གླེང་གཞི།
སྤྱིར་རྩོམ་རིག་ལ་མཚོན་ནས་བཤད་ན་རྩོམ་པ་པོས་སྨྱུག་ཁ་རྒྱུན་ལྡན་གྱི་འཚོ་བར་གཏད་ནས། སྤྱི་ཚོགས་སྟེང་གི་བྱ་དངོས་གང་རུང་ཞིག་གིས་རང་ཉིད་ལ་བྱིན་པའི་མྱོང་ཚོར་སྣ་ཚོགས་ལ་ལས་སྣོན་བྱས་ཏེ་བཅོས་མིན་བསམ་བློ་བརྩམས་ཆོས་ལས་མངོན་པར་བྱེད་རྒྱུ་དེ་ཡིན་ལ། རྩོམ་རིག་ཅེས་པ་ངོ་བོའི་སྟེང་ནས་མིའི་གནས་སྡོད་དང་རང་དབང་གསེད་འགྲོལ་བྱ་བ [1]འམ་མིའི་རིགས་ཀྱི་འཚོ་གནས་བྱེད་སྟངས་ཤིག་ཡིན་ [2]ཞེས་གསུངས་ཡོད་པ་དང༌། བརྩམས་ཆོས་གང་ཞིག་འབྲི་ནའང་དེ་ནི་འཚོལ་སྡུད་ཀྱི་དུས་རིམ་དང༌། བསམ་བཀོད་ཀྱི་དུས་རིམ། མཚོན་བརྗོད་ཀྱི་དུས་རིམ [3]གསུམ་དང་གཏན་ནས་ཁ་བྲལ་ཐབས་མེད་པ་རེད། དུས་རིམ་དེ་འདྲ་གསུམ་བརྒྱུད་མཐར་ད་གཟོད་ཀློག་པ་པོར་བསམ་བློའི་སྐུལ་ཤུགས་ཤིག་དང་དུས་རབས་ཀྱི་མཆོང་བསྐྱོད་ཅིག བཅོས་བསྒྱུར་གྱི་དམིགས་ཡུལ་ཞིག་ཕུགས་སུ་སྟོན་རྒྱུ་ནི་རྩོམ་པ་པོས་བརྩམས་ཆོས་ཤིག་འབྲི་བའི་དམིགས་ཡུལ་ཡང་ཡིན། མི་རིགས་ཤིག་གི་ཕྱིའི་རྨ་ཁ་གསོ་བ་ལས། ནང་སེམས་ཀྱི་གཅོང་ནད་གསོ་རྒྱུ་གལ། [4]ཞེས་པའི་སྔོན་བྱོན་མཁས་དབང་ལུའུ་ཞུན་གྱི་གསུང་ལྟར། རྩོམ་རིག་ཅིག་ཡིན་ན་ངེས་ པར་དུ་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུས་ནས་མིའི་རིགས་ཀྱི་བསམ་བློ་ཡར་ཐོན་དང་བཅོས་བསྒྱུར་ལ་ནུས་པ་མི་དམན་པ་ཞིག་ཐོན་དགོས་པ་ཡིན་ལ། དེ་བཞིན་དུ་༢༠༠༩ལོའི་<<སྦྲང་ཆར>>དེབ་དང་པོའི་སྟེང་བཀོད་པའི་མང་རའི་རྒྱལ་མཚན་གྱི་སྒྲུང་ཐུང<<སྐྱོ་འཛུམ>>ཞེས་པའང་བརྩམས་སྒྲུང་གཞན་དང་བསྡུར་ན། ཁོད་ཡངས་པའི་བསམ་བློ་གཙོས་ཕྱོགས་གང་ཅིའི་ཐད་ནས་འབུར་ཐོན་དུ་སྣང་བས། ཕྲན་གྱི་ཡིད་སེམས་དབང་མེད་དུ་བཀུགས་ཤིང་ཞོར་དུ་རང་ནུས་ཀྱིས་དཔྱད་པ་ཙམ་གཏོང་འདོད་ཀྱི་ཀུན་སློང་སྐྱེས་པ་དང༌། ཡང་གཅིག་བཤད་ན་དེང་གི་རྩོམ་རིག་གི་ཞིང་ས་རུ་བགྲང་ལས་འདས་པའི་བརྩམས་ཆོས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང༌། དེ་དག་ལ་བསམ་བློ་གསར་བ་དང་འདུ་ཤེས་གསར་བ། སྒྱུ་རྩལ་མཚོན་ཐབས་གསར་བ་སོགས་ཐོད་བརྒལ་རང་བཞིན་གྱི་ཆ་ཤིན་ཏུ་ཉུང་བས་ན། སྒྲུང་ཐུང<<སྐྱོ་འཛུམ>>ནི་དེ་དག་དང་བསྡུར་ན་སྔོན་ཐོན་གྱི་ཆ་མི་ཉུང་བ་ཞིག་ཡོད་པས། ང་ཚོས་བཟང་བོ་ལ་སློབ་སྦྱོང༌། ཞེས་པའི་གནའ་མིའི་ཁ་དཔེ་ལྟར་སྒྲུང་ཐུང<<སྐྱོ་འཛུམ>>གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ལ་གོང་བཀུར་དང་སློབ་སྦྱོང༌། མོས་གུས་བྱེད་འོས་པས་ཐེངས་འདིར་ཕྲན་གྱིས་ཀྱང་རང་བློས་དཔོག་ཚོད་ཀྱིས་དཔྱད་པ་ཕྲན་ཙམ་བཏང་བ་ཀུན་གྱི་སྤྱན་ལམ་དུ་འབུལ་བར་བྱའོ།།
དང་པོ། མི་སྣ་དང་སེམས་ཁམས་ཞིབ་འབྲི་བྱས་པ་འབུར་དུ་ཐོན་པ།
རྩོམ་རིག་གི་རྩ་བའི་བྲི་བྱ་ནི་མི་ཡིན་ལ། མིའི་སེམས་ཁམས་དང་བྱ་སྤྱོད། སྐད་ཆ། གཟུགས་རིས་སོགས་ཞིབ་འབྲིའམ་དེའི་སྣང་བརྙན་བཞེངས་བསྐྲུན་བྱས་ཏེ། ད་གཟོད་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱས་པས། རྩོམ་རིག་གསར་རྩོམ་གྱི་རྩ་བའི་དམིགས་ཡུལ་ནི་མི་སྣ་རིས་འབྲི་བྱེད་པ་དེ་ཡིན། [5]ཞེས་བརྗོད་པའོ། ། འདིར་གླེང་བྱར་གྱུར་བའི་སྒྲུང་གཏམ་འདིས་ཀྱང་འགོ་བརྩམས་མ་ཐག སློབ་ཆེན་མཐར་ཕྱིན་ཁའི་བྱ་བའི་དངོས་སྦྱོང་གི་གོ་རིམ་མཇུག་རྫོགས་པའི་དགོང་མོ་དེར། ང་སློབ་གྲོགས་འགའ་དང་མཉམ་དུ་གཡང་འཁོར་ནང་ཟེར་བའི་ཆང་ཁང་ཞིག་ཏུ་རྩེ་རུ་སོང༌། གྲོགས་པོ་ཚོའི་ངག་སྒྲོས་ལྟར་ན། ཆང་ཁང་དེའི་བདག་པོ་བོད་ཡིན་ལ། ནང་དུ་ཡོང་མཁན་ཡང་ཕལ་ཆེར་བོད་རིགས་ཡིན་ཟེར། གང་ལྟར་ཀྱང་སྔོན་ཆད་ང་ཕྱོགས་གཅིག་ནས་སློབ་སྦྱོང་ལ་བྲེལ་བ་ཆེ་བའི་དབང་གིས་སམ། ཡང་ན་སོང་མ་མྱོང༌། དེ་ལས་ལྡོག་སྟེ་ཁོམ་པ་མང་ལ་ཀུན་དགའ་དོན་གྲུབ་ཀྱང་འཛོམས་པའི་བོད་རིགས་སློབ་ཆེན་མང་པོ་ཞིག་ནང་མ་ཁང་དག་གི་རྒྱུན་ཕེབས་མགྲོན་མཆོག་ཏུ་གྱུར་ཚུལ་གོ་མྱོང༌། [6]ཞེས་བྲིས་ཏེ་རྩོམ་པ་པོས་ཕ་མའི་དངུལ་ཁྲག་ལ་རོལ་བའི་གྲོང་ཁྱེར་གྱི་བོད་ཀྱི་སློབ་ཆེན་པ་སྐོར་ཞིག་གི་དུས་རྒྱུན་གྱི་བྱ་སྤྱོད་ཞིབ་འབྲི་བྱས་པ་བརྒྱུད་དེ། དེང་རབས་བོད་ཀྱི་སློབ་ཆེན་པ་རེ་འགའི་འཚོ་བ་རོལ་སྟངས་ཀྱི་རྣམ་པའི་ཟུར་ཞིག་ཀློག་པ་པོའི་ཡིད་ངོར་བཞེངས་བསྐྲུན་བྱས་ཤིང༌། དེ་དག་ལས་ཀྱང་ཐེངས་དང་པོར་གཡང་འཁོར་ནང་མ་རུ་འགྲོ་མཁན་གྱི་མི་སྣ་རྒྱ་མཚོའི་སྣང་བརྙན་བཞེངས་བསྐྲུན་བྱས་པ་འབུར་དུ་ཐོན་པར་བྱས་ཏེ་སྒྲུང་གཏམ་གྱི་འགོ་བརྩམས་ཡོད་པ་རེད། དེ་ནས་རིམ་བཞིན་རྒྱ་མཚོ་གཡང་འཁོར་ནང་མ་ལས་རང་གི་མཐོ་འབྲིང་སྐབས་ཀྱི་གྲོགས་མོ་སྒྲོལ་དཀར་སྐྱིད་དང་འཕྲད་ཚུལ་ཀྱི་གཏམ་རྒྱུད་དང༌། འབྲེལ་འདྲིས་ཅི་ལྟར་བྱས་པའི་སྐོར་གསོན་ཉམས་ལྡན་པའི་ངང་འབྲི་བཞེངས་བྱས་ཡོད་ལ། རྒྱ་མཚོ་ནི་དེང་རབས་བོད་ཀྱི་སློབ་ཆེན་པ་རང་ག་བ་ཞིག་དང་བསྡུར་ན་སློབ་སྦྱོང་ལ་དགའ་ཞིང་ཡུལ་མི་རྣམས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་ཅིང་རྩོམ་རིགས་ལ་དུང་བའི་མི་ཞིག་ཀྱང་རེད། ཡིན་ནའང༌། ཁོ་རང་གཡང་འཁོར་ནང་མ་ལས་གློ་བུར་དུ་འཕྲད་པའི་མཐོ་འབྲིང་སྐབས་ཀྱི་གྲོགས་མོ་སྒྲོལ་དཀར་སྐྱིད་ཀྱི་ལུས་ཀྱི་གྱོན་པ་དང༌། བྱ་སྤྱོད་སོགས་མཐོང་དུས་ཀྱི་ཚོར་སྣང་དང་ཁོ་མོར་བཟུང་བའི་ལྟ་ཚུལ། རྗེས་སུ་སྒྲོལ་དཀར་སྐྱིད་ཀྱིས་རང་གི་ཀྱག་ཀྱོག་གི་མི་ཚེ་བརྒྱུད་རིམ་རྒྱ་མཚོ་ལ་བརྗོད་པའི་གཏམ་རྒྱུད་ལས། སྐབས་དེའི་མི་སྣ་གཉིས་ཀྱི་སེམས་ཁམས་ཞིབ་འབྲི་བྱས་པ་དེས་ཀློག་པ་པོར་བཅོས་མིན་གྱི་སྡུག་བསྔལ་ཞིག་རང་ཤུགས་སུ་བསྐྱལ་འོངས་བ་རེད། དཔེར་ན། བརྩམས་སྒྲུང་ལས། (རྒྱ་མཚོས)ཀྱེ་མ། བདག་གི་དྲན་པའི་སྐྱེལ་ཚལ་དུ་འདམ་གྱིས་མ་གོས་པའི་པད་དཀར་ཆུན་པོ་ནང་བཞིན་ལྷམ་མེར་བཞད་ཅིང་སྒེག་ཉམས་ཀྱིས་ཤར་མྱོང་བའི་སྒྲོལ་དཀར་སྐྱིད་ནི། ད་ལྟ་བདག་གི་གམ་དུ་གནས་པའི་མི་གཙང་འདམ་རྫབ་ཀྱིས་ལུས་སེམས་ཡོངས་སུ་སྦགས་ཟིན་པའི་རྩྭ་སྙིགས་ལྟ་བུའི་བུ་མོ་འདི་འདྲ་ཞིག་ག་ལ་ཡིན [7]གཞན་ད་དུང་དྲི་ཟའི་ན་ཆུང་དང་འདྲ་བའི་སྒྲོལ་དཀར་སྐྱིད་དེ། ཟང་ཟིང་སླ་བཅོས་ཀྱི་དུས་སྐབས་འདིར་བློ་གཏད་ཆོག་པའི་མི་གཤིས་བརྟན་པོ་ནི་ཅི་འདྲར་དཀོན་ཨང༌། [8] (སྒྲོལ་དཀར་སྐྱིད་ཀྱིས) སྤྱིར་ཕ་མས་ང་ལ་ཤ་ཚ་བ་ཡིན་བསམས་ཡོད་ནའང༌། དོན་ལ་ཁོ་ཚོ་རྨོངས་པས་ང་ལ་གནོད་འཚེ་བཏང་བ་རེད། དེ་བས་དྲིན་ཆེན་ཕ་མ་ཡིན་རུང་རྒྱབ་འགལ་མི་བྱེད་ག་མེད་རེད། [9]ཅེས་པའི་ཚིག་དག་གིས་མི་སྣ་གཉིས་ཀྱི་སེམས་ཁམས་དང་སྐད་ཆ་ཞིབ་འབྲི་བྱས་ཡོད་ལ། ལྷག་པར་དུ་བརྩམས་སྒྲུང་གི་མཇུག་ཏུ་ངས་དེ་ལྟར་བསམ་གཞིག་བྱེད་སྐབས། མིག་ལམ་དུ་ཡང་བསྐྱར་སྒྲོལ་དཀར་སྐྱིད་ཀྱི་ཡལ་བ་མེད་པའི་འཛུམ་མདངས་དེ་དྲན་བྱུང༌། ད་ལྟ་འཛུམ་མདངས་དེར་སྐྱོ་སྡུག་གི་གྲིབ་མས་ཅུང་ཟད་གཡོགས་ནའང༌། ཡིད་ཆེས་དང་རེ་བའི་མཛེས་སྡུག་གི་ཆ་ནི་ཅུང་ཙམ་ཡང་མི་འདུག མ་གཞིར་ཏག་ཏག་ལ་མི་སུས་ཀྱང་འབོར་མི་རུང་བའི་འཛུམ་མདངས་དེས། ང་དང་འདྲ་བའི་རང་རློམ་ཆེ་ཡང་སྙིང་རུས་མེད་པའི་བོད་ཀྱི་སློབ་ཆེན་པ་འདི་དག་ལ་ཟུར་ཟ་བྱེད་བཞིན་པ་དང་འདྲ། གལ་ཏེ་ང་ཚོ་ལའང་ཕམ་ཉེས་ཀྱི་སྐྱོ་སྡུག་ཀློང་ནས་རེ་བཞག་གི་འཛུམ་མདངས་སྟོན་པའི་སྙིང་སྟོབས་དེ་རིགས་ཡོད་ན། ཁོད་ཡངས་པའི་གནམ་ས་གཉིས་ཀྱི་བར་མཚམས་ནས། རང་ལ་དབང་བའི་ལམ་བུ་ཞིག་མི་རྙེད་པ་ག་ལ་སྲིད་སྙམ [10]ཞེས་པའི་པའི་སེམས་ཁམས་ཞིབ་འབྲི་བྱས་པའི་ཚིག་དེ་དག་གིས་སྐྱོ་ཞིང་སྡུག་པའི་མི་སྣ་གཉིས་ཀྱི་ལས་དབང་དེ་མཚོན་པར་བྱས་ཏེ་ཕྱིར་སྤྱི་ཚོགས་ཤིག་གི་ངོ་བོ་དང༌། མདུན་བསྐྱོད་ཀྱི་ཡིད་ཆེས་ཤིག་ཀྱང་ཞོར་དུ་བསྟན་ཡོད་པས་མི་སྣའི་སེམས་ཁམས་ཞིབ་འབྲིའི་ཐབས་ལམ་ལ་བརྟེན་ནས་རྩོམ་པ་པོས་རང་གིས་བརྗོད་པར་འདོད་པའི་བསམ་བློ་དེ་ཐོན་པར་བྱས་ཡོད་པ་སོགས་ནི་མི་སྣ་བཞེངས་བསྐྲུན་ཐད་ཀྱི་ཁྱད་ཆོས་སོ།།
གཉིས་པ། ཁོར་ཡུག་བཞེངས་བསྐྲུན་གྱིས་བརྩམས་སྒྲུང་ཁྲོད་ཀྱི་འགལ་འདུའི་བསམ་བློ་མཚོན་པ།
