༄༅།།འཕྲིན་ལས་བདེ་ཆེན་གྱི་བརྩམས་ཆོས་བདམས་བཀོད།

འཕྲིན་ལས་བདེ་ཆེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-09



འཕྲིན་ལས་བདེ་ཆེན་གྱིས་རྩོམ་དང་པར་མཁོ་འདོན་བྱས།
འཕྲིན་ལས་བདེ་ཆེན། 
        1987ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་སྐྱེས། 2011ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་ནས་དངོས་གཞིའི་སློབ་མ་དང་། 2015ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་ནས་ཞིབ་འཇུག་སློབ་མ་མཐར་ཕྱིན། 2017ལོར་ཀྲུང་གོའི་མཛེས་རྩལ་ལྷན་ཚོགས་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གཉིས་ཀྱིས་སྤེལ་བའི་“སྐབས་དྲུག་པའི་ནུབ་ངོས་གྲངས་ཉུང་མི་རིགས་ན་གཞོན་མཛེས་རྩལ་མཁན་གྱི་མཐོ་རིམ་ཞིབ་འཇུག་འཛིན་གྲྭ་”ནས་མཐར་ཕྱིན། བོད་ལྗོངས་སྣུམ་ཚོན་རི་མོའི་ལྷན་ཚོགས་ཀྱི་ལས་འཛིན། ད་ལྟ་ཕྱག་ལས་དང་བཞུགས་གནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ཡིན།

 མི་སྒེར་གྱི་འགྲེམ་སྟོན།

        2019ལོར་འཕྲིན་ལས་བདེ་ཆེན་སྒེར་གྱི་རི་མོའི་འགྲེམ་སྟོན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ། 2019ལོར་སྒང་གི་གཉིད་ལངས་ལམ་སྟོན་ཞེས་པའི་མི་གཉིས་ཀྱི་འགྲེམ་སྟོན་ཧྲང་ཧེ་སྡེ་ཁུལ་གྱི་མཛེས་རྩལ་ཁང་དུ་སྤེལ། 2017ལོར་《རྣམ་པ།》ཞེས་པའི་འཕྲིན་ལས་བདེ་ཆེན་སྒེར་གྱི་འགྲེམ་སྟོན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གཡག་རྟེན་མཛོད་གླིང་དུ་སྤེལ། 2015ལོར་མ་འོངས་པའིི་སྲོལ་རྒྱུན་ཞེས་པའི་འཕྲིན་ལས་བདེ་ཆེན་སྒེར་གྱི་འགྲེམ་སྟོན་བོད་ལྗོངས་ལྷ་ས་གྲོང་ཁྱེར་དགེ་འདུན་ཆོས་འཕེལ་དེང་རབས་སྒྱུ་རྩལ་བར་ཁྱམས་སུ་སྤེལ། དེ་མིན་སྔ་རྗེས་སུ་རྒྱལ་ཕྱི་ནང་གི་སྒྱུ་རྩལ་ཁྱུ་འགྲེམ་མང་པོར་ཞུགས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1