རྫོང་དུ་སི་ཁྲོན་གྱི་གནག་ཕྱུགས་མགོ་གྲངས་ཁྲི་ཡི་དེང་རབས་ཐོན་ལས་གླིང་ཁུལ་བསྐྲུན་རྒྱུའི་ཐག་བཅད། རྫོང་ཨུའི་ཧྲུའུ་ཅི་ཀྲའོ་ཅིང་ཆང་གིས2019ལོར་རྫོང་ཡོངས་ཀྱི་ཞིང་འབྲོག་ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བཟུང་ནས་ཁྲོམ་ར་དང་སྦྲེལ་མཐུད་གཏིང་ཟབ་བྱས་ནས་ཕྱོགས་སྒྱུར་རིམ་སྤོར་ལ་གཞོལ་ནས་བརྒྱད་ཟིལ་རྫོང་ལུང་ཀྲི་ཧུའེ་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་བཙུགས་ཡོད། གནག་ཕྱུགས་ཐོན་ལས་འཕེལ་རྒྱས་དང་སྤུས་ལེགས་ཁྱད་ཆོས་ཞིང་ལས་ཁྱད་ཆོས་ཐོན་རྫས་གསར་སྤེལ་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་པས་མ་ཚད་སྒྲིག་གཞི་བཅོས་བསྒྱུར་དང་ཟུང་འབྲེལ་བྱས་ཡོད། རྫོང་ཨུའི་གྲོང་སྡེའི་ལས་དོན་གཞུང་ལས་ཁང་དང་ཞིང་འབྲོག་ཚན་རྩལ་ཅུས་སོགས་འབྲེལ་ཡོད་འགན་ནུས་བསྡུ་སྒྲིལ་བྱས་ཏེ་རྫོང་ཞིང་ལས་གྲོང་སྡེ་དང་ཚན་རྩལ་ཅུས་བསྐྱར་འཛུགས་བྱས་ཏེ་གནག་ཕྱུགས་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད། མ་འོངས་པའི་ལོ་བཅུའི་ནང་། ང་ཚོས་ལུང་ཀྲི་ཧུའེ་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་སྣེ་འདྲེན་དུ་བྱེད་པ་དང་། རྫོང་ཞིང་ལས་གྲོང་སྡེ་དང་ཚན་རྩལ་ཅུས་ཀྱི་ལས་གཞིའི་ལག་རྩལ་འགན་སྲུང་འདེགས་སྐྱོར་དུ་བྱས་ཏེ། ཆེད་གཉེར་མཉམ་ལས་རྩ་འཛུགས་དང་དབུལ་ཕོངས་དུད་ཚང་གི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ཧུར་ཐག་གིས་འཛུགས་རྒྱུ་ཡིན་ཞིང་། གནག་ཕྱུགས་ཐོན་ལས་གླིང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གནག་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འདོན་པར་ཁྱོན་ཡོངས་ནས་སྐུལ་སློང་བྱ་དགོས་ཅེས་བཤད།