ཁོར་ཡུག་ནི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་འགུལ་སྐྱོད་བྱེད་ས་ཡིན་ལ། མི་སྣའི་སྣང་བརྙན་རང་གཤིས་ཅན་དང་གསོན་ཉམས་ལྡན་པར་བྲིས་ཏེ་མཐར་ཐུག་གི་བསམ་བློའི་དགོངས་དོན་གང་ཞིག་མཚོན་པར་བྱེད་རྒྱུ་དེ་ཡིན་པ་དང༌། ཁོར་ཡུག་བཞེངས་བསྐྲུན་གྱི་ཐབས་ལམ་ལ་བརྟེན་ནས་མི་སྣ་འབྲི་བཞེངས་དང་མི་སྣའི་རང་གཤིས་ཀྱིས་འགལ་འདུའི་རང་བཞིན་ཅན་གྱི་ཚབ་མཚོན་བསམ་བློ་དེ་མངོན་པར་བྱེད་དགོས་པས། <<སྐྱོ་འཛུམ>>ཞེས་པའི་བརྩམས་སྒྲུང་འདིའི་ནང་དུའང་རྨོངས་པའི་མུན་པ་འཐིབས་པའི་བོད་པའི་འདུ་ཤེས་དང་འཁྲེགས་འཛིན་གྱི་ལྟ་བ། བག་འཁུམས། རྗེས་ལུས་ཀྱི་སྣང་ཚུལ་དངོས་སུ་མངའ་བའི་སྤྱི་ཚོགས་ཁོར་ཡུག་ཅིག་བརྩམས་སྒྲུང་དུ་བཞེངས་བསྐྲུན་བྱས་ཤིང༌། གསོན་ཉམས་ཀྱིས་ཕྱུག་པའི་ཁོར་ཡུག་བཞེངས་བསྐྲུན་གྱི་སྒྱུ་རྩལ་མཚོན་ཐབས་ཀྱིས་སྒྲུང་གཏམ་ཁྲོད་དུ་ནུས་པ་ཆེན་པོ་ཞིག་ཐོན་ཡོད་དེ། བརྩམས་སྒྲུང་ལསགློ་བུར་དུ་མདུན་ཐད་ཀྱི་ཉི་འོད་དབེན་པའི་ནམ་མཁའ་ནས་བྱིའུ་ཆུང་ཞིག་མགྱོགས་མྱུར་ངང་ངེད་གཉིས་ཀྱི་དྲང་ཐད་དུ་འཕུར་ཡོང་ལ། ཉེ་འཁོར་གྱི་རི་རྩེར་བསླེབས་འཕྲལ་ཚབ་ཚུབ་ངང་བྲ་མའི་ཚེར་ཕུང་ཞིག་གི་གསེབ་ཏུ་ཡིབས། ངས་བྱིའུ་དེའི་རྒྱུན་ལྡན་མ་ཡིན་པའི་ངང་ཚུལ་ལ་ཞིབ་ལྟ་བྱེད་སྐབས། ཉམ་ཆུང་གི་ཚེ་སྲོག་དེ་ནི་མ་གཞིར་བྱིའུ་ཁྲས་བདས་ནས་ཡོང་བ་ཞིག་རེད། རྗེས་དེད་ནས་འཕུར་ཡོང་བའི་བྱིའུ་ཁྲ་གདུག་རྩུབ་ཅན་དེས་བྱིའུ་ཆུང་ཚེར་མའི་གསེབ་ཏུ་འཛུལ་བས་ཐབས་ཟད་དེ་ཕྱོགས་གཞན་ཞིག་ཏུ་ཁ་བསྒྱུར་ནས་འཕུར་སོང༌། རེ་ཞིག་ནས་ཉམ་ཐག་པའི་བྱིའུ་དེ་ཚེར་ཕུང་གི་རྩེ་མོར་བབས་ནས་ཕར་ལྟ་ཚུར་ལྟ་བྱེད་བཞིན་ཀྱུར་སྐད་ཡང་ཡང་རྒྱག་བཞིན་འདུགཉམ་ཐག་པའི་ཚུགས་ཀར་བལྟས་ན་དེས་ཕལ་ཆེར་རང་ཉིད་གཞན་དབང་གིས་ཁྱུ་ཚོགས་དང་བྲལ་པའི་ཁེར་རྐྱང་བྱིའུ་ཞིག་ཏུ་གྱུར་པའི་ལས་སྐལ་ལ་སྐྱོ་སྡུག་གི་སྨྲེ་སྔགས་འདོན་བཞིན་པ་འདྲ། [11]ཞེས་པ་དང་སྐབས་དེར་ས་སྲོད་ཀྱི་ཉི་འོད་མོག་པོ་ཞིག་སྤྲིན་པའི་བར་གསེང་བརྒྱུད་ནས་ཀྲོང་ངེར་འགྱིང་པའི་གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོའི་ངོས་ལ་གསེག་འཕྲོ་བྱས་འདུག་པས། ཨར་འདམ་གྱིས་གྲུབ་པའི་ཁོར་ཡུག་སྲ་མཁྲེགས་ཅན་དེ་ལའང་གདུང་སེམས་ཀྱི་ཚོན་མདངས་དམར་པོ་ཞིག་གསར་དུ་བསྒོས་འདུག [12]ཅེས་པའི་གསོན་ཉམས་ལྡན་པའི་རང་བྱུང་ཁོར་ཡུག་བཞེངས་བསྐྲུན་བྱས་པས། གཞན་དབང་གི་མནར་གཅོད་བར་ན་གར་འགྲོ་རང་དབང་བྲལ་བའི་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ལས་དབང་ཤུགས་སུ་མཚོན་པར་བྱས་ཡོད་པ་མ་ཟད། ཁོ་མོའི་སེམས་ཁོང་གི་སྐྱོ་ངལ་དང་འཁང་ར་ཐ་དག་རྩོམ་པ་པོས་རང་བྱུང་ཁོར་ཡུག་བཞེངས་བསྐྲུན་གྱི་སྒྱུ་རྩལ་ཐབས་ལམ་ལ་བརྟེན་ནས་ཀློག་པ་པོ་ཚོའི་ཡིད་ངོར་བཞེངས་བསྐྲུན་བྱས་ཡོད་ལ། ད་དུང་ཁོར་ཡུག་བཞེངས་བསྐྲུན་བྱས་པ་ལ་བརྟེན་ནས་དུས་རབས་གསར་བའི་བོད་པའི་གཞོན་སྐྱེས་མི་བུ་རྣམས་ཀྱི་བསམ་བློའི་ཕུགས་འདུན་དང་རེ་སྨོན་སོགས་ཀྱང་མཚོན་པར་བྱས་ཡོད་དེ། སྐབས་དེར་མུན་པ་ཡོངས་སུ་རུབ་ཟིན། ངས་ཐོག་རྩེག་ལྔ་པའི་ཁང་མིག་གསུམ་པའི་སྒེའུ་ཁུང་གི་ཧྲེག་བར་ནས་མུ་མཐའ་བྲལ་བའི་སྨག་ནག་གི་ནམ་མཁའ་མཐོང་ཞིང༌། ནམ་མཁའི་དབྱིངས་སུ་རྒྱུ་སྐར་གྲངས་མེད་ཅིག་ལམ་ལམ་དུ་འཚེར་བཞིན་པ་མཐོང་སོང་ [13]ཞེས་པའི་ཚན་པ་དེའོ། ། སྤྱིར་གོང་གི་ཁོར་ཡུག་བཞེངས་བསྐྲུན་གྱི་ཚན་པ་དེ་དག་གིས་སྒྲུང་གཏམ་འབྲི་བའི་བརྒྱུད་རིམ་ཧྲིལ་བོའི་ཁྲོད་དུ་བླ་ལྷག་གི་གོ་གནས་གལ་ཆེན་ཞིག་ཟིན་མེད་ལ། དུས་སྐད་ཅིག་མའི་རང་བྱུང་ཁོར་ཡུག་གི་རྣམ་པ་ཕྲན་ཙམ་ལས་བྲིས་མེད་མོད། འོན་ཀྱང་ཞིབ་ཏུ་བསམ་ན་དེ་ནི་སྒྲུང་གཏམ་འདིའི་མཐར་ཐུག་གི་དགོངས་དོན་གསལ་བོར་མཚོན་པའི་གོ་རིམ་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་འདོད། དཔེར་ན། ཀློག་པ་པོར་བདེ་སྣང་དང་སྤྲོ་སེམས་མི་སྟེར་བར་ཐེ་ཚོམ་དང་སྐྱོ་སྣང་སྟེར་བའི་སྒྲུང་གཏམ་ཁྲོད་ཀྱི་གོང་གི་རང་བྱུང་ཁོར་ཡུག་གི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་འབྲི་བཞེངས་བྱས་པའི་ཚན་པ་དག་གི་ཚབ་དུ། བག་ཕེབས་དང་དགའ་མགུ། བདེ་བ་སྟེར་ནུས་པའི་རང་བྱུང་ཁོར་ཡུག་གི་རྣམ་པ་ཞིག་བྲིས་ན། དེས་ཀློག་པ་པོར་ཅི་ཡིན་ཆ་མི་འཚལ་བའི་ཚོར་འདུ་ཞིག་ལས་སེམས་པ་དབང་མེད་དུ་འགུགས་ཤིང་ཡིད་ལ་བཅོས་མིན་གྱི་མཛེས་རྟོག་ཅིག་སྟེར་བའི་ནུས་པ་མེད་པར་འགྱུར་ངེས་ལ། ལྷག་པར་དུ་བརྩམས་སྒྲུང་དུ་བཀོད་པའི་རང་བྱུང་ཁོར་ཡུག་གི་རྒྱུན་ལྡན་མ་ཡིན་པའི་ཚན་པ་དེ་དག་གིས་བོད་པའི་རྗེས་ལུས་ཀྱི་འདུ་ཤེས་དང་རྨོངས་མུན་ཀྱི་བསམ་བློས་དེང་རབས་གཞོན་སྐྱེས་དག་གི་མདུན་ལམ་ལ་གཏོར་བརླགས་དང་ཚད་བཀག་ཐེབས་པའི་སྐྱོ་ངལ་དང་འཁང་ར་ཤུགས་སུ་མཚོན་པར་བྱས་ཡོད་པ་མ་ཟད། བཅོས་བསྒྱུར་དང་དངོས་ཡོད་ཀྱི་བདེན་དོན་ལ་བརྩོན་ལེན་བྱེད་པའི་དེང་རབས་གཞོན་སྐྱེས་རྣམས་ཀྱི་བསམ་བློ་དང་འདུ་ཤེས་རྙིང་བས་རང་མགོ་གཡོག་ཅིང་རྨོངས་པས་བཀང་བའི་བོད་པའི་བསམ་བློ་གཉིས་ཀྱི་འགལ་བ་དེ་གཙོ་བོར་མཚོན་པར་བྱས་ཡོད་པས་རང་བྱུང་ཁོར་ཡུག་འབྲི་བཞེངས་བྱས་པའི་ཚན་པ་དེ་དག་ཀྱང་བརྩམས་སྒྲུང་འདིའི་དགེ་མཚན་གྱི་ཆ་ཞིག་ཡིན་པར་འདོད་དོ།།
གསུམ་པ། བྱུང་རིམ་བཀོད་སྒྲིག་གི་འཕེལ་འགྱུར་རང་བཞིན་ལ་ཡིད་འགུགས་ཀྱི་ནུས་པ་ལྡན་པ།
བྱུང་རིམ་བཀོད་སྒྲིག་ནི་བརྩམས་སྒྲུང་ཞིག་ལ་མཚོན་ནས་བཤད་ན་གལ་ཆེ་ཞིང་གནད་ཀྱི་མདོ་དམ་པ་རེད། དེ་བས། <<སྐྱོ་འཛུམ>>ལ་མཚོན་ནའང༌། མི་སྣའི་འགུལ་བསྐྱོད་དེ་དུས་ཀྱི་བྱུང་རིམ་དང་བསྟུན་ནས་འབྲི་བཞེངས་དང༌། གཏམ་རྒྱུད་ཀྱི་སྒྲིག་རིམ་ཚགས་དམ་ཞིང་འཕེལ་འགྱུར་གྱི་གོ་རིམ་ཁྱད་དུ་འཕགས་པ་དེས་ཀློག་པ་པོར་ཡིད་ཀྱི་དྭངས་མ་འདྲེན་པའི་ནུས་པ་བླ་ལྷག་ཅིག་ཐོན་འདུག དཔེར་ན། ཐོག་མར་མི་སྣ་རྒྱ་མཚོ་གཡང་འཁོར་ནང་མ་ལས་ཆུང་དུས་ཀྱི་གྲོགས་མོ་སྒྲོལ་དཀར་སྐྱིད་དང་འཕྲད་ཅིང་དེ་ནས་རིམ་བཞིན་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་དེས། ཀློག་པ་པོས་གཏམ་རྒྱུད་དེར་མུ་མཐུད་དུ་ལྟ་འདོད་ཀྱི་ཀུན་སློང་ཞིག་ངང་གིས་སྟེར་ལ། ཡང་གཅིག་བཤད་ན། རྒྱ་མཚོས་གྲོགས་སྒྲོལ་དཀར་སྐྱིད་ལ་བཟུང་བའི་ལྟ་ཚུལ་དེས་ཀློག་པ་པོས་མ་གཞི་སྒྲོལ་དཀར་སྐྱིད་ནི་མི་ཅི་འདྲ་ཞིག་ཡིན་མིན་གྱི་ཐད་ལ་རྒྱུས་ལོན་མི་བྱེད་རང་དབང་མེད་པའི་གནས་ཤིག་ཏུ་སྐྱེལ་བ་རེད། གལ་ཏེ་ཀློག་པ་པོས་བརྩམས་ཆོས་ཤིག་ལ་རོལ་མྱོང་བྱེད་སྐབས་འགོ་བརྩམས་མ་ཐག་ནས་བཟུང་མཇུག་འབྲས་ཅི་ཞིག་ཡིན་པ་གསལ་བོར་རྟོགས་དུས་བརྩམས་སྒྲུང་དེའི་བྱུང་རིམ་བཀོད་སྒྲིག་ད་དུང་ལེགས་པོ་ཞིག་འཁྱོངས་མེད་པ་ཤ་སྟག་རེད། <<སྐྱོ་འཛུམ>>ཞེས་པའི་བརྩམས་སྒྲུང་འདིའི་འཕེལ་འགྱུར་མང་པོའི་བྱུང་རིམ་བཀོད་སྒྲིག་ནི་བརྩམས་ཆོས་གཞན་དང་བསྡུར་ན་ཅུང་ཚད་མཐོ་བར་སྙམ་ལ། རྩོམ་པ་པོས་བརྩམས་སྒྲུང་དུ་སྒྲོལ་དཀར་སྐྱིད་ཅེས་པའི་མི་སྣ་ཞིག་འབྲི་བཞེངས་བྱས་ཤིང་ཁོ་མོའི་མི་ཚེ་འཚོ་བའི་འདས་མ་ད་གསུམ་གྱི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་དང་རེ་འདུན། སྙིང་སྟོབས་སོགས་བརྩམས་སྒྲུང་གི་ཚགས་དམ་ཞིང་འཕེལ་འགྱུར་གྱིས་ཕྱུག་པ། ཆ་ཚང་བའི་བྱུང་རིམ་ལས་ད་གཟོད་གསལ་བོར་རྟོགས་ཐུབ་པ་ལས། དོན་གྱི་བྱུང་རིམ་དུམ་གཅིག་གིས་ཀློག་པ་པོར་བསམ་གཞིག་གི་དྲི་བ་གཏིང་ཟབ་པ་ཞིག་འདོན་པ་མ་གཏོགས། བརྩམས་ཆོས་ཀྱི་བརྗོད་དོན་ཁ་ཚང་བ་ཞིག་སྟོན་མི་ཐུབ་ལ། ཀློག་པ་པོས་མུ་འབྲེལ་བརྙན་འཕྲིན་ཟློས་གར་ལ་ལྟ་བ་བཞིན་བརྩམས་ཆོས་མཇུག་རྫོགས་རག་བར་མཚམས་འཇོག་མི་འདོད་པའི་བྱུང་རིམ་བཀོད་སྒྲིག་གི་ཁྱད་ཆོས་མངའ་སྟེ། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་རྒྱ་མཚོ་གཡང་འཁོར་ནང་མ་ལས་ཆུང་དུས་ཀྱི་གྲོགས་མོ་སྒྲོལ་དཀར་སྐྱིད་དང་འཕྲད་པའི་ཉིན་འགའི་རྗེས་སུ་ཁོ་ལ་སྒྲོལ་དཀར་སྐྱིད་ཀྱི་ཁ་པར་འབྱོར་ཅིང༌། དེ་ནས་ཁོ་གཉིས་ལྷོ་རིའི་སྟེང་དུ་འགོས་ནས་འདས་སོང་ལ་གླེང་མོལ་བྱེད་པའི་སྐབས་སུ་དེ་རིང་ཡང་ལོ་འགའི་སྔོན་གྱི་ཉིན་མོ་དེ་དང་འདྲ་བར་ངས་ཁུ་སིམ་མེར་ཡོད་པའི་གནས་འདིར་། ཡིན་ནའང་དེ་རིང་ནི་ལོ་འགའི་སྔོན་གྱི་ཉིན་མོ་དེ་དང་མི་འདྲ་བར་དྲོད་འཇམ་གྱི་ཉི་འོད་མཐོང་རྒྱུ་མེད་ལ། གྲང་རླུང་ཞིག་ཀྱང་ཁད་ཀྱིས་ལྡང་བཞིན་པས། བྱ་བྱིའུ་ཡི་སྐད་སྙན་མི་ཐོས་ལ་མེ་ཏོག་གི་དྲི་བསུང་ཡང་མི་ཚོར [14]ཞེས་པའི་ཚན་པ་འདི་ནི་བྱུང་རིམ་བཀོད་སྒྲིག་ཁྲོད་ཀྱི་འཕེལ་འགྱུར་གྱི་རང་བཞིན་ཆེས་གསལ་ས་ཡིན་ལ། ཀློག་པ་པོས་ཅི་ཞིག་རྟོགས་འདོད་ཀྱི་ཚོར་བ་ཆེས་རྣོ་སའང་ཡིན། རྒྱུ་མཚན་ནི་བརྩམས་ཆོས་འགོ་བརྩམས་ནས་ཚན་པ་འདིའི་བར་དུ་རྒྱ་མཚོ་དང་སྒྲོལ་དཀར་སྐྱིད་གཉིས་གཡང་འཁོར་ནང་མ་ལས་འཕྲད་པའི་བརྒྱུད་རིམ་ལས་གཞན་ཆེན་པོ་ཞིག་བརྗོད་མེད་ལ། མཚམས་འདིར་ཐོན་པ་ན་སློབ་གྲོགས་རྒྱ་མཚོ་དང་སྒྲོལ་དཀར་སྐྱིད་གཉིས་ཀྱི་ཆུང་དུས་ཀྱི་འདས་ཟིན་པའི་འཚོ་བ་དང༌། དེ་ནས་རང་རང་སར་བྲལ་བའི་གཏམ་རྒྱུད་ལ་ཕྱིར་དྲན་བྱེད་འགོ་ཚུགས་པ་རེད། འདིས་ཀློག་པ་པོར་གཏམ་རྒྱུད་འདིའི་འགོ་ཁུངས་འཚོལ་བའི་འདུན་པ་སྐྱེས་སུ་བཅུག་པ་དང༌། གཞན་ད་དུང་སྒྲོལ་དཀར་སྐྱིད་ཀྱི་འཕྲིན་ཡིག་རྒྱ་མཚོའི་ལག་ཏུ་འབྱོར་རྗེས་རྒྱ་མཚོས་ད་གཟོད་རང་གི་ཞན་ཆ་དང་ནོར་འཁྲུལ་གྱི་ལྟ་ཚུལ་ངོས་ཟིན་པས་འགྱོད་གདུང་གིས་མནར་བའི་སེམས་ཁམས་ཞིབ་འབྲིའི་དོན་ཚན་ཞིག་བཀོད་པ་ནི་བརྩམས་སྒྲུང་གི་བྱུང་རིམ་བཀོད་སྒྲིག་ཁྲོད་ཀྱི་ཁྱད་ཆོས་ཤིག་དང༌། བྱུང་རིམ་བཀོད་སྒྲིག་གི་འཕེལ་འགྱུར་རམ་ཡང་ན་བརྩམས་ཆོས་འབྲི་བའི་ཀུན་སློང་རྣལ་མའང་ཞོར་དུ་བསྟན་ཡོད་པར་སྣང་ངོ༌།།
