ཝང་ཏུང་མིང་དར་མདོའི་ས་འགུལ་གྱིས་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ནས་གསུང་བཤད་གལ་ཆེན་གནང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-04


               སྤྱི་ཟླ་12པའི་ཚེས་2ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་རྣམ་གཉིས་དར་མདོ་རྫོང་གི་གནོད་ཐེབས་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་བཞིན་པའི་ཚུལ།

               སྤྱི་ཟླ་12པའི་ཚེས་2ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་རྣམ་གཉིས་དར་མདོ་རྫོང་ལྷ་སྒང་གྲོང་རྡལ་རྡོ་ར་རུ་ཁག་དང་པོའི་རྡོ་ར་དཀར་མོའི་བདེ་འགོད་ཁུལ་དུ་ཕེབས་ནས། སྡེ་དམངས་ཀྱི་སྡོད་ཁང་ལ་གནོད་སྐྱོན་ཐེབས་ཚུལ་དང་། སྨན་བཅོས་མྱུར་སྐྱོབ། བདེ་འགོད་བྱེད་པའི་རིང་ལ་རྒུད་སྐྱོབ་དངོས་པོ་འབྱོར་བ་དང་། དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བར་གྲ་སྒྲིག་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོར་གནང་།

             སྤྱི་ཟླ་12པའི་ཚེས་2ཉིན་ནས་ཚེས་3ཉིན་བར་དུ། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་རྣམ་གཉིས་དར་མདོའི་གནོད་ཐེབས་ཁུལ་གྱི་གྲོང་སྡེ་དང་། བདེ་འགོད་ལྟེ་གནས། སློབ་གྲྭ་དང་སྨན་ཁང་། དགོན་པ་བཅས་སུ་ཕེབས་ནས། ས་འགུལ་གྱིས་གནོད་སྐྱོན་ཐེབས་པའི་ཡུལ་དངོས་ལ་གཟིགས་ཞིབ་གནང་སྟེ། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་། གནོད་ཐེབས་མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བ་དང་ས་འགུལ་བྱུང་རྗེས་ཀྱི་བསྐྱར་སྐྲུན་དང་འབྲེལ་ཡོད་ཀྱི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་བར་མ་ཟད། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། འགུལ་འགོག་རྒུད་སྐྱོབ་ཀྱི་ལས་ཀའི་གདོང་ལེན་པ་ལྟ་བུའི་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་། བཅིངས་འགྲོལ་དམག དྲག་ཆས་དཔོན་དམག མི་དམངས་ཀྱི་དགེ་རྒན་རྣམ་པ་དང་། སྨན་བཅོས་ལས་སྒྲུབ་པ། རང་འདུན་པ་བཅས་ཚང་མར་རྗེས་སུ་ཡི་རངས་དང་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུས།

            ས་འགུལ་བྱུང་གནས་དར་མདོ་རྫོང་ལྷ་སྒང་གྲོང་རྡལ་རྡོ་ར་རུ་ཁག་དང་པོའི་རྡོ་ར་དཀར་མོའི་བདེ་འགོད་ཁུལ་དུ། ཝང་ཏུང་མིང་དང་ཝེ་ཧུང་རྣམ་གཉིས་རས་གུར་གྱི་གཞུང་ལས་ཁང་དང་། སྨན་བཅོས་སྐྱོབ་རོགས་ལྟེ་གནས། དངོས་པོ་འཇོག་ས། ལས་བྱེད་པའི་ཉེ་བ་ཆ་སྒྲིག་ཞབས་ཞུ་ལྟེ་གནས། ཞིང་འབྲོག་མང་ཚོགས་སྡོད་སའི་རས་གུར་བཅས་ཀྱི་ནང་དུ་ཕེབས་ནས།  སྡེ་དམངས་ཀྱི་སྡོད་ཁང་ལ་གནོད་སྐྱོན་ཐེབས་ཚུལ་དང་། སྨན་བཅོས་མྱུར་སྐྱོབ། བདེ་འགོད་བྱེད་པའི་རིང་ལ་རྒུད་སྐྱོབ་དངོས་པོ་འབྱོར་བ་དང་། དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བར་གྲ་སྒྲིག་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོར་གནང་།

           ཝང་ཏུང་མིང་གིས་གཞི་རིམ་ལས་བྱེད་པ་དང་སྡེ་དམངས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོད་ཚོར་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་དབུ་ཁྲིད་རྣམ་པས་དུས་ཐོག་ཏུ་མཛུབ་སྟོན་གལ་ཆེན་གནང་ཡོད་ལ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་སྟོབས་ཤུགས་ཡོད་རྒུ་སྤྱད་དེ་འགུལ་འགོག་རྒུད་སྐྱོབ་ལ་ཧུར་ཐག་གིས་རོགས་སྐྱོར་བྱས་ཡོད། ད་ལྟ། ཡུལ་གྲོགས་ཚོ་དྲོད་སྐྱིད་ལྡན་པའི་བལ་འཚང་རས་གུར་དུ་བསྡད་ཡོད་ལ། རྒུད་སྐྱོབ་དངོས་ཟོག་ཚང་མ་འབྱོར་ཡོད་པ། དེ་བཞིན་བདེ་འགོད་བྱེད་རིང་དུ་འཚོ་བར་འགན་ལེན་ཡོད་པ་སོགས་མཐོང་དུས། ང་ཚོ་ཡང་སེམས་བདེ་པོ་འདུག གནོད་ཐེབས་ཁུལ་གྱི་རིམ་པ་ཁག་གི་གཞི་རིམ་ཏང་གི་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་འགུལ་འགོག་རྒུད་སྐྱོབ་ཁྲོད་དུ་གདོང་ལེན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཐུན་སྒྲིལ་དམ་པོའི་སྒོ་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་དཀའ་ངལ་ལས་སྒྲོལ་དགོས་ཞེས་དང་། ངའི་རེ་བར་ཡུལ་གྲོགས་ཚོས་ཕན་ཚུན་ལ་རོགས་རམ་བྱེད་པ་དང་།  ཏང་ཨུའི་སྲིད་གཞུང་དང་མཉམ་དུ་འབད་བརྩོན་བྱས་ཏེ།  ཞི་མཐུན་མཛེས་སྡུག་གི་ཁྱིམ་གཞིས་གསར་པ་སྐྲུན་དགོས་ཞེས་ནན་གསུང་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1