གྲོང་གསེབ་ཏུ་ས་ཞིང་ཐོག་ཁང་པ་གང་བྱུང་དུ་རྒྱག་པའི་གནད་དོན་རྒྱུན་ཆད་མེད་པར་ཐོན་པར་དམིགས་ཏེ། རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་གྲོང་གསེབ་པུས། ཟླ་7ཚེས་31ཉིན“བྱེད་མི་ཆོག་པ་བརྒྱད”དང་། “བྱེད་མི་རུང་བ་གཅིག” ཁ་གསལ་བཏོན་ནས། ས་ཞིང་གི་དམར་ཐིག་དང་། དེ་བཞིན་ཞིང་པའི་སྡོད་ཁང་རྒྱག་པའི་ལུགས་མཐུན་གྱི་དགོས་མཁོ་འགན་ལེན་བྱས་པ་རེད།
རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་གྲོང་གསེབ་པུས་མཉམ་འབྲེལ་ཐོག་བཏོན་པའི《གྲོང་གསེབ་ཏུ་ས་ཞིང་གང་བྱུང་དུ་བཟུང་ནས་སྡོད་ཁང་རྒྱག་པའི“བྱེད་མི་ཆོག་པ་བརྒྱད”སྐོར་གྱི་བརྡ་ཐོའི》ནང་། གཏན་འབེབས་བྱས་པའི“བྱེད་མི་ཆོག་པ་བརྒྱད”ནི། ཡུན་རིང་གི་གཞི་རྩའི་ས་ཞིང་བཟུང་ནས་ཁང་པ་རྒྱག་མི་ཆོག་པ་དང་། ས་ཞིང་ཧམ་བཟུང་དང་མང་པོ་བཟུང་ནས་ཁང་པ་རྒྱག་མི་ཆོག་པ། ས་ཞིང་ཉོ་འཚོང་དང་བརྒྱུད་བཤུག་བྱས་ནས་ཁྲིམས་འགལ་ངང་ཁང་པ་རྒྱག་མི་ཆོག་པ། འགན་གཙང་བླངས་པའི་ས་ཞིང་ཐོག་ཁྲིམས་འགལ་ངང་ཁང་པ་རྒྱག་མི་ཆོག་པ། མིང་གང་བྱུང་བཏགས་ནས་ས་ཞིང་བཟུང་སྟེ་ཁང་པ་རྒྱག་མི་ཆོག་པ། “ཐེམ་དུད་གཅིག་ལ་ཁང་པ་གཅིག”གི་གཏན་འབེབས་ལས་འགལ་ནས་ས་ཞིང་བཟུང་སྟེ་ཁང་པ་རྒྱག་མི་ཆོག་པ། ས་ཞིང་བཟུང་ནས་བརྒྱབ་པའི་ཁང་པ་ཁྲིམས་འགལ་ངང་བཙོངས་མི་ཆོག་པ། ས་ཞིང་བཟུང་ནས་བརྒྱབ་པའི་ཁང་པར་ཁྲིམས་འགལ་ངང་ཞིབ་མཆན་སྤྲོད་མི་ཆོག་པ་བཅས་རེད།