བཞི་པ། སྒྱུ་རྩལ་མཚོན་ཐབས་ལ་མངོན་གབ་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པ།
རྩོམ་རིག་ནི་མཛེས་རྟོག་གི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ལ། སྒྱུ་རྩལ་ཞེས་པ་མདོར་དེད་ན་སྒྱུ་རྩལ་ཡིན་བྱེད་ཀྱི་སྲོག་ཤིང་ནི་མཛེས་རྟོག་གོ། མཛེས་རྟོག་གི་ཆ་དེ་རྩོམ་རིག་བརྩམས་ཆོས་ལས་སྣང་བརྙན་གྱི་སྒོ་ནས་མངོན་པ་ཞིག་སྟེ། སྤྱི་ཚོགས་འཚོ་བའི་རྣམ་པ་གང་རུང་སྣང་བརྙན་ཅན་དུ་བཞེངས་བསྐྲུན་བྱས་ཤིང་དེའི་མྱོང་རོལ་བརྒྱུད་དེ་ཀློག་པ་པོར་མཛེས་ཚོར་གྱི་སྣང་བ་བསྐྱེད་པ་ནི་མཛེས་རྟོག་དང༌། བཞེངས་བསྐྲུན་བྱས་པའི་སྤྱི་ཚོགས་འཚོ་བས་ཀློག་པ་པོར་མཛེས་ཚོར་བསྐྱེད་པའི་ཚད་ནི་བརྩམས་ཆོས་ཀྱི་སྒྱུ་རྩལ་ནུས་པ་ཡིན་ལ། རྩོམ་རིག་གིས་སྤྱི་ཚོགས་འཚོ་བའི་སྣང་བརྙན་གང་རུང་བཞེངས་བསྐྲུན་བྱས་ཏེ་མཛེས་ཚོར་བསྐྱེད་པར་མཚོན་ཐབས་སྣ་ཚོགས་ཤིག་ལྡན་པ་ནི་སྒྱུ་རྩལ་གྱི་མཚོན་ཐབས་ཡིན་པར་སྙམ་ལ། དེས་ན<<སྐྱོ་འཛུམ>>ཞེས་པའི་སྒྲུང་ཐུང་ལ་མཚོན་ན་མངོན་ཤུགས་ཟུང་འབྲེལ་གྱི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ་ཀློག་པ་པོར་མཛེས་ཚོར་གྱི་སྣང་བ་ཞིག་གམ་རྩོམ་པ་པོས་དོན་གང་ཞིག་བརྗོད་པར་འདོད་པའི་དམིགས་འདུན་དེ་བསྟན་ཡོད་དེ། རྩོམ་པ་པོས་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ལས་དབང་བཞེངས་སྐྲུན་སྲོག་ཤིང་བྱས་ཏེ་བོད་པའི་རྙིང་ཞེན་གྱི་བསམ་བློ་དང༌། དངོས་ཡོད་སྤྱི་ཚོགས་འཚོ་བའི་སྣང་བརྙན་དག་ཀློག་པ་པོའི་མིག་མདུན་དུ་བཀྲམ་ནས། ཀློག་པ་པོར་སྙིང་རྗེ་དང་སྐྱོ་ངལ། སྡང་སེམས་དང་ཞེད་སྣང་གི་ཚོར་འདུ་སོགས་མཛེས་རྟོག་སྣང་བ་མངོན་པར་སྟེར་བ་ནི་བརྩམས་ཆོས་ཀྱི་ངོ་གདོང་རྐྱང་རྐྱང་ནས་མཚོན་པའི་སྒྱུ་རྩལ་མཚོན་ཐབས་ཡིན་སྙམ་ལ། དེས་ཀློག་པ་པོར་བརྩམས་ཆོས་ཕྱི་ངོས་ལས་བྱུང་བའི་ཚོར་འདུའི་མཛེས་རྟོག་ཅིག་ལས་མི་སྟོན་ཞིང༌། བརྩམས་ཆོས་འདི་བྲིས་པ་བརྒྱུད་ནས་ཅི་ཞིག་བརྗོད་པར་འདོད་པའི་རྩོམ་པ་པོའི་དགོངས་པ་དངོས་བླ་ལྷག་གིས་མཚོན་པར་མི་ནུས་འདོད། ཀློག་པ་པོས་བརྩམས་ཆོས་ཡོངས་སུ་བཀླགས་རྗེས་བློ་གཟུ་མོས་བསམ་གཞིག་ཅིག་བཏང་ན། ད་གཟོད་རང་ཉིད་ལ་བློ་བསྐྱེད་ཅིག་དང་ཁ་ཕྱོགས་ཤིག་སྟོན་པར་བྱེད་པའི་བསམ་བློའི་སྒུལ་ཤུགས་གཙོ་བོ་དེ་ནི་རྩོམ་རིག་སྒྱུ་རྩལ་གྱིས་ཤུགས་སུ་བསྟན་པའི་སྒྱུ་རྩལ་གྱི་མཚོན་སྟངས་ཡིན་པར་འདོད་དེ། བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ཡིད་སྐྱོ་བའི་མི་ཚེའི་འཚོ་སྟངས་དང་གཡང་རི་སྐུ་ལོའི་འདོད་ཧམ་གྱི་སྤྱོད་ཚུལ། སློབ་ཆེན་པ་རྒྱ་མཚོའི་གུ་དོག་པའི་མཁྲེགས་འཛིན་གྱི་ལྟ་བ། མཐར་རང་ཉིད་ཀྱི་སྤོབས་པ་དང་ངལ་བ་ལ་བརྟེན་ནས་འཆིང་རྒྱར་ཚུད་པའི་སྤྱི་ཚོགས་ལས་འཕག་འཚགས་རྒྱབ་སྟེ་མདུན་བསྐྱོད་ཀྱི་ལམ་དུ་ཆས་ནུས་པའི་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ཡོན་ཏན་གྱི་ཆ་ཀློག་པ་པོར་ཤུགས་སུ་བསྟན་ཏེ། བོད་པའི་རྨོངས་དད་ཀྱི་འདུ་ཤེས་དང་གཡོ་གར་ལ་མཁས་པའི་བླ་སྤྲུལ་དག་གི་འཚུལ་ཆོས་ལ་ཐེར་འདོན་བྱས་ཤིང༌། སྲོལ་རྒྱུན་ངན་པས་དམ་དུ་བཅངས་པའི་བོད་ཀྱི་སྤྱི་ཚོགས་དང་སྔོན་ཐོན་ཨ་མེ་རུ་ཁའི་དཀྱེལ་ཡངས་པའི་རིག་གནས་ཁོར་ཡུག་གི་སྤྱི་ཚོགས་གཉིས་གཤུབ་བསྡུར་བྱས་ཏེ་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་འདུ་ཤེས་རྙིང་བ་རེ་འགའ་ཞིག་ལ་དགག་སྒྲུབ་བྱས་པ་ནི་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཤུགས་སུ་མཚོན་པར་བྱས་པའི་བརྩམས་ཆོས་འདིའི་ཁྱད་ཆོས་ཤིག་ཡིན་པར་འདོད་དོ།།
ལྔ་པ། རྩོམ་པ་པོའི་བསམ་བློ་དང་དམིགས་འདུན་འབུར་དུ་ཐོན་པ།
རྩོམ་པ་པོས་ཚད་མཐོ་བའི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཚེ་སྲོག་གི་འཕར་རྩ་དྲག་ཏུ་ལྡིང་བཞིན་པའི་བརྩམས་ཆོས་འདི་ལྟ་བུ་ཞིག་བཞེངས་བསྐྲུན་བྱས་པ་དང༌། འབུར་ཐོན་གྱི་བརྗོད་བྱ་འདི་ལྟ་བུ་ཞིག་བདམས་པའི་དམིགས་ཡུལ་ནི་ཁོ་བོས་རེ་སྙེགས་བྱེད་ཀྱིན་པའི་དམིགས་འདུན་དང་བསམ་བློ་དེ་མཚོན་པར་བྱེད་རྒྱུ་དེ་ཡིན་ལ། དེང་གི་དུས་འདིར་བོད་རིགས་མི་དམངས་རྣམས་ལ་བཤུ་གཞོག་བྱེད་མཁན་གྱི་བླ་སྤྲུལ་སྐོར་ཞིག་གིས་ཆོས་ལུགས་ལ་ཁ་གཡར་ནས་རྨོངས་དད་ཀྱིས་མགོ་བོ་འཐོམས་པའི་བོད་རིགས་མང་ཚོགས་ཀྱི་བདེ་སྐྱིད་ལ་གཏོར་བརླགས་དང༌། མདུན་སྐྱོད་ཀྱི་འཕེལ་རྒྱས་ལ་བར་ཆད་བཟོ་བཞིན་ཡོད་པ་རེད། བརྩམས་སྒྲུང་འདི་ལ་མཚོན་ནའང་གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པའི་བུ་མོ་སྒྲོལ་དཀར་སྐྱིད་ལྟ་བུའི་བོད་ཀྱི་བུ་མོ་མང་པོ་ཞིག་གི་མདུན་ལམ་ལ་རྨོངས་དད་ཀྱི་རྒྱ་རུ་ཚུད་པའི་ཕ་མ་དང་འདོད་ཧམ་ཆེ་བའི་གཡང་རི་སྐུ་ལོ་ལྟ་བུའི་བཀག་རྡོ་མང་པོ་ཞིག་གིས་བར་ཆད་བྱས་པ་དང༌། གཞན་རྒྱ་མཚོ་ལྟ་བུའི་བོད་རིགས་སློབ་ཆེན་པ་ཡིན་ཡང་ཁོ་མོ་ཚོའི་གར་འགྲོ་རང་དབང་བྲལ་བའི་སྡུག་བསྔལ་གྱིས་བསྐྲུན་པའི་ཡིད་སྐྱོ་བའི་གཏམ་རྒྱུད་དག་ལ་དང་ལེན་བྱེད་མི་ཕོད་པའི་སྤྱི་ཚོགས་ཀྱི་གནོན་ཤུགས་འོགཁོ་མོ་ཚོར་ནམ་ཡང་མདུན་བསྐྱོད་ཀྱི་གོམ་ཁ་ལྷོད་སོང་བ་རེད། ལྷག་པར་དུ་བརྩམས་སྒྲུང་ཁྲོད་ཀྱི་བུ་མོ་སྒྲོལ་དཀར་སྐྱིད་ཀྱིས་གྲོགས་རྒྱ་མཚོ་ལ་སྤྲིངས་པའི་འཕྲིན་ཡིག་ཏུའཚོ་བའི་རང་དབང་གི་སླད་དུ་ཚེར་མའི་ལམ་ན་གོག་ནར་བྱེད་བཞིན་པའི་བུ་མོ་ཉམ་ཆུང་སྐོར་ཞིག་མི་ཚེ་བཤུལ་ལམ [15]ཞེས་པའི་ཚིག་དེས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་རང་དབང་བྲལ་བའི་བུ་མོ་སྐོར་ཞིག་གི་ལས་དབང་དང་ཁོ་མོ་ཚོའི་སེམས་ཀྱི་ན་ཟུག་རྟོགས་ཐུབ་ལ། ང་ཚོར་བུད་མེད་རྣམས་ཀྱི་ཐོབ་ཐང་ལ་བརྩི་འཇོག་དང་རང་དབང་ལ་གཏོར་བརླགས་གཏོང་མི་རུང་བའི་གནས་ལུགས་བསྟན་ཅིང༌། གཞན་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་འཕྲིན་ཡིག་ལས་བཤད་པའི་ཨ་མེ་རི་ཁའི་ཆོང་སི་ཟེར་བའི་ཕོ་སར་དེས་ཁོ་མོའི་འདས་སོང་གི་ཡོད་ཚད་དང་ལེན་བྱེད་ཐུབ་སོང་བའི་སྣང་ཚུལ་དེས་བོད་ཀྱི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དང་སྔོན་ཐོན་ཨ་མེ་རི་ཁའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་གཉིས་ཞིབ་བསྡུར་བརྒྱུད་དེ་ང་ཚོ་ཀློག་པ་པོར་ཧ་ཅང་གཏིང་ཟབ་པའི་དྲི་བ་ཞིག་བཏོན་ཡོད་པ་རེད། མདོར་ན་རྩོམ་པ་པོས་བརྩམས་སྒྲུང་འདི་འདྲ་ཞིག་བྲིས་ཏེ་བོད་པའི་རྨོངས་དད་ཀྱིས་གཏམས་པའི་གུ་དོག་པའི་སྤྱི་ཚོགས་འཚོ་བ་དང་དཀྱེལ་ཡངས་པའི་ཨ་མེ་རི་ཁའི་རིག་གནས་ཁོར་ཡུག་གི་བར་ཐག་ནི་ང་ཚོས་འཚོལ་སྙེགས་བྱེད་པའི་དམིགས་འདུན་ཉག་གཅིག་ཡིན་པའི་བསམ་བློའི་ཁ་ཕྱོགས་བསྟན་ཅིང༌། ཁེངས་སྐྱུངས་དང་གཞན་དབང་གིས་འཚོ་བའི་བོད་རིགས་བུ་མོ་རྣམས་གཙོས་ང་ཚོ་བོད་ཀྱི་གཞོན་སྐྱེས་ཡོངས་ལའང་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་བུ་མོ་སྒྲོལ་དཀར་སྐྱིད་དང་འདྲ་བར་རང་སྟོབས་ལ་བརྟེན་ནས་མུན་འཐོམས་ཀྱི་བསམ་བློ་ལས་རིང་དུ་བརྒལ་ཏེ། སྲོལ་ངན་དང་སྐྱུགས་བྲོ་བའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་རྒོལ་ལན་སྤྲད་ནས། ཡང་དག་པའི་ཁ་ཕྱོགས་ཤིག་གི་ཆེད་དུ་འཕག་འཚག་གི་སྙིང་སྟོབས་དེ་ངེས་པར་དུ་མཁོ་བའི་གནས་ལུགས་གསལ་བོར་བསྟན་ཡོད་ལ། ལྷག་པར་དུ་རྩོམ་གྱི་མཇུག་ཏུའཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ། ཨ་རིའི་དམག་དཔོན་ཞིག་གིས་འགྱིང་ཉམས་དང་བཅས་རྒྱལ་ཁ་ཐོབ་པའི་དམག་དཔུང་ཁྲིད་ཅིང༌། མེ་སྒྱོགས་ཀྱིས་ཐལ་བའི་རྡུལ་དུ་བརླགས་ཟིན་པའི་འཇར་མན་པའི་རྒྱལ་ས་པོ་ལན་གྱི་སྲང་ལམ་དུ་འགྲོ་བཞིན་ཡོད། གློ་བུར་དུ་ཁོས་ཁང་ཆག་བཤིག་རོ་ཞིག་གི་སྒེའུ་ཁུང་ཁར། ཁྱིམ་འཛིན་བུད་མེད་ཅིག་གིས་ནམ་རྒྱུན་ལྟར་མེ་ཏོག་གི་རྫ་བུམ་ནང་ཆུ་གཏོར་བཞིན་ཡོད་པ་མཐོང༌། བུད་མེད་དེའི་གདོང་ལ་ད་དུང་འཛུམ་མདངས་མངོན་ཡོད། ཨ་རིའི་དམག་དཔོན་དེས་མིག་མདུན་གྱི་སྣང་ཚུལ་དག་མཐོང་པས་ཧ་ལས་པར་གྱུར། ཁོས་ཁྱིམ་གཞི་དགྲ་ཡིས་བརླགས་ཀྱང་གདོང་གི་འཛུམ་མདངས་བོར་མེད་པའི་བུད་མེད་དེ་ལས། རླབས་ཆེ་བའི་འཇར་མན་མི་རིགས་གང་མྱུར་སྒོས་བསྐྱར་དར་ངེས་པ་གསལ་བོར་མཐོང་བྱུང་ཟེར་ [16]ཞེས་པའི་རྩོམ་པ་པོས་དྲན་ཡོང་བའི་དཔེ་ངོས་ལས་མཐོང་མྱོང་བའི་གཏམ་རྒྱུད་ཅིག་བརྩམས་སྒྲུང་དུ་བཀོད་དེ། ང་ཚོ་མི་སུ་ཡིན་ཡང་དཀའ་སྡུག་གི་མདུན་དུ་མགོ་མི་སྒུར་བར་ཡང་དག་པའི་ཁ་ཕྱོགས་ཤིག་ལ་སྙིང་སྟོབས་ཆེན་པོས་མདུན་དུ་མཆོང་དགོས་པའི་གནས་ལུགས་བསྟན་པ་ནི་རྩོམ་པ་པོའི་མ་འོངས་དམིགས་འབེན་དང་འབུར་དུ་ཐོན་པའི་བསམ་བློ་ཡིན་པར་སྙམ་མོ།།
