ཨེ་ཅིབ་ནས་ལོ་ངོ་2500སྔོན་གྱི་ཤིང་གི་དུར་སྒམ་བཏོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-09


ཟླ་9ཚེས་6ཉིན། ཨེ་ཅིབ་ཅི་སཱ་ནས་པར་བླངས་པའི་ཤིང་གི་དུར་སྒམ།
    ཟླ་9ཚེས་6ཉིན། ཨེ་ཅིབ་ཡུལ་སྐོར་དང་རིག་གནས་པུའུ་ཡིས་ཚེས་6ཉིན་ཁྱབ་བསྒྲགས་བྱས་དོན། ཨེ་ཅིབ་གནའ་རྫས་རྟོག་ཞིབ་རུ་ཁག་ཅིག་གིས་ཉེ་སྔོན་ཅི་སཱ་ཞིང་ཆེན་སའེ་ཅ་ལ་ས་ཁུལ་ནས་ལོ་ངོ་2500སྔོན་གྱི་ཉར་ཚགས་ཆ་ཚང་བྱས་པའི་ཤིང་གི་དུར་སྒམ་ཉུང་མཐར་ཡང་13བསྔོགས་པ་རེད། 
   ཡུལ་སྐོར་དང་རིག་དངོས་པུའུ་ཡིས་གསལ་བསྒྲགས་བྱས་དོན། ཤིང་གི་དུར་སྒམ་འདི་རིགས་ནི་གཏིང་ཟབ་ཚད་ལ་སྨི་11ཡོད་པའི་དུར་ཁུང་ནས་བཏོན་པ་དང་། དུས་མཉམ་དུ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ད་དུང་དུར་ཁུང་ནས་དམ་སྦྱར་ཆ་སྒམ3བཏོན་པ་རེད། ཐོག་མའི་རྟོག་ཞིབ་ལས་མངོན་གསལ་ལྟར་ན། ཤིང་གི་དུར་སྒམ་འདི་རིགས་བཏོན་པའི་དུས་ནི་སྔར་བཞིན་ཁྱོན་ཡོངས་དམ་སྦྱར་བྱས་ཡོད་པས། དེ་ལས་དུར་ལ་བཅུག་རྗེས་སྔོག་འདོན་བྱས་མྱོང་མེད་པར་མཚོན་ཐུབ། 
   ཨེ་ཅིབ་ཀྱི་ཡུལ་སྐོར་དང་རིག་དངོས་པུའུ་ཀྲང་ཧ་ལི་ཏེ་ཨ་ན་ཉི་དང་ཨེ་ཅིབ་ཀྱི་ཆེས་མཐོའི་རིག་དངོས་ཨུ་ལྷན་གྱི་དྲུང་ཆེན་མུའུ་སི་ཐ་ཧྥ་ཝ་ཆི་ལིས་དེ་ཉིན་གནའ་རྫས་རྟོག་ཞིབ་ལས་ཡུལ་དེར་གཟིགས་ཞིབ་གནང་བ་རེད། ཨ་ན་ནེ་ཡིས་ཡུལ་དངོས་ནས་བཤད་རྒྱུར། དེ་ནི་2019ལོའི་ལུའུ་ཁེ་སུའོ་ཡི་དུར་ཁུང་རྐྱང་པའི་ནང་ནས་ཤིང་གི་དུར་སྒམ་30བཏོན་རྗེས་སླར་ཡང་དུར་ཁུང་རྐྱང་པའི་ནང་ནས་ཤིང་གི་དུར་སྒམ་མང་པོ་དེ་འདྲ་ཐོན་པ་ཞིག་རེད།

   ཝ་ཆི་ལིས་ཉིན་དེར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ལོ་2500ལྷག་ཙམ་གྱི་ལོ་རྒྱུས་བརྒྱུད་ཀྱང་ཤིང་གི་དུར་སྒམ་ཐོག་གི་ཚོན་རིས་དེ་དག་སྔར་བཞིན་གསལ་འདུག མིག་སྔར་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ད་དུང་ཤིང་གི་དུར་སྒམ་འདི་དག་གི་གྲངས་འབོར་དང་བདག་པོ་དང་དེ་བཞིན་དེའི་ཐོབ་ཐང་ལ་སོགས་པ་གཏན་ཁེལ་བྱེད་མི་ཐུབ། འོན་ཀྱང་ཁོང་གིས་གནའ་རྫས་རྟོག་ཞིབ་སྔོག་འཚོལ་ལས་དོན་མུ་མཐུད་སྤེལ་བ་དང་བསྟུན་ནས་གནས་ཚུལ་ཇེ་གསལ་དུ་བྱུང་ནས་ཡོངས་བསྒྲགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

   སའེ་ཅ་ལ་ས་ཁུལ་ནི་གནའ་བོའི་ཨེ་ཅིབ་ཤེས་རིག་གི་སྲོག་ཤིང་རྗེས་ཤུལ་ཡིན་ཞིང་། ཧྥ་རའོ་དམག་དཔོན་མང་པོའི་གཏོར་གཟུགས་མཆོད་རྟེན་དང་སྐུ་དྲག་མང་པོའི་དུར་ས་དེ་གར་ཡོད་པ་དང་དེའི་ནང་གནའ་བོའི་སྐས་འཛེག་གཏོར་གཟུགས་མཆོད་རྟེན་ཚུད་ཡོད།
 




ཟླ་9ཚེས་6ཉིན། ཨེ་ཅིབ་ཀྱི་ཡུལ་སྐོར་དང་རིག་དངོས་པུའུ་ཀྲང་ཧ་ལི་ཏེ་ཨ་ན་ཉི་དང་ཨེ་ཅིབ་ཀྱི་ཆེས་མཐོའི་རིག་དངོས་ཨུ་ལྷན་གྱི་དྲུང་ཆེན་མུའུ་སི་ཐ་ཧྥ་ཝ་ཆི་ལིས་ཅི་ས་ནས་ཤིང་གི་དུར་སྒམ་ལ་གཟིགས་ཞིབ་གནང་བཞིན་པ། 


ཟླ་9ཚེས་6ཉིན། ཨེ་ཅིབ་ཅི་སཱ་ནས་པར་བླངས་པའི་ཤིང་གི་དུར་སྒམ།

ཟླ་9ཚེས་6ཉིན། ཨེ་ཅིབ་ཅི་སཱ་ནས་པར་བླངས་པའི་ཤིང་གི་དུར་སྒམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1