ཟླ་བ་8པའི་ཚེ་28ཉིན། བྱུ་རུ་གཙོ་བོ་བྱས་ནས་བཞེངས་པའི་ཚེམ་དྲུབ་ཀྱི་ བདེ་ཆེན་ཞིང་བཀོད་ཐང་ཀ་ཆེན་མོ་ལ་འཛམ་གླིང་གི་ཆེས་ཆེ་བའི་བྱུ་རུའི་ཞལ་ཐང་ཞེས་པའི་མཚན་སྙན་ཐོབ་ནས་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཕིའི་ཏུའུ་རུ་འཛམ་གླིང་ཟིན་ཐོའི་དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ་ཞིང་། འཛམ་གླིང་ཟིན་ཐོ་(WRCA) དབྱིན་ཇི་རྒྱལ་གྱི་གཞུང་ཕྱོགས་འཐུས་ཚབ་པས་ལྷ་པ་ཨོ་རྒྱན་རྡོ་རྗེ་ལ་འཛམ་གླིང་ཟིན་ཐོའི་དཔང་ཡིག་སྤྲད་པ་རེད།
བྱུ་རུ་གཙོ་བོ་བྱས་ནས་བཞེངས་པའི་ཚེམ་དྲུབ་ཀྱི་བདེ་ཆེན་ཞིང་བཀོད་ཐང་ཀ་ཆེན་མོ་ལ་མཐོ་ཚད་སྨི་7.1དང་། ཞེང་ཚད་ལ་སྨི་5.68ཡོད་ཅིང་། བྱུ་རུ་48500དང་གོས་ཆེན་སྤུས་ལེགས་རིགས་སྣ་ཚོགས་ལས་གྲུབ་ཅིང་། ལྷ་བཟོ་ཨོ་རྒྱན་རྡོ་རྗེ་གཙོས་པའི་ལྷ་བཟོ་བདུན་གྱིས་ལོ་གཉིས་ཙམ་བཞེངས་པ་ཞིག་རེད།