དྲུག་པ། དངོས་ཡོད་སྤྱི་ཚོགས་ཀྱི་རིན་ཐང༌།
རྩོམ་རིག་གི་མཚོན་བྱ་ནི་སྤྱི་ཚོགས་འཚོ་བ་ཡིན་ལ། སྤྱི་ཚོགས་འཚོ་བའི་སྙིང་བོ་མདོར་དེད་ན་མིའི་རིགས་ཀྱི་འཚོ་གནས་དང་དགའ་སྐྱོ་ཆགས་སྡང་ལས་མ་འདས། དེས་ན་རྩོམ་རིག་གིས་མཚོན་པར་བྱེད་རྒྱུ་དེའང་མི་ཡིན་པ་རེད། མིའི་རིགས་ཀྱི་ཆགས་སྡང་དང་ཕུགས་འདུན། འདུ་ཤེས་སོགས་མཚོན་པར་བྱ་རྒྱུ་ནི་རྩོམ་རིག་གི་འོས་འགན་ཉག་གཅིག་ཡིན། བརྩམས་སྒྲུང་འདི་ལ་མཚོན་ན་བོད་སྔ་རབས་ཀྱི་རྩོམ་རིག་བཞིན་དུ་དངོས་ཡོད་སྤྱི་ཚོགས་འཚོ་བ་ལས་རིང་དུ་བྲལ་བའི་སྐྱེ་བ་ཕྱི་མའི་ཚོགས་བསགས་ཁོ་ནར་དམིགས་ཤིང་ཆོས་ལུགས་ཀྱི་ལྟ་བ་གཅིག་པུ་ཁྱབ་བསྒྲགས་བྱེད་པའི་བསམ་བློ་བརྗོད་བྱ་གཙོ་བོར་བྱས་པའི་བརྩམས་ཆོས་མ་ཡིན་པར། དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་དང་དེའི་དགའ་སྐྱོ་བདེ་སྡུག་གི་འཚོ་སྡོད་གནས་བབ། རེ་འདུན། རང་དབང༌། སྤོབས་སེམས་སོགས་སྙིང་བོར་བཟུང་བའི་རྩོམ་རིག་གསར་བ་ཡིན་པས་ན། འདི་ནི་ཀློག་པ་པོ་སུས་ཀློག་ཀྱང་ནང་དོན་གྱི་ཆ་ནས་དངོས་ཡོད་འཚོ་བ་དང་ཐག་ཧ་ཅང་ཉེ་བས་བློ་བསྐྱེད་ཀྱི་ནུས་པ་དང་སྙིང་སྟོབས་ཀྱི་སྒུལ་ཤུགས། བསམ་བློ་ལེགས་བསྒྱུར། རྙིང་ཞེན་ལས་རིང་དུ་གྲོལ་བ་སོགས་ཀྱི་ནུས་པ་ལྡན་པ་ནི་བརྩམས་སྒྲུང་འདིའི་ཆེས་ཆེ་བའི་རིན་ཐང་ཡིན་ལ། ལྷག་པར་དུ་བརྩམས་སྒྲུང་འདིའི་ནང་དུ་གཞུང་རྒྱུད་དྲང་ཞིང་གཤིས་ཀ་བཟང་བ། ལས་བརྩོན་པའི་བུ་མོ་སྒྲོལ་དཀར་སྐྱིད་ནི་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་གི་གནོན་ཤུགས་འོག་ཕམ་ཉེས་ཅི་ལྟར་བྱུང་ཡང༌། རང་གི་སྐྱི་ཡ་བའི་འཚོ་བའི་གནས་བབ་བསྒྱུར་ཆེད་རང་སྟོབས་ལ་བརྟེན་ནས་གཞན་གྱི་ལེགས་ཆ་བསྡུ་ལེན་བྱེད་པ་དང༌། དཀའ་སྡུག་ལས་རྣམ་པར་རྒྱལ་བའི་འདུན་པ་དྲག་པོ་དང་ལྡན་པས། དེ་ནི་རང་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ཁྲོད་ན་ཉིན་མོའི་སྐར་མ་བཞིན་དུ་སྣང༌། དེ་བས། སྒྲོལ་དཀར་སྐྱིད་རྨོངས་མུན་གྱི་ཁ་གཏད་དུ་འགྲེངས་ནུས་པའི་ཞུམ་མེད་ཀྱི་སྤོབས་པ་དང་མིག་རྒྱང་རིང་བའི་བསམ་བློ་སོགས་ལ་ང་ཚོས་སློབ་སྦྱོང་བྱ་དགོས་པའི་གནས་ལུགས་བསྟན་ཡོད་པ་དང༌། གཞན་བརྩམས་སྒྲུང་འདིའི་བརྗོད་བྱ་དོན་དངོས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་མིན་ལ་ང་ཚོས་བསམ་བློ་ཅུང་ཙམ་ཡང་གཏོང་མི་དགོས་ལ། སྤྱི་ཚོགས་འཚོ་བ་མངོན་སུམ་པ་དེ་རྩོམ་རིག་མིན་ལ་སྤྱི་ཚོགས་འཚོ་བ་ཇི་བཞིན་དུ་རྗོད་བྱེད་དུ་དྲངས་པ་དེའང་རྩོམ་རིག་མིན། སྤྱི་ཚོགས་འཚོ་བའི་རྒྱུ་ཆ་དེ་ངེས་པར་དུ་རྩོམ་པ་པོའི་བློ་གྲོས་དང་སྒྱུ་རྩལ་གྱིས་གསར་གཏོད་བརྒྱུད་ན་ད་གཟོད་རྩོམ་རིག་བརྩམས་ཆོས་ངོ་མ་ཞིག་ཏུ་བསྒྱུར་ཐུབ། [17]ཅེས་པ་བཞིན། རྩོམ་རིག་ནི་རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གནད་དོན་ག་གེ་མོ་ཞིག་ལ་དམིགས་ནས་བློ་གྲོས་དང་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ཏེ་དཔེ་གཞིའི་བརྩམས་ཆོས་ཤིག་བྲིས་ཤིང་བླང་དོར་གྱི་ཆ་ཞིག་སྟོན་པར་བྱེད་རྒྱུ་དེ་ཡིན་པ་རེད། དེ་བས་སྒྲུང་ཐུང་འདི་ལ་མཚོན་ན། རྩོམ་པ་པོས་སྒྲོལ་དཀར་སྐྱིད་སོགས་མི་སྣ་འགའི་བྱ་སྤྱོད་བྲིས་ཏེ་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་ནས་ཀློག་པ་པོར་དངོས་ཡོད་བོད་ཀྱི་སྤྱི་ཚོགས་ཁྲོད་ན་བྱུང་དང་འབྱུང་བཞིན་པའི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་ཏེ་དབང་རྟུལ་དད་པའི་རྗེས་འབྲངས་ཀྱི་བོད་མི་རྣམས་ལ་མགོ་གཡོག་བྱེད་པའི་སྤྲུལ་སྐུ་རྫུན་མ་རྣམས་ཀྱི་སྤྱོད་ངན་དང༌། ལྷག་པར་དུ་བོད་རིགས་བུ་མོ་རྣམས་ཀྱི་རང་དབང་བྲལ་བའི་མི་ཚེ་སྐྱོ་གར་དང་འབྲེལ་ནས་མུན་འཐོམས་ཀྱི་ཀློང་དུ་ཚུད་པའི་བོད་པའི་དངོས་ཡོད་སྤྱི་ཚོགས་ཀྱི་ཟུར་ཞིག་མཚོན་པར་བྱས་ཡོད་པ་མ་ཟད། ཞོར་དུ་སྙིང་སྟོབས་ཀྱིས་ཕྱུག་ཅིང་གདོང་མཆོང་གི་དཔའ་ངར་འཛོམས་པའི་བསམ་བློའི་འདུ་ཤེས་གསར་བ་དང་མི་རིགས་གཞན་གྱི་ལེགས་ཆར་སློབ་སྦྱོང༌། བོད་པ་རང་གི་སྲོལ་རྒྱུན་གྱི་འདུ་ཤེས་ངན་པའི་རིགས་ལ་མཚང་འབྱིན། ཡང་དག་པའི་ཁ་ཕྱོགས་ཤིག་ཀུན་ནས་མཁོ་བའི་ཁ་ཚ་དགོས་གཏུགས་ཀྱི་བོད་པའི་སྤྱི་ཚོགས་འཚོ་བའི་ངོ་བོ་མཚོན༽?[ནང་དོན་གནད་བསྡུས] འདིར་གླེང་བར་བྱ་བ་ནི་༢༠༠༩ལོའི་སྦྲང་ཆར་དེབ་དང་པོའི་སྟེང་བཀོད་པའི<<སྐྱོ་འཛུམ>>ཞེས་པའི་མང་རའི་རྒྱལ་མཚན་གྱི་སྒྲུང་ཐུང་ལས་འཕྲོས་ཏེ། དེའི་ཐུན་མོང་མ་ཡིན་པའི་བསམ་བློ་དང་སྙིང་སྟོབས། དངོས་ཡོད་སྤྱི་ཚོགས་ཀྱི་རིན་ཐང༌། སྒྱུ་རྩལ་གྱི་རྩོམ་ཐབས་སོགས་དང་འབྲེལ་བའི་རང་གི་དྲན་ཚུལ་སོགས་བརྗོད་ཡོད་ལ། དཔྱད་རྩོམ་འདི་ནི་རྩོམ་རིག་དཔྱད་བརྗོད་ཀྱི་ཁོངས་སུ་འདུའོ།། [གནད་འགག་མིང་བརྡ] འདུ་ཤེས། སྒྱུ་རྩལ། རིན་ཐང༌། བསམ་བློ། སྐྱོ་གར་སྙིང་སྟོབས།
གླེང་གཞི།
སྤྱིར་རྩོམ་རིག་ལ་མཚོན་ནས་བཤད་ན་རྩོམ་པ་པོས་སྨྱུག་ཁ་རྒྱུན་ལྡན་གྱི་འཚོ་བར་གཏད་ནས། སྤྱི་ཚོགས་སྟེང་གི་བྱ་དངོས་གང་རུང་ཞིག་གིས་རང་ཉིད་ལ་བྱིན་པའི་མྱོང་ཚོར་སྣ་ཚོགས་ལ་ལས་སྣོན་བྱས་ཏེ་བཅོས་མིན་བསམ་བློ་བརྩམས་ཆོས་ལས་མངོན་པར་བྱེད་རྒྱུ་དེ་ཡིན་ལ། རྩོམ་རིག་ཅེས་པ་ངོ་བོའི་སྟེང་ནས་མིའི་གནས་སྡོད་དང་རང་དབང་གསེད་འགྲོལ་བྱ་བ [1]འམ་མིའི་རིགས་ཀྱི་འཚོ་གནས་བྱེད་སྟངས་ཤིག་ཡིན་ [2]ཞེས་གསུངས་ཡོད་པ་དང༌། བརྩམས་ཆོས་གང་ཞིག་འབྲི་ནའང་དེ་ནི་འཚོལ་སྡུད་ཀྱི་དུས་རིམ་དང༌། བསམ་བཀོད་ཀྱི་དུས་རིམ། མཚོན་བརྗོད་ཀྱི་དུས་རིམ [3]གསུམ་དང་གཏན་ནས་ཁ་བྲལ་ཐབས་མེད་པ་རེད། དུས་རིམ་དེ་འདྲ་གསུམ་བརྒྱུད་མཐར་ད་གཟོད་ཀློག་པ་པོར་བསམ་བློའི་སྐུལ་ཤུགས་ཤིག་དང་དུས་རབས་ཀྱི་མཆོང་བསྐྱོད་ཅིག བཅོས་བསྒྱུར་གྱི་དམིགས་ཡུལ་ཞིག་ཕུགས་སུ་སྟོན་རྒྱུ་ནི་རྩོམ་པ་པོས་བརྩམས་ཆོས་ཤིག་འབྲི་བའི་དམིགས་ཡུལ་ཡང་ཡིན། མི་རིགས་ཤིག་གི་ཕྱིའི་རྨ་ཁ་གསོ་བ་ལས། ནང་སེམས་ཀྱི་གཅོང་ནད་གསོ་རྒྱུ་གལ། [4]ཞེས་པའི་སྔོན་བྱོན་མཁས་དབང་ལུའུ་ཞུན་གྱི་གསུང་ལྟར། རྩོམ་རིག་ཅིག་ཡིན་ན་ངེས་ པར་དུ་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུས་ནས་མིའི་རིགས་ཀྱི་བསམ་བློ་ཡར་ཐོན་དང་བཅོས་བསྒྱུར་ལ་ནུས་པ་མི་དམན་པ་ཞིག་ཐོན་དགོས་པ་ཡིན་ལ། དེ་བཞིན་དུ་༢༠༠༩ལོའི་<<སྦྲང་ཆར>>དེབ་དང་པོའི་སྟེང་བཀོད་པའི་མང་རའི་རྒྱལ་མཚན་གྱི་སྒྲུང་ཐུང<<སྐྱོ་འཛུམ>>ཞེས་པའང་བརྩམས་སྒྲུང་གཞན་དང་བསྡུར་ན། ཁོད་ཡངས་པའི་བསམ་བློ་གཙོས་ཕྱོགས་གང་ཅིའི་ཐད་ནས་འབུར་ཐོན་དུ་སྣང་བས། ཕྲན་གྱི་ཡིད་སེམས་དབང་མེད་དུ་བཀུགས་ཤིང་ཞོར་དུ་རང་ནུས་ཀྱིས་དཔྱད་པ་ཙམ་གཏོང་འདོད་ཀྱི་ཀུན་སློང་སྐྱེས་པ་དང༌། ཡང་གཅིག་བཤད་ན་དེང་གི་རྩོམ་རིག་གི་ཞིང་ས་རུ་བགྲང་ལས་འདས་པའི་བརྩམས་ཆོས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང༌། དེ་དག་ལ་བསམ་བློ་གསར་བ་དང་འདུ་ཤེས་གསར་བ། སྒྱུ་རྩལ་མཚོན་ཐབས་གསར་བ་སོགས་ཐོད་བརྒལ་རང་བཞིན་གྱི་ཆ་ཤིན་ཏུ་ཉུང་བས་ན། སྒྲུང་ཐུང<<སྐྱོ་འཛུམ>>ནི་དེ་དག་དང་བསྡུར་ན་སྔོན་ཐོན་གྱི་ཆ་མི་ཉུང་བ་ཞིག་ཡོད་པས། ང་ཚོས་བཟང་བོ་ལ་སློབ་སྦྱོང༌། ཞེས་པའི་གནའ་མིའི་ཁ་དཔེ་ལྟར་སྒྲུང་ཐུང<<སྐྱོ་འཛུམ>>གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ལ་གོང་བཀུར་དང་སློབ་སྦྱོང༌། མོས་གུས་བྱེད་འོས་པས་ཐེངས་འདིར་ཕྲན་གྱིས་ཀྱང་རང་བློས་དཔོག་ཚོད་ཀྱིས་དཔྱད་པ་ཕྲན་ཙམ་བཏང་བ་ཀུན་གྱི་སྤྱན་ལམ་དུ་འབུལ་བར་བྱའོ།།