     བརྒྱད་ཟིལ་གྱི་གནག་ཕྱུགས་ནི་རང་རྒྱལ་གྱི་རི་མཐོའི་གནག་ཕྱུགས་ཆེས་ཤོད་ཀྱི་མཚོན་བྱེད་ཅིག་ཡིན་ཞིང་། རང་རྒྱལ་གྱི་གནག་ཕྱུགས་ཆེ་གྲས་ལྔའི་ས་གནས་ཀྱི་ཐོག་མའི་གྲས་སུ་བཞག་ནས“བརྒྱད་ཟིལ་འབྲི་གཡག”གི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་ཡོད། ཀྲའོ་ཅིང་ཆང་གིས“ང་ཚོས་གནག་ཕྱུགས་ཐོན་ལས་དེ‘གསེར་གྱི་མེ་ཏོག་ལྔའི’གྲས་སུ་བརྩི་གིན་ཡོད། ‘ལོ་ལྔ་འཆར་གཞི་བཅུ་གསུམ་པའི’འཆར་འགོད་ནང་བཅུག་པ་དང་ལྷག་པར་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས‘བརྒྱད་ཟིལ་འབྲི་གཡག’སྤུས་རྟགས་སུ་བྱས་ནས་ཁུལ་ཡོངས་ཀྱི་གནག་ཕྱུགས་སྤུས་རྟགས་བཏོད་ཡོད། ཞིང་ཆེན་ཞིང་ལས་ཐིང་དང་ཚན་རྩལ་ཐིང་། སི་ཁྲོན་ཞིང་ལས་སློབ་ཆེན། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་། ཕྱུགས་ལས་ཚན་རིག་ཁང་སོགས་ཚན་པའི་སློབ་ཆེན་དང་སློབ་གླིང་གི་ཚད་མཐོའི་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། ང་ཚོར་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་གོ་སྐབས་སྤྲད་ཡོད། འབྱུང་འགྱུར་རྫོང་ཡོངས་ཀྱིས་མུ་མཐུད་ལེགས་ཆ་ལྡན་པའི་གོ་སྐབས་དམ་འཛིན་བྱ་རྒྱུ་ཡིན་ཞེས་བཤད། གཅིག་སྡུད་ཅན་དང་ཚན་རིག་ཅན་གྱི་གསོ་ཚགས་བྱས་པ་བརྒྱུད་སྔོན་ཐོན་གྱི་གསོ་སྤེལ་བྱེད་ཐབས་དང་བཤས་གཏོང་། ལས་སྣོན། ཕྱིར་ཚོང་། སྡེབ་སྐྱེལ་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད། གནག་ཕྱུགས་ཀྱི་ཐོན་ཚད་ཇེ་མང་གཏོང་བ་དང་། གནག་ཕྱུགས་ཀྱི་རྒྱུད་པ་ལེགས་བཅོས་བྱེད་པ། གསོ་སྤེལ་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། “བརྒྱད་ཟིལ་གནག་ཕྱུགས”ཀྱི་སྤུས་རྟགས་གཟུགས་བརྙན་ལེགས་སུ་བཏང་ནས་མཐར་གནག་ཕྱུགས་ཐོན་ལས་ཀྱི་དཔལ་འབྱོར་ཕན་འབྲས་མཐོ་རུ་གཏོང་བ་དང་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔར་རྫོང་དེའི་སི་ཁྲོན་གནག་ཕྱུགས་ཁྲིའི་ཐོན་ལས་གླིང་གི་ལས་གཞི(དུས་ཐེངས་དང་པོ)ཡི་གཙོ་གཟུགས་སྒྲིག་བཀོད་ལེགས་གྲུབ་ཟིན་པ་དང་ད་ཆ་མཇུག་སྒྲིལ་བའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

 འབབ་འཕར་ཕྱུག་འགྱུར་ཡོང་བའི་གླུ་དབྱངས་བླངས།

     ད་ལོ་ལོ་ན45ལ་སོན་པའི་ཝན་པ་གྲོང་རྡལ་གྱི་གཞིས་མི་ཚེ་རིང་གྲགས་པ་ཚང་ནི་མི་རབས་ནས་མི་རབས་བར་ཕྱུགས་གསོ་ཚགས་བྱས་ནས་འཚོ་གནས་བྱས་དང་བྱེད་བཞིན་ཡོད་པ་རེད། བསམ་རྒྱུ་དྲན་རྒྱུ་མེད་པར་ཞིག་ལ་འབྲོག་པའི་ས་ཆར་ནས་འཚར་ལོངས་བྱུང་བའི་བདག་ལྟ་བུ་མཚོན་ན་གནག་ཕྱུགས་ཐོན་ལས་གླིང་ཁུལ་དུ་ལས་དོན་རྙེད་པ་ནི་དགའ་འོས་པའི་གནས་སུ་ལྷུང་འདུག ད་ཆ་ལས་གཞིའི་ཁག་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་ང་ལ་ཟླ་རེར་གཏན་འཇགས་ཀྱི་ཡོང་འབབ་ཡོད་ཅེས་བཤད་པ་རེད།

