བྱམས་བརྩེའི་རོགས་སྐྱོར་ཐེབས་པའི་སློབ་མ་ཚོས་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་རྒྱ་གྲམ་དམར་པོ་ཚོགས་པ་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་ཁུལ་གྱིས་2012ལོ་ནས་འགོ་བརྩམས་ཏེ་བྱམས་བརྩེ་ཐེབས་རྩ་ཡིས་སྒོར་དུང་ཕྱུར་ལས་བརྒལ་བའི་རོགས་སྐྱོར་བྱས་ཡོད་པ་སྟེ། ཁྱོན་བསྡོམས་སྒོར་དུང་ཕྱུར་1.26ལ་སླེབས་ཡོད། དེ་ཡང་ན་ནིང་ནས་བཟུང་ཁྱོན་མི་གྲངས་7000ལྷག་ལ་རོགས་སྐྱོར་ཐོབ་ཡོད།
ཐེབས་རྩའི་ནང་ཞུགས་པའི་རང་འདུན་པ་ཚོས་འཁྲབ་སྟོན་བྱེད་བཞིན་པ།
2012ལོར་དཀར་མཛེས་ཁུལ་ཨུ་ཡིས། དཀར་མཛེས་ལ་བྱམས་བརྩེའི་རོགས་སྐྱོར་བྱེད་པ་ཞེས་པའི་ཐེབས་རྩ་བཙུགས་ཤིང་། ལོ་དེར་ཞལ་འདེབས་སྒོར་ཁྲི་778.5ལྷག་ཕུལ་ཐུབ་ཡོད། དེ་མ་ཟད་ལོ་རེའི་སྤྱི་ཟླ་11པའི་ཚེས་19ཉིན་ནི་དཀར་མཛེས་ཁུལ་གྱི་བྱམས་བརྩེའི་ཐེབས་རྩ་ཉིན་མོ་རུ་གཏན་འཁེལ་བྱས་ཏེ། དཀར་མཛེས་ཁུལ་གྱི་ཆེས་ཐོག་མའི་ཕྱོགས་བསྡུས་བྱམས་བརྩེའི་ཐེབས་རྩ་བཙུགས་པ་རེད། དེ་ནས་སློབ་གསོའི་ཐོན་ཁུངས་དང་སྨན་བཅོས་རོགས་སྒྲུབ། སྤྱི་ཚོགས་སྐྱོབ་གསོ་བཅས་ཀྱི་སྐོར་ནས་ཀུན་ཕན་བྱམས་བརྩེའི་ལས་གཞི་མང་པོ་སྤེལ་ཡོད་ལ། ལས་གཞི་ཞིག་གི་རྣམ་པ་ཡིས་བྱམས་བརྩེའི་ཐེབས་རྩ་ཡི་ལས་གཞི་འཕེལ་རྒྱས་སུ་བཏང་། །