དང་པོ། མི་སྣ་དང་སེམས་ཁམས་ཞིབ་འབྲི་བྱས་པ་འབུར་དུ་ཐོན་པ།
རྩོམ་རིག་གི་རྩ་བའི་བྲི་བྱ་ནི་མི་ཡིན་ལ། མིའི་སེམས་ཁམས་དང་བྱ་སྤྱོད། སྐད་ཆ། གཟུགས་རིས་སོགས་ཞིབ་འབྲིའམ་དེའི་སྣང་བརྙན་བཞེངས་བསྐྲུན་བྱས་ཏེ། ད་གཟོད་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱས་པས། རྩོམ་རིག་གསར་རྩོམ་གྱི་རྩ་བའི་དམིགས་ཡུལ་ནི་མི་སྣ་རིས་འབྲི་བྱེད་པ་དེ་ཡིན། [5]ཞེས་བརྗོད་པའོ། ། འདིར་གླེང་བྱར་གྱུར་བའི་སྒྲུང་གཏམ་འདིས་ཀྱང་འགོ་བརྩམས་མ་ཐག སློབ་ཆེན་མཐར་ཕྱིན་ཁའི་བྱ་བའི་དངོས་སྦྱོང་གི་གོ་རིམ་མཇུག་རྫོགས་པའི་དགོང་མོ་དེར། ང་སློབ་གྲོགས་འགའ་དང་མཉམ་དུ་གཡང་འཁོར་ནང་ཟེར་བའི་ཆང་ཁང་ཞིག་ཏུ་རྩེ་རུ་སོང༌། གྲོགས་པོ་ཚོའི་ངག་སྒྲོས་ལྟར་ན། ཆང་ཁང་དེའི་བདག་པོ་བོད་ཡིན་ལ། ནང་དུ་ཡོང་མཁན་ཡང་ཕལ་ཆེར་བོད་རིགས་ཡིན་ཟེར། གང་ལྟར་ཀྱང་སྔོན་ཆད་ང་ཕྱོགས་གཅིག་ནས་སློབ་སྦྱོང་ལ་བྲེལ་བ་ཆེ་བའི་དབང་གིས་སམ། ཡང་ན་སོང་མ་མྱོང༌། དེ་ལས་ལྡོག་སྟེ་ཁོམ་པ་མང་ལ་ཀུན་དགའ་དོན་གྲུབ་ཀྱང་འཛོམས་པའི་བོད་རིགས་སློབ་ཆེན་མང་པོ་ཞིག་ནང་མ་ཁང་དག་གི་རྒྱུན་ཕེབས་མགྲོན་མཆོག་ཏུ་གྱུར་ཚུལ་གོ་མྱོང༌། [6]ཞེས་བྲིས་ཏེ་རྩོམ་པ་པོས་ཕ་མའི་དངུལ་ཁྲག་ལ་རོལ་བའི་གྲོང་ཁྱེར་གྱི་བོད་ཀྱི་སློབ་ཆེན་པ་སྐོར་ཞིག་གི་དུས་རྒྱུན་གྱི་བྱ་སྤྱོད་ཞིབ་འབྲི་བྱས་པ་བརྒྱུད་དེ། དེང་རབས་བོད་ཀྱི་སློབ་ཆེན་པ་རེ་འགའི་འཚོ་བ་རོལ་སྟངས་ཀྱི་རྣམ་པའི་ཟུར་ཞིག་ཀློག་པ་པོའི་ཡིད་ངོར་བཞེངས་བསྐྲུན་བྱས་ཤིང༌། དེ་དག་ལས་ཀྱང་ཐེངས་དང་པོར་གཡང་འཁོར་ནང་མ་རུ་འགྲོ་མཁན་གྱི་མི་སྣ་རྒྱ་མཚོའི་སྣང་བརྙན་བཞེངས་བསྐྲུན་བྱས་པ་འབུར་དུ་ཐོན་པར་བྱས་ཏེ་སྒྲུང་གཏམ་གྱི་འགོ་བརྩམས་ཡོད་པ་རེད། དེ་ནས་རིམ་བཞིན་རྒྱ་མཚོ་གཡང་འཁོར་ནང་མ་ལས་རང་གི་མཐོ་འབྲིང་སྐབས་ཀྱི་གྲོགས་མོ་སྒྲོལ་དཀར་སྐྱིད་དང་འཕྲད་ཚུལ་ཀྱི་གཏམ་རྒྱུད་དང༌། འབྲེལ་འདྲིས་ཅི་ལྟར་བྱས་པའི་སྐོར་གསོན་ཉམས་ལྡན་པའི་ངང་འབྲི་བཞེངས་བྱས་ཡོད་ལ། རྒྱ་མཚོ་ནི་དེང་རབས་བོད་ཀྱི་སློབ་ཆེན་པ་རང་ག་བ་ཞིག་དང་བསྡུར་ན་སློབ་སྦྱོང་ལ་དགའ་ཞིང་ཡུལ་མི་རྣམས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་ཅིང་རྩོམ་རིགས་ལ་དུང་བའི་མི་ཞིག་ཀྱང་རེད། ཡིན་ནའང༌། ཁོ་རང་གཡང་འཁོར་ནང་མ་ལས་གློ་བུར་དུ་འཕྲད་པའི་མཐོ་འབྲིང་སྐབས་ཀྱི་གྲོགས་མོ་སྒྲོལ་དཀར་སྐྱིད་ཀྱི་ལུས་ཀྱི་གྱོན་པ་དང༌། བྱ་སྤྱོད་སོགས་མཐོང་དུས་ཀྱི་ཚོར་སྣང་དང་ཁོ་མོར་བཟུང་བའི་ལྟ་ཚུལ། རྗེས་སུ་སྒྲོལ་དཀར་སྐྱིད་ཀྱིས་རང་གི་ཀྱག་ཀྱོག་གི་མི་ཚེ་བརྒྱུད་རིམ་རྒྱ་མཚོ་ལ་བརྗོད་པའི་གཏམ་རྒྱུད་ལས། སྐབས་དེའི་མི་སྣ་གཉིས་ཀྱི་སེམས་ཁམས་ཞིབ་འབྲི་བྱས་པ་དེས་ཀློག་པ་པོར་བཅོས་མིན་གྱི་སྡུག་བསྔལ་ཞིག་རང་ཤུགས་སུ་བསྐྱལ་འོངས་བ་རེད། དཔེར་ན། བརྩམས་སྒྲུང་ལས། (རྒྱ་མཚོས)ཀྱེ་མ། བདག་གི་དྲན་པའི་སྐྱེལ་ཚལ་དུ་འདམ་གྱིས་མ་གོས་པའི་པད་དཀར་ཆུན་པོ་ནང་བཞིན་ལྷམ་མེར་བཞད་ཅིང་སྒེག་ཉམས་ཀྱིས་ཤར་མྱོང་བའི་སྒྲོལ་དཀར་སྐྱིད་ནི། ད་ལྟ་བདག་གི་གམ་དུ་གནས་པའི་མི་གཙང་འདམ་རྫབ་ཀྱིས་ལུས་སེམས་ཡོངས་སུ་སྦགས་ཟིན་པའི་རྩྭ་སྙིགས་ལྟ་བུའི་བུ་མོ་འདི་འདྲ་ཞིག་ག་ལ་ཡིན [7]གཞན་ད་དུང་དྲི་ཟའི་ན་ཆུང་དང་འདྲ་བའི་སྒྲོལ་དཀར་སྐྱིད་དེ། ཟང་ཟིང་སླ་བཅོས་ཀྱི་དུས་སྐབས་འདིར་བློ་གཏད་ཆོག་པའི་མི་གཤིས་བརྟན་པོ་ནི་ཅི་འདྲར་དཀོན་ཨང༌། [8] (སྒྲོལ་དཀར་སྐྱིད་ཀྱིས) སྤྱིར་ཕ་མས་ང་ལ་ཤ་ཚ་བ་ཡིན་བསམས་ཡོད་ནའང༌། དོན་ལ་ཁོ་ཚོ་རྨོངས་པས་ང་ལ་གནོད་འཚེ་བཏང་བ་རེད། དེ་བས་དྲིན་ཆེན་ཕ་མ་ཡིན་རུང་རྒྱབ་འགལ་མི་བྱེད་ག་མེད་རེད། [9]ཅེས་པའི་ཚིག་དག་གིས་མི་སྣ་གཉིས་ཀྱི་སེམས་ཁམས་དང་སྐད་ཆ་ཞིབ་འབྲི་བྱས་ཡོད་ལ། ལྷག་པར་དུ་བརྩམས་སྒྲུང་གི་མཇུག་ཏུ་ངས་དེ་ལྟར་བསམ་གཞིག་བྱེད་སྐབས། མིག་ལམ་དུ་ཡང་བསྐྱར་སྒྲོལ་དཀར་སྐྱིད་ཀྱི་ཡལ་བ་མེད་པའི་འཛུམ་མདངས་དེ་དྲན་བྱུང༌། ད་ལྟ་འཛུམ་མདངས་དེར་སྐྱོ་སྡུག་གི་གྲིབ་མས་ཅུང་ཟད་གཡོགས་ནའང༌། ཡིད་ཆེས་དང་རེ་བའི་མཛེས་སྡུག་གི་ཆ་ནི་ཅུང་ཙམ་ཡང་མི་འདུག མ་གཞིར་ཏག་ཏག་ལ་མི་སུས་ཀྱང་འབོར་མི་རུང་བའི་འཛུམ་མདངས་དེས། ང་དང་འདྲ་བའི་རང་རློམ་ཆེ་ཡང་སྙིང་རུས་མེད་པའི་བོད་ཀྱི་སློབ་ཆེན་པ་འདི་དག་ལ་ཟུར་ཟ་བྱེད་བཞིན་པ་དང་འདྲ། གལ་ཏེ་ང་ཚོ་ལའང་ཕམ་ཉེས་ཀྱི་སྐྱོ་སྡུག་ཀློང་ནས་རེ་བཞག་གི་འཛུམ་མདངས་སྟོན་པའི་སྙིང་སྟོབས་དེ་རིགས་ཡོད་ན། ཁོད་ཡངས་པའི་གནམ་ས་གཉིས་ཀྱི་བར་མཚམས་ནས། རང་ལ་དབང་བའི་ལམ་བུ་ཞིག་མི་རྙེད་པ་ག་ལ་སྲིད་སྙམ [10]ཞེས་པའི་པའི་སེམས་ཁམས་ཞིབ་འབྲི་བྱས་པའི་ཚིག་དེ་དག་གིས་སྐྱོ་ཞིང་སྡུག་པའི་མི་སྣ་གཉིས་ཀྱི་ལས་དབང་དེ་མཚོན་པར་བྱས་ཏེ་ཕྱིར་སྤྱི་ཚོགས་ཤིག་གི་ངོ་བོ་དང༌། མདུན་བསྐྱོད་ཀྱི་ཡིད་ཆེས་ཤིག་ཀྱང་ཞོར་དུ་བསྟན་ཡོད་པས་མི་སྣའི་སེམས་ཁམས་ཞིབ་འབྲིའི་ཐབས་ལམ་ལ་བརྟེན་ནས་རྩོམ་པ་པོས་རང་གིས་བརྗོད་པར་འདོད་པའི་བསམ་བློ་དེ་ཐོན་པར་བྱས་ཡོད་པ་སོགས་ནི་མི་སྣ་བཞེངས་བསྐྲུན་ཐད་ཀྱི་ཁྱད་ཆོས་སོ།།
གཉིས་པ། ཁོར་ཡུག་བཞེངས་བསྐྲུན་གྱིས་བརྩམས་སྒྲུང་ཁྲོད་ཀྱི་འགལ་འདུའི་བསམ་བློ་མཚོན་པ།
ཁོར་ཡུག་ནི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་འགུལ་སྐྱོད་བྱེད་ས་ཡིན་ལ། མི་སྣའི་སྣང་བརྙན་རང་གཤིས་ཅན་དང་གསོན་ཉམས་ལྡན་པར་བྲིས་ཏེ་མཐར་ཐུག་གི་བསམ་བློའི་དགོངས་དོན་གང་ཞིག་མཚོན་པར་བྱེད་རྒྱུ་དེ་ཡིན་པ་དང༌། ཁོར་ཡུག་བཞེངས་བསྐྲུན་གྱི་ཐབས་ལམ་ལ་བརྟེན་ནས་མི་སྣ་འབྲི་བཞེངས་དང་མི་སྣའི་རང་གཤིས་ཀྱིས་འགལ་འདུའི་རང་བཞིན་ཅན་གྱི་ཚབ་མཚོན་བསམ་བློ་དེ་མངོན་པར་བྱེད་དགོས་པས། <<སྐྱོ་འཛུམ>>ཞེས་པའི་བརྩམས་སྒྲུང་འདིའི་ནང་དུའང་རྨོངས་པའི་མུན་པ་འཐིབས་པའི་བོད་པའི་འདུ་ཤེས་དང་འཁྲེགས་འཛིན་གྱི་ལྟ་བ། བག་འཁུམས། རྗེས་ལུས་ཀྱི་སྣང་ཚུལ་དངོས་སུ་མངའ་བའི་སྤྱི་ཚོགས་ཁོར་ཡུག་ཅིག་བརྩམས་སྒྲུང་དུ་བཞེངས་བསྐྲུན་བྱས་ཤིང༌། གསོན་ཉམས་ཀྱིས་ཕྱུག་པའི་ཁོར་ཡུག་བཞེངས་བསྐྲུན་གྱི་སྒྱུ་རྩལ་མཚོན་ཐབས་ཀྱིས་སྒྲུང་གཏམ་ཁྲོད་དུ་ནུས་པ་ཆེན་པོ་ཞིག་ཐོན་ཡོད་དེ། བརྩམས་སྒྲུང་ལསགློ་བུར་དུ་མདུན་ཐད་ཀྱི་ཉི་འོད་དབེན་པའི་ནམ་མཁའ་ནས་བྱིའུ་ཆུང་ཞིག་མགྱོགས་མྱུར་ངང་ངེད་གཉིས་ཀྱི་དྲང་ཐད་དུ་འཕུར་ཡོང་ལ། ཉེ་འཁོར་གྱི་རི་རྩེར་བསླེབས་འཕྲལ་ཚབ་ཚུབ་ངང་བྲ་མའི་ཚེར་ཕུང་ཞིག་གི་གསེབ་ཏུ་ཡིབས། ངས་བྱིའུ་དེའི་རྒྱུན་ལྡན་མ་ཡིན་པའི་ངང་ཚུལ་ལ་ཞིབ་ལྟ་བྱེད་སྐབས། ཉམ་ཆུང་གི་ཚེ་སྲོག་དེ་ནི་མ་གཞིར་བྱིའུ་ཁྲས་བདས་ནས་ཡོང་བ་ཞིག་རེད། རྗེས་དེད་ནས་འཕུར་ཡོང་བའི་བྱིའུ་ཁྲ་གདུག་རྩུབ་ཅན་དེས་བྱིའུ་ཆུང་ཚེར་མའི་གསེབ་ཏུ་འཛུལ་བས་ཐབས་ཟད་དེ་ཕྱོགས་གཞན་ཞིག་ཏུ་ཁ་བསྒྱུར་ནས་འཕུར་སོང༌། རེ་ཞིག་ནས་ཉམ་ཐག་པའི་བྱིའུ་དེ་ཚེར་ཕུང་གི་རྩེ་མོར་བབས་ནས་ཕར་ལྟ་ཚུར་ལྟ་བྱེད་བཞིན་ཀྱུར་སྐད་ཡང་ཡང་རྒྱག་བཞིན་འདུགཉམ་ཐག་པའི་ཚུགས་ཀར་བལྟས་ན་དེས་ཕལ་ཆེར་རང་ཉིད་གཞན་དབང་གིས་ཁྱུ་ཚོགས་དང་བྲལ་པའི་ཁེར་རྐྱང་བྱིའུ་ཞིག་ཏུ་གྱུར་པའི་ལས་སྐལ་ལ་སྐྱོ་སྡུག་གི་སྨྲེ་སྔགས་འདོན་བཞིན་པ་འདྲ། [11]ཞེས་པ་དང་སྐབས་དེར་ས་སྲོད་ཀྱི་ཉི་འོད་མོག་པོ་ཞིག་སྤྲིན་པའི་བར་གསེང་བརྒྱུད་ནས་ཀྲོང་ངེར་འགྱིང་པའི་གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོའི་ངོས་ལ་གསེག་འཕྲོ་བྱས་འདུག་པས། ཨར་འདམ་གྱིས་གྲུབ་པའི་ཁོར་ཡུག་སྲ་མཁྲེགས་ཅན་དེ་ལའང་གདུང་སེམས་ཀྱི་ཚོན་མདངས་དམར་པོ་ཞིག་གསར་དུ་བསྒོས་འདུག [12]ཅེས་པའི་གསོན་ཉམས་ལྡན་པའི་རང་བྱུང་ཁོར་ཡུག་བཞེངས་བསྐྲུན་བྱས་པས། གཞན་དབང་གི་མནར་གཅོད་བར་ན་གར་འགྲོ་རང་དབང་བྲལ་བའི་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ལས་དབང་ཤུགས་སུ་མཚོན་པར་བྱས་ཡོད་པ་མ་ཟད། ཁོ་མོའི་སེམས་ཁོང་གི་སྐྱོ་ངལ་དང་འཁང་ར་ཐ་དག་རྩོམ་པ་པོས་རང་བྱུང་ཁོར་ཡུག་བཞེངས་བསྐྲུན་གྱི་སྒྱུ་རྩལ་ཐབས་ལམ་ལ་བརྟེན་ནས་ཀློག་པ་པོ་ཚོའི་ཡིད་ངོར་བཞེངས་བསྐྲུན་བྱས་ཡོད་ལ། ད་དུང་ཁོར་ཡུག་བཞེངས་བསྐྲུན་བྱས་པ་ལ་བརྟེན་ནས་དུས་རབས་གསར་བའི་བོད་པའི་གཞོན་སྐྱེས་མི་བུ་རྣམས་ཀྱི་བསམ་བློའི་ཕུགས་འདུན་དང་རེ་སྨོན་སོགས་ཀྱང་མཚོན་པར་བྱས་ཡོད་དེ། སྐབས་དེར་མུན་པ་ཡོངས་སུ་རུབ་ཟིན། ངས་ཐོག་རྩེག་ལྔ་པའི་ཁང་མིག་གསུམ་པའི་སྒེའུ་ཁུང་གི་ཧྲེག་བར་ནས་མུ་མཐའ་བྲལ་བའི་སྨག་ནག་གི་ནམ་མཁའ་མཐོང་ཞིང༌། ནམ་མཁའི་དབྱིངས་སུ་རྒྱུ་སྐར་གྲངས་མེད་ཅིག་ལམ་ལམ་དུ་འཚེར་བཞིན་པ་མཐོང་སོང་ [13]ཞེས་པའི་ཚན་པ་དེའོ། ། སྤྱིར་གོང་གི་ཁོར་ཡུག་བཞེངས་བསྐྲུན་གྱི་ཚན་པ་དེ་དག་གིས་སྒྲུང་གཏམ་འབྲི་བའི་བརྒྱུད་རིམ་ཧྲིལ་བོའི་ཁྲོད་དུ་བླ་ལྷག་གི་གོ་གནས་གལ་ཆེན་ཞིག་ཟིན་མེད་ལ། དུས་སྐད་ཅིག་མའི་རང་བྱུང་ཁོར་ཡུག་གི་རྣམ་པ་ཕྲན་ཙམ་ལས་བྲིས་མེད་མོད། འོན་ཀྱང་ཞིབ་ཏུ་བསམ་ན་དེ་ནི་སྒྲུང་གཏམ་འདིའི་མཐར་ཐུག་གི་དགོངས་དོན་གསལ་བོར་མཚོན་པའི་གོ་རིམ་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་འདོད། དཔེར་ན། ཀློག་པ་པོར་བདེ་སྣང་དང་སྤྲོ་སེམས་མི་སྟེར་བར་ཐེ་ཚོམ་དང་སྐྱོ་སྣང་སྟེར་བའི་སྒྲུང་གཏམ་ཁྲོད་ཀྱི་གོང་གི་རང་བྱུང་ཁོར་ཡུག་གི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་འབྲི་བཞེངས་བྱས་པའི་ཚན་པ་དག་གི་ཚབ་དུ། བག་ཕེབས་དང་དགའ་མགུ། བདེ་བ་སྟེར་ནུས་པའི་རང་བྱུང་ཁོར་ཡུག་གི་རྣམ་པ་ཞིག་བྲིས་ན། དེས་ཀློག་པ་པོར་ཅི་ཡིན་ཆ་མི་འཚལ་བའི་ཚོར་འདུ་ཞིག་ལས་སེམས་པ་དབང་མེད་དུ་འགུགས་ཤིང་ཡིད་ལ་བཅོས་མིན་གྱི་མཛེས་རྟོག་ཅིག་སྟེར་བའི་ནུས་པ་མེད་པར་འགྱུར་ངེས་ལ། ལྷག་པར་དུ་བརྩམས་སྒྲུང་དུ་བཀོད་པའི་རང་བྱུང་ཁོར་ཡུག་གི་རྒྱུན་ལྡན་མ་ཡིན་པའི་ཚན་པ་དེ་དག་གིས་བོད་པའི་རྗེས་ལུས་ཀྱི་འདུ་ཤེས་དང་རྨོངས་མུན་ཀྱི་བསམ་བློས་དེང་རབས་གཞོན་སྐྱེས་དག་གི་མདུན་ལམ་ལ་གཏོར་བརླགས་དང་ཚད་བཀག་ཐེབས་པའི་སྐྱོ་ངལ་དང་འཁང་ར་ཤུགས་སུ་མཚོན་པར་བྱས་ཡོད་པ་མ་ཟད། བཅོས་བསྒྱུར་དང་དངོས་ཡོད་ཀྱི་བདེན་དོན་ལ་བརྩོན་ལེན་བྱེད་པའི་དེང་རབས་གཞོན་སྐྱེས་རྣམས་ཀྱི་བསམ་བློ་དང་འདུ་ཤེས་རྙིང་བས་རང་མགོ་གཡོག་ཅིང་རྨོངས་པས་བཀང་བའི་བོད་པའི་བསམ་བློ་གཉིས་ཀྱི་འགལ་བ་དེ་གཙོ་བོར་མཚོན་པར་བྱས་ཡོད་པས་རང་བྱུང་ཁོར་ཡུག་འབྲི་བཞེངས་བྱས་པའི་ཚན་པ་དེ་དག་ཀྱང་བརྩམས་སྒྲུང་འདིའི་དགེ་མཚན་གྱི་ཆ་ཞིག་ཡིན་པར་འདོད་དོ།།
གསུམ་པ། བྱུང་རིམ་བཀོད་སྒྲིག་གི་འཕེལ་འགྱུར་རང་བཞིན་ལ་ཡིད་འགུགས་ཀྱི་ནུས་པ་ལྡན་པ།
བྱུང་རིམ་བཀོད་སྒྲིག་ནི་བརྩམས་སྒྲུང་ཞིག་ལ་མཚོན་ནས་བཤད་ན་གལ་ཆེ་ཞིང་གནད་ཀྱི་མདོ་དམ་པ་རེད། དེ་བས། <<སྐྱོ་འཛུམ>>ལ་མཚོན་ནའང༌། མི་སྣའི་འགུལ་བསྐྱོད་དེ་དུས་ཀྱི་བྱུང་རིམ་དང་བསྟུན་ནས་འབྲི་བཞེངས་དང༌། གཏམ་རྒྱུད་ཀྱི་སྒྲིག་རིམ་ཚགས་དམ་ཞིང་འཕེལ་འགྱུར་གྱི་གོ་རིམ་ཁྱད་དུ་འཕགས་པ་དེས་ཀློག་པ་པོར་ཡིད་ཀྱི་དྭངས་མ་འདྲེན་པའི་ནུས་པ་བླ་ལྷག་ཅིག་ཐོན་འདུག དཔེར་ན། ཐོག་མར་མི་སྣ་རྒྱ་མཚོ་གཡང་འཁོར་ནང་མ་ལས་ཆུང་དུས་ཀྱི་གྲོགས་མོ་སྒྲོལ་དཀར་སྐྱིད་དང་འཕྲད་ཅིང་དེ་ནས་རིམ་བཞིན་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་དེས། ཀློག་པ་པོས་གཏམ་རྒྱུད་དེར་མུ་མཐུད་དུ་ལྟ་འདོད་ཀྱི་ཀུན་སློང་ཞིག་ངང་གིས་སྟེར་ལ། ཡང་གཅིག་བཤད་ན། རྒྱ་མཚོས་གྲོགས་སྒྲོལ་དཀར་སྐྱིད་ལ་བཟུང་བའི་ལྟ་ཚུལ་དེས་ཀློག་པ་པོས་མ་གཞི་སྒྲོལ་དཀར་སྐྱིད་ནི་མི་ཅི་འདྲ་ཞིག་ཡིན་མིན་གྱི་ཐད་ལ་རྒྱུས་ལོན་མི་བྱེད་རང་དབང་མེད་པའི་གནས་ཤིག་ཏུ་སྐྱེལ་བ་རེད། གལ་ཏེ་ཀློག་པ་པོས་བརྩམས་ཆོས་ཤིག་ལ་རོལ་མྱོང་བྱེད་སྐབས་འགོ་བརྩམས་མ་ཐག་ནས་བཟུང་མཇུག་འབྲས་ཅི་ཞིག་ཡིན་པ་གསལ་བོར་རྟོགས་དུས་བརྩམས་སྒྲུང་དེའི་བྱུང་རིམ་བཀོད་སྒྲིག་ད་དུང་ལེགས་པོ་ཞིག་འཁྱོངས་མེད་པ་ཤ་སྟག་རེད། <<སྐྱོ་འཛུམ>>ཞེས་པའི་བརྩམས་སྒྲུང་འདིའི་འཕེལ་འགྱུར་མང་པོའི་བྱུང་རིམ་བཀོད་སྒྲིག་ནི་བརྩམས་ཆོས་གཞན་དང་བསྡུར་ན་ཅུང་ཚད་མཐོ་བར་སྙམ་ལ། རྩོམ་པ་པོས་བརྩམས་སྒྲུང་དུ་སྒྲོལ་དཀར་སྐྱིད་ཅེས་པའི་མི་སྣ་ཞིག་འབྲི་བཞེངས་བྱས་ཤིང་ཁོ་མོའི་མི་ཚེ་འཚོ་བའི་འདས་མ་ད་གསུམ་གྱི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་དང་རེ་འདུན། སྙིང་སྟོབས་སོགས་བརྩམས་སྒྲུང་གི་ཚགས་དམ་ཞིང་འཕེལ་འགྱུར་གྱིས་ཕྱུག་པ། ཆ་ཚང་བའི་བྱུང་རིམ་ལས་ད་གཟོད་གསལ་བོར་རྟོགས་ཐུབ་པ་ལས། དོན་གྱི་བྱུང་རིམ་དུམ་གཅིག་གིས་ཀློག་པ་པོར་བསམ་གཞིག་གི་དྲི་བ་གཏིང་ཟབ་པ་ཞིག་འདོན་པ་མ་གཏོགས། བརྩམས་ཆོས་ཀྱི་བརྗོད་དོན་ཁ་ཚང་བ་ཞིག་སྟོན་མི་ཐུབ་ལ། ཀློག་པ་པོས་མུ་འབྲེལ་བརྙན་འཕྲིན་ཟློས་གར་ལ་ལྟ་བ་བཞིན་བརྩམས་ཆོས་མཇུག་རྫོགས་རག་བར་མཚམས་འཇོག་མི་འདོད་པའི་བྱུང་རིམ་བཀོད་སྒྲིག་གི་ཁྱད་ཆོས་མངའ་སྟེ། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་རྒྱ་མཚོ་གཡང་འཁོར་ནང་མ་ལས་ཆུང་དུས་ཀྱི་གྲོགས་མོ་སྒྲོལ་དཀར་སྐྱིད་དང་འཕྲད་པའི་ཉིན་འགའི་རྗེས་སུ་ཁོ་ལ་སྒྲོལ་དཀར་སྐྱིད་ཀྱི་ཁ་པར་འབྱོར་ཅིང༌། དེ་ནས་ཁོ་གཉིས་ལྷོ་རིའི་སྟེང་དུ་འགོས་ནས་འདས་སོང་ལ་གླེང་མོལ་བྱེད་པའི་སྐབས་སུ་དེ་རིང་ཡང་ལོ་འགའི་སྔོན་གྱི་ཉིན་མོ་དེ་དང་འདྲ་བར་ངས་ཁུ་སིམ་མེར་ཡོད་པའི་གནས་འདིར་། ཡིན་ནའང་དེ་རིང་ནི་ལོ་འགའི་སྔོན་གྱི་ཉིན་མོ་དེ་དང་མི་འདྲ་བར་དྲོད་འཇམ་གྱི་ཉི་འོད་མཐོང་རྒྱུ་མེད་ལ། གྲང་རླུང་ཞིག་ཀྱང་ཁད་ཀྱིས་ལྡང་བཞིན་པས། བྱ་བྱིའུ་ཡི་སྐད་སྙན་མི་ཐོས་ལ་མེ་ཏོག་གི་དྲི་བསུང་ཡང་མི་ཚོར [14]ཞེས་པའི་ཚན་པ་འདི་ནི་བྱུང་རིམ་བཀོད་སྒྲིག་ཁྲོད་ཀྱི་འཕེལ་འགྱུར་གྱི་རང་བཞིན་ཆེས་གསལ་ས་ཡིན་ལ། ཀློག་པ་པོས་ཅི་ཞིག་རྟོགས་འདོད་ཀྱི་ཚོར་བ་ཆེས་རྣོ་སའང་ཡིན། རྒྱུ་མཚན་ནི་བརྩམས་ཆོས་འགོ་བརྩམས་ནས་ཚན་པ་འདིའི་བར་དུ་རྒྱ་མཚོ་དང་སྒྲོལ་དཀར་སྐྱིད་གཉིས་གཡང་འཁོར་ནང་མ་ལས་འཕྲད་པའི་བརྒྱུད་རིམ་ལས་གཞན་ཆེན་པོ་ཞིག་བརྗོད་མེད་ལ། མཚམས་འདིར་ཐོན་པ་ན་སློབ་གྲོགས་རྒྱ་མཚོ་དང་སྒྲོལ་དཀར་སྐྱིད་གཉིས་ཀྱི་ཆུང་དུས་ཀྱི་འདས་ཟིན་པའི་འཚོ་བ་དང༌། དེ་ནས་རང་རང་སར་བྲལ་བའི་གཏམ་རྒྱུད་ལ་ཕྱིར་དྲན་བྱེད་འགོ་ཚུགས་པ་རེད། འདིས་ཀློག་པ་པོར་གཏམ་རྒྱུད་འདིའི་འགོ་ཁུངས་འཚོལ་བའི་འདུན་པ་སྐྱེས་སུ་བཅུག་པ་དང༌། གཞན་ད་དུང་སྒྲོལ་དཀར་སྐྱིད་ཀྱི་འཕྲིན་ཡིག་རྒྱ་མཚོའི་ལག་ཏུ་འབྱོར་རྗེས་རྒྱ་མཚོས་ད་གཟོད་རང་གི་ཞན་ཆ་དང་ནོར་འཁྲུལ་གྱི་ལྟ་ཚུལ་ངོས་ཟིན་པས་འགྱོད་གདུང་གིས་མནར་བའི་སེམས་ཁམས་ཞིབ་འབྲིའི་དོན་ཚན་ཞིག་བཀོད་པ་ནི་བརྩམས་སྒྲུང་གི་བྱུང་རིམ་བཀོད་སྒྲིག་ཁྲོད་ཀྱི་ཁྱད་ཆོས་ཤིག་དང༌། བྱུང་རིམ་བཀོད་སྒྲིག་གི་འཕེལ་འགྱུར་རམ་ཡང་ན་བརྩམས་ཆོས་འབྲི་བའི་ཀུན་སློང་རྣལ་མའང་ཞོར་དུ་བསྟན་ཡོད་པར་སྣང་ངོ༌།།
བཞི་པ། སྒྱུ་རྩལ་མཚོན་ཐབས་ལ་མངོན་གབ་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པ།
རྩོམ་རིག་ནི་མཛེས་རྟོག་གི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ལ། སྒྱུ་རྩལ་ཞེས་པ་མདོར་དེད་ན་སྒྱུ་རྩལ་ཡིན་བྱེད་ཀྱི་སྲོག་ཤིང་ནི་མཛེས་རྟོག་གོ། མཛེས་རྟོག་གི་ཆ་དེ་རྩོམ་རིག་བརྩམས་ཆོས་ལས་སྣང་བརྙན་གྱི་སྒོ་ནས་མངོན་པ་ཞིག་སྟེ། སྤྱི་ཚོགས་འཚོ་བའི་རྣམ་པ་གང་རུང་སྣང་བརྙན་ཅན་དུ་བཞེངས་བསྐྲུན་བྱས་ཤིང་དེའི་མྱོང་རོལ་བརྒྱུད་དེ་ཀློག་པ་པོར་མཛེས་ཚོར་གྱི་སྣང་བ་བསྐྱེད་པ་ནི་མཛེས་རྟོག་དང༌། བཞེངས་བསྐྲུན་བྱས་པའི་སྤྱི་ཚོགས་འཚོ་བས་ཀློག་པ་པོར་མཛེས་ཚོར་བསྐྱེད་པའི་ཚད་ནི་བརྩམས་ཆོས་ཀྱི་སྒྱུ་རྩལ་ནུས་པ་ཡིན་ལ། རྩོམ་རིག་གིས་སྤྱི་ཚོགས་འཚོ་བའི་སྣང་བརྙན་གང་རུང་བཞེངས་བསྐྲུན་བྱས་ཏེ་མཛེས་ཚོར་བསྐྱེད་པར་མཚོན་ཐབས་སྣ་ཚོགས་ཤིག་ལྡན་པ་ནི་སྒྱུ་རྩལ་གྱི་མཚོན་ཐབས་ཡིན་པར་སྙམ་ལ། དེས་ན<<སྐྱོ་འཛུམ>>ཞེས་པའི་སྒྲུང་ཐུང་ལ་མཚོན་ན་མངོན་ཤུགས་ཟུང་འབྲེལ་གྱི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ་ཀློག་པ་པོར་མཛེས་ཚོར་གྱི་སྣང་བ་ཞིག་གམ་རྩོམ་པ་པོས་དོན་གང་ཞིག་བརྗོད་པར་འདོད་པའི་དམིགས་འདུན་དེ་བསྟན་ཡོད་དེ། རྩོམ་པ་པོས་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ལས་དབང་བཞེངས་སྐྲུན་སྲོག་ཤིང་བྱས་ཏེ་བོད་པའི་རྙིང་ཞེན་གྱི་བསམ་བློ་དང༌། དངོས་ཡོད་སྤྱི་ཚོགས་འཚོ་བའི་སྣང་བརྙན་དག་ཀློག་པ་པོའི་མིག་མདུན་དུ་བཀྲམ་ནས། ཀློག་པ་པོར་སྙིང་རྗེ་དང་སྐྱོ་ངལ། སྡང་སེམས་དང་ཞེད་སྣང་གི་ཚོར་འདུ་སོགས་མཛེས་རྟོག་སྣང་བ་མངོན་པར་སྟེར་བ་ནི་བརྩམས་ཆོས་ཀྱི་ངོ་གདོང་རྐྱང་རྐྱང་ནས་མཚོན་པའི་སྒྱུ་རྩལ་མཚོན་ཐབས་ཡིན་སྙམ་ལ། དེས་ཀློག་པ་པོར་བརྩམས་ཆོས་ཕྱི་ངོས་ལས་བྱུང་བའི་ཚོར་འདུའི་མཛེས་རྟོག་ཅིག་ལས་མི་སྟོན་ཞིང༌། བརྩམས་ཆོས་འདི་བྲིས་པ་བརྒྱུད་ནས་ཅི་ཞིག་བརྗོད་པར་འདོད་པའི་རྩོམ་པ་པོའི་དགོངས་པ་དངོས་བླ་ལྷག་གིས་མཚོན་པར་མི་ནུས་འདོད། ཀློག་པ་པོས་བརྩམས་ཆོས་ཡོངས་སུ་བཀླགས་རྗེས་བློ་གཟུ་མོས་བསམ་གཞིག་ཅིག་བཏང་ན། ད་གཟོད་རང་ཉིད་ལ་བློ་བསྐྱེད་ཅིག་དང་ཁ་ཕྱོགས་ཤིག་སྟོན་པར་བྱེད་པའི་བསམ་བློའི་སྒུལ་ཤུགས་གཙོ་བོ་དེ་ནི་རྩོམ་རིག་སྒྱུ་རྩལ་གྱིས་ཤུགས་སུ་བསྟན་པའི་སྒྱུ་རྩལ་གྱི་མཚོན་སྟངས་ཡིན་པར་འདོད་དེ། བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ཡིད་སྐྱོ་བའི་མི་ཚེའི་འཚོ་སྟངས་དང་གཡང་རི་སྐུ་ལོའི་འདོད་ཧམ་གྱི་སྤྱོད་ཚུལ། སློབ་ཆེན་པ་རྒྱ་མཚོའི་གུ་དོག་པའི་མཁྲེགས་འཛིན་གྱི་ལྟ་བ། མཐར་རང་ཉིད་ཀྱི་སྤོབས་པ་དང་ངལ་བ་ལ་བརྟེན་ནས་འཆིང་རྒྱར་ཚུད་པའི་སྤྱི་ཚོགས་ལས་འཕག་འཚགས་རྒྱབ་སྟེ་མདུན་བསྐྱོད་ཀྱི་ལམ་དུ་ཆས་ནུས་པའི་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ཡོན་ཏན་གྱི་ཆ་ཀློག་པ་པོར་ཤུགས་སུ་བསྟན་ཏེ། བོད་པའི་རྨོངས་དད་ཀྱི་འདུ་ཤེས་དང་གཡོ་གར་ལ་མཁས་པའི་བླ་སྤྲུལ་དག་གི་འཚུལ་ཆོས་ལ་ཐེར་འདོན་བྱས་ཤིང༌། སྲོལ་རྒྱུན་ངན་པས་དམ་དུ་བཅངས་པའི་བོད་ཀྱི་སྤྱི་ཚོགས་དང་སྔོན་ཐོན་ཨ་མེ་རུ་ཁའི་དཀྱེལ་ཡངས་པའི་རིག་གནས་ཁོར་ཡུག་གི་སྤྱི་ཚོགས་གཉིས་གཤུབ་བསྡུར་བྱས་ཏེ་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་འདུ་ཤེས་རྙིང་བ་རེ་འགའ་ཞིག་ལ་དགག་སྒྲུབ་བྱས་པ་ནི་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཤུགས་སུ་མཚོན་པར་བྱས་པའི་བརྩམས་ཆོས་འདིའི་ཁྱད་ཆོས་ཤིག་ཡིན་པར་འདོད་དོ།།
ལྔ་པ། རྩོམ་པ་པོའི་བསམ་བློ་དང་དམིགས་འདུན་འབུར་དུ་ཐོན་པ།
རྩོམ་པ་པོས་ཚད་མཐོ་བའི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཚེ་སྲོག་གི་འཕར་རྩ་དྲག་ཏུ་ལྡིང་བཞིན་པའི་བརྩམས་ཆོས་འདི་ལྟ་བུ་ཞིག་བཞེངས་བསྐྲུན་བྱས་པ་དང༌། འབུར་ཐོན་གྱི་བརྗོད་བྱ་འདི་ལྟ་བུ་ཞིག་བདམས་པའི་དམིགས་ཡུལ་ནི་ཁོ་བོས་རེ་སྙེགས་བྱེད་ཀྱིན་པའི་དམིགས་འདུན་དང་བསམ་བློ་དེ་མཚོན་པར་བྱེད་རྒྱུ་དེ་ཡིན་ལ། དེང་གི་དུས་འདིར་བོད་རིགས་མི་དམངས་རྣམས་ལ་བཤུ་གཞོག་བྱེད་མཁན་གྱི་བླ་སྤྲུལ་སྐོར་ཞིག་གིས་ཆོས་ལུགས་ལ་ཁ་གཡར་ནས་རྨོངས་དད་ཀྱིས་མགོ་བོ་འཐོམས་པའི་བོད་རིགས་མང་ཚོགས་ཀྱི་བདེ་སྐྱིད་ལ་གཏོར་བརླགས་དང༌། མདུན་སྐྱོད་ཀྱི་འཕེལ་རྒྱས་ལ་བར་ཆད་བཟོ་བཞིན་ཡོད་པ་རེད། བརྩམས་སྒྲུང་འདི་ལ་མཚོན་ནའང་གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པའི་བུ་མོ་སྒྲོལ་དཀར་སྐྱིད་ལྟ་བུའི་བོད་ཀྱི་བུ་མོ་མང་པོ་ཞིག་གི་མདུན་ལམ་ལ་རྨོངས་དད་ཀྱི་རྒྱ་རུ་ཚུད་པའི་ཕ་མ་དང་འདོད་ཧམ་ཆེ་བའི་གཡང་རི་སྐུ་ལོ་ལྟ་བུའི་བཀག་རྡོ་མང་པོ་ཞིག་གིས་བར་ཆད་བྱས་པ་དང༌། གཞན་རྒྱ་མཚོ་ལྟ་བུའི་བོད་རིགས་སློབ་ཆེན་པ་ཡིན་ཡང་ཁོ་མོ་ཚོའི་གར་འགྲོ་རང་དབང་བྲལ་བའི་སྡུག་བསྔལ་གྱིས་བསྐྲུན་པའི་ཡིད་སྐྱོ་བའི་གཏམ་རྒྱུད་དག་ལ་དང་ལེན་བྱེད་མི་ཕོད་པའི་སྤྱི་ཚོགས་ཀྱི་གནོན་ཤུགས་འོགཁོ་མོ་ཚོར་ནམ་ཡང་མདུན་བསྐྱོད་ཀྱི་གོམ་ཁ་ལྷོད་སོང་བ་རེད། ལྷག་པར་དུ་བརྩམས་སྒྲུང་ཁྲོད་ཀྱི་བུ་མོ་སྒྲོལ་དཀར་སྐྱིད་ཀྱིས་གྲོགས་རྒྱ་མཚོ་ལ་སྤྲིངས་པའི་འཕྲིན་ཡིག་ཏུའཚོ་བའི་རང་དབང་གི་སླད་དུ་ཚེར་མའི་ལམ་ན་གོག་ནར་བྱེད་བཞིན་པའི་བུ་མོ་ཉམ་ཆུང་སྐོར་ཞིག་མི་ཚེ་བཤུལ་ལམ [15]ཞེས་པའི་ཚིག་དེས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་རང་དབང་བྲལ་བའི་བུ་མོ་སྐོར་ཞིག་གི་ལས་དབང་དང་ཁོ་མོ་ཚོའི་སེམས་ཀྱི་ན་ཟུག་རྟོགས་ཐུབ་ལ། ང་ཚོར་བུད་མེད་རྣམས་ཀྱི་ཐོབ་ཐང་ལ་བརྩི་འཇོག་དང་རང་དབང་ལ་གཏོར་བརླགས་གཏོང་མི་རུང་བའི་གནས་ལུགས་བསྟན་ཅིང༌། གཞན་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་འཕྲིན་ཡིག་ལས་བཤད་པའི་ཨ་མེ་རི་ཁའི་ཆོང་སི་ཟེར་བའི་ཕོ་སར་དེས་ཁོ་མོའི་འདས་སོང་གི་ཡོད་ཚད་དང་ལེན་བྱེད་ཐུབ་སོང་བའི་སྣང་ཚུལ་དེས་བོད་ཀྱི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དང་སྔོན་ཐོན་ཨ་མེ་རི་ཁའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་གཉིས་ཞིབ་བསྡུར་བརྒྱུད་དེ་ང་ཚོ་ཀློག་པ་པོར་ཧ་ཅང་གཏིང་ཟབ་པའི་དྲི་བ་ཞིག་བཏོན་ཡོད་པ་རེད། མདོར་ན་རྩོམ་པ་པོས་བརྩམས་སྒྲུང་འདི་འདྲ་ཞིག་བྲིས་ཏེ་བོད་པའི་རྨོངས་དད་ཀྱིས་གཏམས་པའི་གུ་དོག་པའི་སྤྱི་ཚོགས་འཚོ་བ་དང་དཀྱེལ་ཡངས་པའི་ཨ་མེ་རི་ཁའི་རིག་གནས་ཁོར་ཡུག་གི་བར་ཐག་ནི་ང་ཚོས་འཚོལ་སྙེགས་བྱེད་པའི་དམིགས་འདུན་ཉག་གཅིག་ཡིན་པའི་བསམ་བློའི་ཁ་ཕྱོགས་བསྟན་ཅིང༌། ཁེངས་སྐྱུངས་དང་གཞན་དབང་གིས་འཚོ་བའི་བོད་རིགས་བུ་མོ་རྣམས་གཙོས་ང་ཚོ་བོད་ཀྱི་གཞོན་སྐྱེས་ཡོངས་ལའང་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་བུ་མོ་སྒྲོལ་དཀར་སྐྱིད་དང་འདྲ་བར་རང་སྟོབས་ལ་བརྟེན་ནས་མུན་འཐོམས་ཀྱི་བསམ་བློ་ལས་རིང་དུ་བརྒལ་ཏེ། སྲོལ་ངན་དང་སྐྱུགས་བྲོ་བའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་རྒོལ་ལན་སྤྲད་ནས། ཡང་དག་པའི་ཁ་ཕྱོགས་ཤིག་གི་ཆེད་དུ་འཕག་འཚག་གི་སྙིང་སྟོབས་དེ་ངེས་པར་དུ་མཁོ་བའི་གནས་ལུགས་གསལ་བོར་བསྟན་ཡོད་ལ། ལྷག་པར་དུ་རྩོམ་གྱི་མཇུག་ཏུའཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ། ཨ་རིའི་དམག་དཔོན་ཞིག་གིས་འགྱིང་ཉམས་དང་བཅས་རྒྱལ་ཁ་ཐོབ་པའི་དམག་དཔུང་ཁྲིད་ཅིང༌། མེ་སྒྱོགས་ཀྱིས་ཐལ་བའི་རྡུལ་དུ་བརླགས་ཟིན་པའི་འཇར་མན་པའི་རྒྱལ་ས་པོ་ལན་གྱི་སྲང་ལམ་དུ་འགྲོ་བཞིན་ཡོད། གློ་བུར་དུ་ཁོས་ཁང་ཆག་བཤིག་རོ་ཞིག་གི་སྒེའུ་ཁུང་ཁར། ཁྱིམ་འཛིན་བུད་མེད་ཅིག་གིས་ནམ་རྒྱུན་ལྟར་མེ་ཏོག་གི་རྫ་བུམ་ནང་ཆུ་གཏོར་བཞིན་ཡོད་པ་མཐོང༌། བུད་མེད་དེའི་གདོང་ལ་ད་དུང་འཛུམ་མདངས་མངོན་ཡོད། ཨ་རིའི་དམག་དཔོན་དེས་མིག་མདུན་གྱི་སྣང་ཚུལ་དག་མཐོང་པས་ཧ་ལས་པར་གྱུར། ཁོས་ཁྱིམ་གཞི་དགྲ་ཡིས་བརླགས་ཀྱང་གདོང་གི་འཛུམ་མདངས་བོར་མེད་པའི་བུད་མེད་དེ་ལས། རླབས་ཆེ་བའི་འཇར་མན་མི་རིགས་གང་མྱུར་སྒོས་བསྐྱར་དར་ངེས་པ་གསལ་བོར་མཐོང་བྱུང་ཟེར་ [16]ཞེས་པའི་རྩོམ་པ་པོས་དྲན་ཡོང་བའི་དཔེ་ངོས་ལས་མཐོང་མྱོང་བའི་གཏམ་རྒྱུད་ཅིག་བརྩམས་སྒྲུང་དུ་བཀོད་དེ། ང་ཚོ་མི་སུ་ཡིན་ཡང་དཀའ་སྡུག་གི་མདུན་དུ་མགོ་མི་སྒུར་བར་ཡང་དག་པའི་ཁ་ཕྱོགས་ཤིག་ལ་སྙིང་སྟོབས་ཆེན་པོས་མདུན་དུ་མཆོང་དགོས་པའི་གནས་ལུགས་བསྟན་པ་ནི་རྩོམ་པ་པོའི་མ་འོངས་དམིགས་འབེན་དང་འབུར་དུ་ཐོན་པའི་བསམ་བློ་ཡིན་པར་སྙམ་མོ།།
དྲུག་པ། དངོས་ཡོད་སྤྱི་ཚོགས་ཀྱི་རིན་ཐང༌།