     ཚེ་རིང་གྲགས་པས་ང་གནག་ཕྱུགས་ཐོན་ལས་གླིང་ཁུལ་དུ་མ་འཛུལ་གོང་དུ་གནག་ཕྱུགས་མགོ་གྲངས90གསོ་ཚགས་བྱས་པ་དང་ལོ་ལྟར་གཏན་འཇགས་དུས་ཚིགས་སུ་མགོ་གྲངས10བཤས་གཏོང་གིན་ཡོད་ཀྱང“ཇི་ལྟར་གནག་ཕྱུགས་སྐྱེ་འཕེལ་དང་ཕྱིར་ཚོང་གི་གནད་དོན་ལ་སེམས་ཁྲལ་བྱེད་ཀྱི་ཡོད། ད་ལྟར་སེམས་ཁྲལ་བྱེད་མི་དགོས་འདུག ངས་རང་ཁྱིམ་གྱི་གནག་ཕྱུགས་ཐོན་ལས་གླིང་ཁུལ་དུ་མ་རྐང་དུ་བཞག་པས་མ་ཚད་དེ་གའི་ལས་བཟོ་བར་གྱུར་ཡོད། “སླད་ཕྱིན་གྲང་རླུང་ལྡང་བ་དང་ཉི་མས་བསྲེག་པའི་དཀའ་ལས་ཁག་པའི་བྱ་བར་ཁ་གཏད་མི་དགོས་པར་ཐོན་ལས་འབྲོག་རའི་ཐོག་བྲིན་ཚོང་གི་གནད་དོན་ཐག་གཅོད་བྱས་ནས་སྡོད་ཆོག་ཅེས་དགའ་ཚོར་ཆེན་པོས་དེ་ལྟར་བཤད་པ་རེད།

ལུང་ཀྲི་ཧུའེ་སྤྱི་གཉེར་ཁང་གིས་འགན་འཁུར་བས་ཞིང་འབྲོག་ཐོན་ལས་ཅན་གྱི་ལས་གཞི་ཡག་པོ་ཞིག་ཡོད་མེད་བསྡུར་ཞིབ་བྱེད་སྐབས་གཞི་ཁྱོན་ལ་བལྟ་དགོས་པར་མ་ཟད་ལས་གཞིའི་སྐུལ་ཁྲིད་ནུས་པ་ཆེན་པོ་ཡོད་མེད་དང་མང་ཚོགས་ཀྱི་དངུལ་ཁུག་ནང་དངུལ་མང་པོ་ཡོད་མེད་ལ་ལྟ་དགོས་ཤིང་། དེ་ནི་དོན་དངོས་དང་ཟུང་འབྲེལ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་དལ་བྲེལ་ཆེ་ཆུང་གསལ་འབྱེད་དང་གཙོ་གནད་སྐུལ་སྤེལ་གཏོང་དགོས་པ་ཞིག་རེད། ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྐྱེད་བསྲིང་དང་སྟོབས་ཆེར་གཏོང་བ་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་ཅེས་བཤད།དཀར་རག་གྲོང་རྡལ་བྲག་རི་གྲོང་སྡེའི་ཟམ་པ་ཚོ་ཆུང་གི་བཤས་གཏོང་རྟེན་གཞིའི་ལས་གཞིའི་འཛུགས་སྐྲུན་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི4124.22བཏང་ཡོད། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་མུའུ38ལྷག་ཙམ་ཟིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ21574.9ལ་ཟིན་ཡོད།ལས་གཞི་དེ་ལག་བསྟར་བྱས་རྗེས། རྫོང་ཡོངས་ཀྱི་ཚད་ལྡན་ཅན་གྱི་བཤས་ར་མེད་པའི་ལོ་རྒྱུས་རྩ་བ་ནས་བསྒྱུར་ཏེ་ཞིང་འབྲོག་མང་ཚོགས་ཀྱི་རང་ཐོན་སྡེབ་ཚོང་གི་གནད་དོན་ཐག་གཅོད་བྱེད་ཐུབ་ཅིང་།བརྒྱད་ཟིལ་ཁྲོམ་རའི་འཚོ་བའི་དགོས་མཁོ་རྦད་དེ་སྐོང་ཐུབ་པར་བྱས།གཞི་ཁྱོན་ལྡན་པའི་གསོ་ཚགས་དུད་ཚང300ལ་སྐུལ་ཁྲིད་ཐུབ་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་མི་ཐེངས3000ལས་ཞུགས་ཐུབ་ཡོད། གྲོང་སྡེའི་མཉམ་སྡེབ12མ་རྐང་ལ་ཞུགས་པར་སྒོར་ཁྲི30བགོས་ཡོད། ཐད་ཀར་མི180ལྷག་ཙམ་གྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བྱས་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར800བྱུང་ཐོབ་པ་རེད།

     དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་རྒྱས། དེ་བཞིན“གསར་གཏོད་གསུམ་མཉམ་འགུལ”སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་བརྒྱད་ཟིལ་རྫོང་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་སྲིད་ཇུས་ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཡོད། དེ་མིན་ཆུ་དང་གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བ་དང་འཐུས་སྒོ་ཚང་དུ་གང་མགྱོགས་བཏང་ནས་ཞིང་ཆེན་དང་ཁུལ་གྱི་ལས་སྒོའི་སྡེ་ཚན་དང་ཚན་རིག་ཞིབ་འཇུག་ཁང་དབར་གྱི་ལག་རྩལ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ལག་རྩལ་ཞིབ་འཇུག་དང་། དཀའ་གནད་གལ་ཆེན་ཐག་གཅོད། ལག་རྩལ་རྒྱབ་སྐྱོར་བཅས་བྱས་པ་རེད།

      འདི་ལོར་བརྒྱད་ཟིལ་རྫོང་གིས་ཆུ་ཁུག་ཆུ་རགས་རྟེན་གཞི་བསྐྲུན་རྒྱུ་དང་འབྲེལ་གནག་ཕྱུགས་མགོ་གྲངས1000བཤས་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། བརྒྱད་ཟིལ་རྫོང་རིག་ལྡན་ཞིང་འབྲོག་ལས་ཕྱོགས་བསྡུས་དོ་དམ་སྤྲིན་ཚོགས་ལས་སྟེགས5ཡི་གྲངས་གཞི་འཚོལ་བསྡུ་ས་ཚིགས་ཀྱི་བཀོད་པ་ལེགས་གྲུབ། བརྒྱད་ཟིལ་གནག་ཕྱུགས་ཞིབ་འཇུག་གསར་སྤེལ་ལས་གྲྭའི་ལྟེ་གནས་ལས་གཞི་དང་། བཤས་གཏོང་ལས་གཞིའི་དུས་ཐེངས་དང་པོའི་ལས་གྲྭ བརྒྱད་ཟིལ་གནག་ཕྱུགས་ལ་མཁོ་བའི་ཚད་ཉུང་མ་རྒྱུ་གཟན་ཆས་ཀྱིས་སོ་ཕག་ལྡག་པའི་བཟོ་གྲྭ་བཅས་བསྐྲུན་ཡོད། བརྒྱད་ཟིལ་གནག་ཕྱུགས་གི་སྟོན་མོའི་ཚལ་རིགས་ཞིབ་སྤེལ་ལེགས་གྲུབ་བྱུང་ཡོད། རྫོང་བརྒལ་ནས་མ་རྨོས་ལོ་ཏོག་འདེབས་འཛུགས་དང་བརྔ་བསྡུ།སྔོ་བསྙལ་བཅས་མུའུ2000ལེགས་གྲུབ་བྱུང་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1