༄༅།།ཨོ་རྒྱན་རྡོ་རྗེའི་བརྩམས་ཆོས་འདེམས་བཀོད།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-04


མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་པ་ཨོ་རྒྱན་རྡོ་རྗེའི་བརྩམས་ཆོས་བདམས་བཀོད།
དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས།

        ཁྲེན་ཏུའུ་གྲོང་ཁྱེར་ཕིས་ཏུའུ་ཆུས་ཀྱི་གནའ་གྲོང་ཞིག་ཏུ་ཁམས་སྡེ་དགེ་ནས་ཡོང་བའི་ལྷ་བཟོ་ཞིག་གིས་བོད་ཀྱི་ཐང་ཀ་བཟོ་སའི་རྟེན་གཞི་གལ་ཆེན་ཞིག་བཙུགས་ཡོད། དེ་བཙུགས་མཁན་ནི་“མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་པ་”ཞེས་པའི་མཚན་སྙན་ཐོབ་མཁན་གྱི་ལྷ་བཟོ་ཆེན་མོ་ཨོ་རྒྱན་རྡོ་རྗེ་ཡིན་པ་རེད།

        ཨོ་རྒྱན་རྡོ་རྗེ་ནི་1973ལོར་ཁམས་སྡེ་དགེ་རུ་འཁྲུངས་ཤིང་།

        རང་ལོ་13སྟེང་ནས་ཞང་པོ་ཡོན་ཏན་ཚེ་རིང་གིས་དཔལ་སྤུངས་དགོན་དུ་ཁྲིད་ནས་བོད་ཀྱི་ལྷ་བཟོ་བ་ཆེན་མོ་ཐང་བླ་ཚེ་དབང་གི་མདུན་དུ་ལྷ་འབྲི་རྒྱུ་སྦྱོང་དུ་བཅུག་པས་ཐང་བླ་ཚེ་དབང་གི་དངོས་སློབ་རྩ་ཆེན་དུ་གྱུར།

        1999ལོར་ལྷ་བཟོ་དཀོན་མཆོག་བཀྲ་ཤིས་མདུན་དུ་《གེ་སར་གྱི་སྟོང་ཐང་ཆེན་མོ།》དང་། 《 ཤམ་བྷ་ལའི་སྟོང་ཐང་ཆེན་མོ།》འབྲི་སར་ཞུགས་ནས་རང་གི་ལྷ་བཟོའི་བཟོ་རྩལ་ཐད་ཀྱང་ཡར་ཐོན་ཆེན་པོར་ཕྱིན། 2009ལོར་ཁོང་གིས་གངས་ལྗོངས་ཐང་ཀའི་རིག་གནས་ཁྱབ་སྤེལ་སྤྱི་གཉེར་ཁང་བཙུགས་ནས་དུས་ཚོད་ཐུང་ཐུང་ནང་དུ་བྱ་དགའ་ཡང་མང་པོ་ཐོབ།

        2017ལོར་ཁོང་གིས་བྲིས་པའི་《བདེ་ཆེན་ཞིང་བཀོད།》ཀྱི་ཞལ་ཐང་ཞིག་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་འགྲེམས་སྟོན་ནང་ཞུགས་ཐུབ་པ་བྱུང་བས་མ་ཚད་ཁོང་ལ་“རྒྱལ་ཁབ་ཆེན་མོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་པ་”ཞེས་པའི་མཚན་སྙན་ཐོབ་པས་སྐབས་དེར་སི་ཁྲོན་ཞིང་ཆེན་གྱི་བྱ་དགའ་དེ་ཐོབ་མཁན་གྱི་མི་གཅིག་པུ་རུ་གྱུར། དེའི་རྗེས་ཁྲེན་ཏུའུ་གྲོང་ཁྱེར་ཕིས་ཏུའུ་ཆུས་ཀྱི་མནའ་གྲོང་དུ་སའི་རྒྱ་ཁྱོན་མུའུ་ལྔ་ལྷག་ཅན་གྱི་ས་མལ་དུ་ཐང་ག་འབྲི་སའི་རྟེན་གཞི་ཞིག་བཙུགས་ནས་“རྒྱལ་ཁབ་ཆེན་མོའི་ཐང་གའི་ལག་ཤེས་པ”ཞེས་པའི་སྒོ་བྱང་འགེལ་ཐུབ་པ་བྱུང་།

        ཐང་ཀ་འབྲི་རྒྱུ་དང་སློབ་མ་སྐྱོང་རྒྱུ་ནི་ཨོ་རྒྱན་རྡོ་རྗེས་མི་ཚེ་གཅིག་གི་དམིགས་ཡུལ་གཙོ་བོ་དང་། མི་ཚེའི་རིན་ཐང་ཉག་གཅིག་ཏུ་འཛིན་པས་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། ད་ལྟ་ཐང་ག་འབྲི་སའི་རྟེན་གཞི་དེ་རུ་རྒྱུན་དུ་མི་སུམ་ཅུ་ལྷག་གིས་མཁྱེན་ལུགས་གཙོ་བོར་གྱུར་པའི་ཞལ་ཐང་དང་ལྡེབས་རིས། ཚོན་དྲུབ་སོགས་ཐང་ཀ་བཟོས་ནས་བོད་ཀྱི་མཛེས་རྩལ་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བཞིན་ཡོད། 

མཁྱེན་ལུགས་ཀྱི་བཀའ་བརྒྱད་ལྡེབས་རིས།ཚེས་དྲུབ་ཀྱི་བདེ་ཆེན་ཞིང་བཀོད།

ཚེས་དྲུབ་ཀྱི་ནོར་ལྡན་གླང་ཆེན་དང་རྟགས་བརྒྱད་སྤུངས་པ།

ཚེས་དྲུབ་ཀྱི་བདེ་ཆེན་ཞིང་བཀོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1