“2013ལོ་ནས་བཟུང་། ཀྲུང་དབྱང་དང་དེ་བཞིན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་བོད་ཀྱི་རིམ་པ་དེ་གའི་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མི་དམངས་ཤོག་སྒོར་ཁྲི་7000ཙམ་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་གྱི་རྟེན་རྫས་བཤམས་མཛོད་ཁང་དང་དེ་བཞིན་འགྲེམས་ཁང་ནང་གི་བཀོད་པར་སྤྱད་པ་རེད།” སྐལ་བཟང་ཚེ་རིང་གིས། ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5700ཙམ་ཟིན་པ་དང་། དེས་གྲོང་ཁྱེར་དེ་ཡོངས་ཀྱི་རིག་དངོས་བསྡུ་རུབ་ཉར་ཚགས་དང་སྲུང་སྐྱོང་དོ་དམ་གྱི་འགན་འཁུར་རྒྱུ་རེད། དེ་བཞིན་ཚན་རིག་ཞིབ་འཇུག་དང་། འགྲེམས་སྟོན་བེད་སྤྱོད། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་འགན་ནུས་འཁུར་རྒྱུ་རེད་ཅེས་བཤད།
“འགྲེམས་སྟོན་བྱས་པའི་ས་འོག་ནས་ཐོན་པའི་རིག་དངོས་ཚང་མ་ནི་བོད་ཀྱི་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད། ”ཅེས་སྒྲོལ་མ་ཡིས་བཤད། སྒོ་ཆེན་གྱི་ཚོམས་ཆེན་ནང་འགྲེམས་སྟོན་ཁང་གི་ཚོན་ལྡན་རྫ་ཆས་རིག་དངོས་ཅིག་ཤོས་དེ་བཤམས་ཡོད་པ་དང་ད་བར་ལོ་1700ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེའི་ཕྱི་ངོས་ཀྱི་རི་མོ་ལ་ཀྲུང་ཡོན་རིག་གནས་ཀྱི་རྟགས་ཡོད། ད་དུང་ཆ་སྒམ་ནང་གི་དཀར་ཡོལ་མཐོན་པོ་དེ་ནི་ཡོན་རྒྱལ་རབས་སྐབས་དར་སོ་ཆེ་བའི་བཟོ་དབྱིབས་ཡིན་པ་དང་། གསེར་གྱི་རྒྱན་ཆ་དང་མཚོ་སྔོན་གྱི་ཏུའུ་ལན་ཐུ་བྷོད་བང་སོ་ནས་ཐོན་པའི་གསེར་གྱི་རྒྱན་ཆ་གཉིས་དང་ཅུང་འདྲ་ཞིང་། སྤྱི་ལོའི་དུས་རབས་བརྒྱད་པར་བཞེངས་པའི་བསམ་ཡས་དགོན་གྱི་གྱོ་མཆུ་ལའང་ཀྲུང་ཡོན་གྱི་ཁྱད་ཆོས་ལྡན་པ་རེད།
http://tibet.people.com.cn/15824021.html