རྩོམ་རིག་གི་མཚོན་བྱ་ནི་སྤྱི་ཚོགས་འཚོ་བ་ཡིན་ལ། སྤྱི་ཚོགས་འཚོ་བའི་སྙིང་བོ་མདོར་དེད་ན་མིའི་རིགས་ཀྱི་འཚོ་གནས་དང་དགའ་སྐྱོ་ཆགས་སྡང་ལས་མ་འདས། དེས་ན་རྩོམ་རིག་གིས་མཚོན་པར་བྱེད་རྒྱུ་དེའང་མི་ཡིན་པ་རེད། མིའི་རིགས་ཀྱི་ཆགས་སྡང་དང་ཕུགས་འདུན། འདུ་ཤེས་སོགས་མཚོན་པར་བྱ་རྒྱུ་ནི་རྩོམ་རིག་གི་འོས་འགན་ཉག་གཅིག་ཡིན། བརྩམས་སྒྲུང་འདི་ལ་མཚོན་ན་བོད་སྔ་རབས་ཀྱི་རྩོམ་རིག་བཞིན་དུ་དངོས་ཡོད་སྤྱི་ཚོགས་འཚོ་བ་ལས་རིང་དུ་བྲལ་བའི་སྐྱེ་བ་ཕྱི་མའི་ཚོགས་བསགས་ཁོ་ནར་དམིགས་ཤིང་ཆོས་ལུགས་ཀྱི་ལྟ་བ་གཅིག་པུ་ཁྱབ་བསྒྲགས་བྱེད་པའི་བསམ་བློ་བརྗོད་བྱ་གཙོ་བོར་བྱས་པའི་བརྩམས་ཆོས་མ་ཡིན་པར། དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་དང་དེའི་དགའ་སྐྱོ་བདེ་སྡུག་གི་འཚོ་སྡོད་གནས་བབ། རེ་འདུན། རང་དབང༌། སྤོབས་སེམས་སོགས་སྙིང་བོར་བཟུང་བའི་རྩོམ་རིག་གསར་བ་ཡིན་པས་ན། འདི་ནི་ཀློག་པ་པོ་སུས་ཀློག་ཀྱང་ནང་དོན་གྱི་ཆ་ནས་དངོས་ཡོད་འཚོ་བ་དང་ཐག་ཧ་ཅང་ཉེ་བས་བློ་བསྐྱེད་ཀྱི་ནུས་པ་དང་སྙིང་སྟོབས་ཀྱི་སྒུལ་ཤུགས། བསམ་བློ་ལེགས་བསྒྱུར། རྙིང་ཞེན་ལས་རིང་དུ་གྲོལ་བ་སོགས་ཀྱི་ནུས་པ་ལྡན་པ་ནི་བརྩམས་སྒྲུང་འདིའི་ཆེས་ཆེ་བའི་རིན་ཐང་ཡིན་ལ། ལྷག་པར་དུ་བརྩམས་སྒྲུང་འདིའི་ནང་དུ་གཞུང་རྒྱུད་དྲང་ཞིང་གཤིས་ཀ་བཟང་བ། ལས་བརྩོན་པའི་བུ་མོ་སྒྲོལ་དཀར་སྐྱིད་ནི་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་གི་གནོན་ཤུགས་འོག་ཕམ་ཉེས་ཅི་ལྟར་བྱུང་ཡང༌། རང་གི་སྐྱི་ཡ་བའི་འཚོ་བའི་གནས་བབ་བསྒྱུར་ཆེད་རང་སྟོབས་ལ་བརྟེན་ནས་གཞན་གྱི་ལེགས་ཆ་བསྡུ་ལེན་བྱེད་པ་དང༌། དཀའ་སྡུག་ལས་རྣམ་པར་རྒྱལ་བའི་འདུན་པ་དྲག་པོ་དང་ལྡན་པས། དེ་ནི་རང་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ཁྲོད་ན་ཉིན་མོའི་སྐར་མ་བཞིན་དུ་སྣང༌། དེ་བས། སྒྲོལ་དཀར་སྐྱིད་རྨོངས་མུན་གྱི་ཁ་གཏད་དུ་འགྲེངས་ནུས་པའི་ཞུམ་མེད་ཀྱི་སྤོབས་པ་དང་མིག་རྒྱང་རིང་བའི་བསམ་བློ་སོགས་ལ་ང་ཚོས་སློབ་སྦྱོང་བྱ་དགོས་པའི་གནས་ལུགས་བསྟན་ཡོད་པ་དང༌། གཞན་བརྩམས་སྒྲུང་འདིའི་བརྗོད་བྱ་དོན་དངོས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་མིན་ལ་ང་ཚོས་བསམ་བློ་ཅུང་ཙམ་ཡང་གཏོང་མི་དགོས་ལ། སྤྱི་ཚོགས་འཚོ་བ་མངོན་སུམ་པ་དེ་རྩོམ་རིག་མིན་ལ་སྤྱི་ཚོགས་འཚོ་བ་ཇི་བཞིན་དུ་རྗོད་བྱེད་དུ་དྲངས་པ་དེའང་རྩོམ་རིག་མིན། སྤྱི་ཚོགས་འཚོ་བའི་རྒྱུ་ཆ་དེ་ངེས་པར་དུ་རྩོམ་པ་པོའི་བློ་གྲོས་དང་སྒྱུ་རྩལ་གྱིས་གསར་གཏོད་བརྒྱུད་ན་ད་གཟོད་རྩོམ་རིག་བརྩམས་ཆོས་ངོ་མ་ཞིག་ཏུ་བསྒྱུར་ཐུབ། [17]ཅེས་པ་བཞིན། རྩོམ་རིག་ནི་རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གནད་དོན་ག་གེ་མོ་ཞིག་ལ་དམིགས་ནས་བློ་གྲོས་དང་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ཏེ་དཔེ་གཞིའི་བརྩམས་ཆོས་ཤིག་བྲིས་ཤིང་བླང་དོར་གྱི་ཆ་ཞིག་སྟོན་པར་བྱེད་རྒྱུ་དེ་ཡིན་པ་རེད། དེ་བས་སྒྲུང་ཐུང་འདི་ལ་མཚོན་ན། རྩོམ་པ་པོས་སྒྲོལ་དཀར་སྐྱིད་སོགས་མི་སྣ་འགའི་བྱ་སྤྱོད་བྲིས་ཏེ་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་ནས་ཀློག་པ་པོར་དངོས་ཡོད་བོད་ཀྱི་སྤྱི་ཚོགས་ཁྲོད་ན་བྱུང་དང་འབྱུང་བཞིན་པའི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་ཏེ་དབང་རྟུལ་དད་པའི་རྗེས་འབྲངས་ཀྱི་བོད་མི་རྣམས་ལ་མགོ་གཡོག་བྱེད་པའི་སྤྲུལ་སྐུ་རྫུན་མ་རྣམས་ཀྱི་སྤྱོད་ངན་དང༌། ལྷག་པར་དུ་བོད་རིགས་བུ་མོ་རྣམས་ཀྱི་རང་དབང་བྲལ་བའི་མི་ཚེ་སྐྱོ་གར་དང་འབྲེལ་ནས་མུན་འཐོམས་ཀྱི་ཀློང་དུ་ཚུད་པའི་བོད་པའི་དངོས་ཡོད་སྤྱི་ཚོགས་ཀྱི་ཟུར་ཞིག་མཚོན་པར་བྱས་ཡོད་པ་མ་ཟད། ཞོར་དུ་སྙིང་སྟོབས་ཀྱིས་ཕྱུག་ཅིང་གདོང་མཆོང་གི་དཔའ་ངར་འཛོམས་པའི་བསམ་བློའི་འདུ་ཤེས་གསར་བ་དང་མི་རིགས་གཞན་གྱི་ལེགས་ཆར་སློབ་སྦྱོང༌། བོད་པ་རང་གི་སྲོལ་རྒྱུན་གྱི་འདུ་ཤེས་ངན་པའི་རིགས་ལ་མཚང་འབྱིན། ཡང་དག་པའི་ཁ་ཕྱོགས་ཤིག་ཀུན་ནས་མཁོ་བའི་ཁ་ཚ་དགོས་གཏུགས་ཀྱི་བོད་པའི་སྤྱི་ཚོགས་འཚོ་བའི་ངོ་བོ་མཚོན་པས་དངོས་ཡོད་ཀྱི་རིན་ཐང་ཆེ་ཆེར་ལྡན་པར་སྣང༌།
བདུན་པ། སྐྱོ་གར་སྙིང་སྟོབས་སྐོར་གླེང་བ།
ང་ཚོ་མིའི་རིགས་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཐར་ཐུབ་མེད་ལ། དེ་དག་གི་བརྒྱུད་རིམ་ཁྲོད་དུ་ནམ་ཡང་མཐའ་མི་མངོན་པའི་འཚོ་བའི་སྐྱོ་གར་བགྲང་ལས་པ་ཞིག་ཡོད་པ་རེད། སྡུག་བསྔལ་གྱིས་ཡོངས་སུ་གཏམས་པའི་འཚོ་བའི་ཁྲོད་ཕམ་ཁ་ལས་ཡར་ལངས་ཏེ་ད་དུང་བློ་སྤོབས་ཆེན་པོས་སྔོན་སྐྱོད་བྱེད་པའི་མི་ཞིག་ལ་མཚོན་ན་དེ་ལ་ཅིས་ཀྱང་སྐྱོ་གར་སྙིང་སྟོབས་ལྡན་དགོས་ལ། དེ་ལྟར་མ་ཡིན་པར་སྤྱོད་འཇུག་ལས། བསྐལ་བ་སྟོང་དུ་བསགས་པ་ཡི། ། སྦྱིན་དང་བདེར་གཤེགས་མཆོད་ལ་སོགས། ། ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། ། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད [18] ཅེས་པ་བཞིན་དུ། སྐྱེ་བ་ཕྱི་མའི་དོན་ཁོ་ན་བསམ་ནས་འཚོ་བའི་དབང་ཤུགས་དང་རྨོངས་མུན་ལ་ཕྱིར་རྒོལ། བདེན་དོན་གོ་གྱི་ངར་ཤུགས་མེད་ཚེ་དུས་གཏན་དུ་རྗེས་ལུས་དང་གཉའ་གནོན་ལས་ཐར་ཐབས་བྲལ། སྒྱུ་རྩལ་གྱིས་ཁོ་ཚོ་བསྐྱབས་སོང༌། སྒྱུ་རྩལ་བརྒྱུད་ནས་ཁོ་ཚོར་ཡང་བསྐྱར་ཚེ་སྲོག་གི་དོན་སྙིང་ཐོབ [19]ཅེས་འཐབ་རྩོད་སྙིང་སྟོབས་ཀྱིས་ཀུན་ནས་ཕྱུག་པའི་གནའ་བོའི་ཀེ་རི་སེ་པས་ཁོ་ཚོའི་ཡ་ང་བའི་འཚོ་སྡོད་ཀྱི་སྐྱོ་གར་དེ་སྒྱུ་རྩལ་གྱི་མཛེས་དཔྱོད་ཅན་དུ་བྱས་ཤིང༌། དེའི་མྱོང་རོལ་དང་འཚོལ་རྟོག་བརྒྱུད་ནས་མི་ཚེའི་དོན་སྙིང་དང་འཚོ་བའི་རེ་སྙེག་རྙེད་པ་བཞིན། སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་སྒྲོལ་དཀར་སྐྱིད་ཀྱིས་རང་ཉིད་ཀྱི་ལང་ཚོ་དང་རང་དབང༌། ཚེ་སྲོགའཚོ་གནས། ཕུགས་འདུན། ཡིད་ཆེས། རེ་བསྙེགས། བདེ་སྐྱིད་བཅས་ལ་བར་ཆད་དང་གཏོར་བརླགས་སོགས་བྱེད་པའི་འུ་ཐུག་དང་སྐྱོ་ངལ། ཕམ་ཁ་དང་ཡི་མུག་སོགས་སྟེར་བའི་འདུམ་དཀའ་བའི་འགལ་བ་དང་སྐྱོ་སྡུག་ཀློང་དཔའ་མི་ཞུམ་པར་བོད་རིགས་མི་མང་གྱིས་དད་གུས་བྱེད་སའི་གཡང་རི་སྐུ་ལོའི་འདོད་ཧམ་ལ་རྒོལ་ལན་དང༌། ཞིབ་འཇུག་དང་རྒྱུས་ལོན་མེད་པར་བདེན་རྫུན་གྱི་དབྱེ་བར་རྨོངས་པའི་ཕ་མའི་བཙན་ཤུགས་སོགས་ལ་མགོ་མི་སྒུར་བར། མི་ཚེའི་དོན་སྙིང་དང་རང་དབང༌། རླབས་ཆེ་བའི་ཚེ་སྲོག་གི་རིན་ཐང་འཚོལ་རྟོག་དང་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་ལྡན་པས། འདི་ནི་བརྩམས་སྒྲུང་གཞན་པར་མེད་པའི་ནང་བསམ་བློའི་ཁྱད་ཆོས་ཤིག་ཏུ་བརྩིས་ཆོག་པར་སྙམ་ལ། ཡང་གཅིག་བཤད་ན་དཔེ་གཞིའི་མི་སྣ་སྟེ། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གཙོ་བོ་སྒྲོལ་དཀར་སྐྱིད་ཀྱིས་བཙན་ཤུགས་འོག་ཡང་དག་པའི་ཁ་ཕྱོགས་ཤིག་གི་ཆེད་དུ་སྡུག་བསྔལ་ལ་གདོང་གཏོད་ཐུབ་པའི་བསམ་བློའི་སྙིང་སྟོབས་དེ་ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མི་ཡོངས་ལ་མཁོ་བའི་སྙིང་སྟོབས་ཤིག་ཡིན་པ་དང༌། ང་ཚོས་ཁོ་མོར་མིག་དཔེ་བྱས་ཏེ་འཚོ་བའི་སྡུག་བསྔལ་གྱི་ཀློང་ནས་ཅིས་ཀྱང་འཚོལ་སྙེགས་དང་དངོས་ཡོད་ཀྱི་རང་དབང་སོགས་རང་གིས་བརྩོན་ལེན་བྱེད་པའི་སྙིང་སྟོབས་མཁོ་བ་ལས། ཡོད་ཚད་ལས་དབང་ཁོ་ནར་བཅོལ་ནས་རང་སེམས་རྨོངས་པའི་ངང་འདུག་མི་རུང་བའི་གནས་ལུགས་བསྟན་ཡོད་ལ། ཟད་མཐའ་མེད་པའི་མི་ཚེ་སྐྱོ་གར་གྱི་བཀྲམ་སྟོན་བརྒྱུད་ནས་ང་ཚོ་མི་རྣམས་རེ་ཆད་དང་སྡུག་བསྔལ་ལས་དྲངས་ཏེ་གཞོམ་གཞིག་མེད་པའི་སྟོབས་ཤུགས་དང་མི་ཚེ་དོན་སྙིང་ལ་རེ་སྙེགས་མཐའ་འཁྱོལ་བྱེད་པའི་བློ་ཤེད་དང་དཔའ་མཛངས་ཀྱི་སྙིང་སྟོབས་འགྲན་ཟླ་བྲལ་བ་ཞིག་ཤུགས་སུ་བསྟན་ཡོད་པ་འདི་ཡང་བརྩམས་ཆོས་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་རེད་སྙམ་མོ།།
བརྒྱད་པ། མཇུག་བསྡུ་བ།
རྩོམ་ཡིག་འབྲི་ཤེས་པ་ཙམ་གྱིས་དཔྱད་བརྗོད་བྱེད་མི་ཤེས་ལ། སྐད་ཆ་བཤད་ཤེས་པ་ཙམ་གྱིས་གླུ་ལེན་མི་ཤེས་པ་བཞིན། རྩོམ་འབྲིའི་སྨྱུག་རྩལ་ཞན་ཅིང་རྩོམ་རིག་གཞུང་ལུགས་ཀྱི་ཆུ་ཚད་དེ་བས་ཀྱང་དབེན་པའི་བློ་དམན་ང་མཚོན་ན། གཞན་གྱི་རྩོམ་ཡིག་ལ་དཔྱད་བརྗོད་བྱེད་པ་ནི་དགོད་བྲོ་བའི་གཏམ་དུ་སྲིད་མོད། འོན་ཀྱང་སློབ་ཆེན་གྱི་ལོ་ངོ་བཞིའི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་སློབ་དཔོན་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་བོད་ཀྱི་རིག་གནས་ལ་ངེས་ཤེས་ཆུ་ཐིགས་ཙམ་བྱུང་བར་བརྟེན། ཐེངས་འདིར་ངས་དུས་རབས་ཀྱི་བསམ་བློ་གསར་བས་གཏམས་ཤིང་དངོས་ཡོད་སྤྱི་ཚོགས་ཀྱི་རིན་ཐང་ཆེ་ཆེར་ལྡན་པ། ལྷག་པར་དུ་རང་ཉིད་ཀྱི་རང་དབང་དང་འཚོ་བའི་བདེ་སྐྱིད་ཀྱི་ཆེད་དུ་རྨོངས་མུན་ལ་ཕྱིར་རྒོལ་དང་རང་ནུས་ལ་བརྟེན་ནས་མདུན་སྐྱོད་བྱེད་ཐུབ་པ། དྲང་བདེན་ལམ་བུ་ལ་འཚོལ་སྙེག་བྱེད་པའི་བསམ་བློ་དང་ལྡན་པའི་སྒྲུང་ཐུང་འདིས་ཕྲན་གྱི་ཡིད་སེམས་སྒུལ་བར་བྱས་པས། རང་བློས་དཔོག་ཚོད་ཀྱིས་དཔྱད་པ་ཕྲན་ཙམ་བྱས་པར་སྐྱོན་དང་ནོར་འཁྲུལ་བགྲང་གིས་མི་ལངས་པ་ཞིག་ཡོད་པ་གདོན་མི་ཟ་མོད། འོན་ཀྱང་ཐེ་ཚོམ་དང་ངོ་ཚེའི་ཀློང་བྱིས་བློའི་གཞལ་ཚོད་ཀྱིས་བྲིས་པའི་དཔྱད་རྩོམ་འདི་ལ་མཁྱེན་རྒྱ་ཡངས་ཤིང་བློ་གཟུ་བོར་གནས་པའི་དཔྱོད་ལྡན་དག་གིས་ཕྱོགས་གང་ཅིའི་ཐད་ནས་དགོངས་འཆར་ལྷུག་པོར་གནང་བར་སྙིང་ནས་རེའོ།།
?པས་དངོས་ཡོད་ཀྱི་རིན་ཐང་ཆེ་ཆེར་ལྡན་པར་སྣང༌།བདུན་པ། སྐྱོ་གར་སྙིང་སྟོབས་སྐོར་གླེང་བ།