སྡེ་དགེ་རྫོང་ཡ་དེང་ཤང་གིས་དམངས་འཚོའི་ལས་ཀ་བཀོད་སྒྲིག་ཡག་པོ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-22



        ཟླ་9ཚེས་12ཉིན། སྡེ་དགེ་རྫོང་ཡ་དེང་ཤང་གིས་རྫོང་ཨུའི་ཉེ་དུས་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་མང་ཚོགས་ཚོགས་ཆེན་རྩ་འཛུགས་བྱས་ཏེ། ཁུལ་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤྲོ་སེམས་འཁོལ་བའི་ངང་སྤེལ་ཆེད། ཤང་ཡོངས་ཀྱི་ཁོངས་གཏོགས་སུ་དྲོད་སྐྱིད་ཀྱི་རྣམ་པ་སྐྲུན་པ་དང་། བྱེད་སྒོ་རབ་དང་རིམ་པ་རྩ་འཛུགས་བྱེད་པ། གྲོང་ཚོ་སོ་སོའི་ཨུ་ལྷན་ཁག་གིས་འཕྲེད་འགེལ་སྦྱར་ཡིག་སྦྱར་བ་དང་། དར་ཚོན་འགེལ་བ། ཁྱིམ་ཚང་ཚང་མར་རྒྱལ་དར་གསར་པ་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁུལ་བཙུགས་ནས་ལོ་70འཁོར་བའི་དུས་ཆེན་གྱི་ཁོར་ཡུག་བཟང་བོ་བསྐྲུན་ཡོད་པ་སྟེ།

        གཅིག་ནས། ཚོགས་འདུའི་ཐོག་ཁུལ་བཙུགས་ནས་ལོ་70འཁོར་བའི་ལས་དོན་བཀོད་སྒྲིག་བྱས་ཏེ་ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། ཁུལ་བཙུགས་ནས་ལོ་70འཁོར་རིང་ཡ་དེང་ཤང་གི་སྤྱི་ཚོགས་བརྟན་ལྷིང་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་མཐིལ་རྟོགས་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་ཟང་ཟིང་གནས་ཚུལ་ལ་རྡུང་རྡེག་ཚ་ནན་གཏོང་བ།ཡུལ་དམག་དང་མཉམ་འགོག་མཉམ་བཅོས་རྒྱུན་རྣམ་ཅན་དུ་འགྱུར་བའི་སྐུལ་སློང་བྱས་ནས་གྲོང་ཚོར་སྐོར་གཡེང་བྱེད་པར་སྐྱོད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་རབ་དང་རིམ་པ་གཏན་འགོག་བྱ་དགོས། དམངས་ཡོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ནང་ཞུགས་པ། ཤང་ཡོངས་ཀྱི་ཁོངས་གཏོགས་ཁུལ་གྱི་དར་ལྕོག་ཟང་ཟིང་ཆེ་བ་དང་གང་བྱུང་དུ་འཛུགས་སྐྲུན་བྱེད་པ་སོགས་གཅིག་གྱུར་འཆར་འགོད་ཀྱིས་བཅོས་སྒྲིག་བྱེད་པ་བཅས་བྱས་ནས། ཡ་དེང་ཤང་གིས་ཁུལ་བཙུགས་ནས་ལོ་70འཁོར་བར་བསུ་མ་ཞུ་བའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པར་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


        གཉིས་ནས། ཚོགས་འདུའི་ཐོག་ཡ་དེང་ཤང་གི་ཕྱོགས་ཡོངས་ཀྱི་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཡོད།
        (1) ཨ་ཕྱུག་སྦྲེལ་ཁུལ་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཡ་དེང་ཤང་དུ་མེ་མདའ་དང་འབར་གས་འགོག་བཅོས་ཀྱི་དྲིལ་བསྒྲགས་ལས་དོན་སྤེལ་བ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཉེན་ཟོན་སློབ་གསོའི་གློག་བརྙན་ལ་ལྟ་བ། སུའོ་ཀྲང་ལིའུ་ཅིན་ཁྲེང་གིས་ཁུལ་སྟོན་རིང་སྤྱི་ཚོགས་བརྟན་ལྷིང་དང་། མེ་མདའ་དང་འབར་གས་སླ་བའི་ལས་དོན་ལ་དམིགས་ནས་འབྲེལ་ཡོད་བླང་བྱ་བཏོན་ཡོད།
        (2) ཤང་གི་འགོ་འཛིན་བསྟན་འཛིན་དབང་ཕྱུག་གིས་ཡ་དེང་ཤང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་དང་། བདེ་འཇགས་ཐོན་སྐྱེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་བཀོད་སྒྲིག་བྱས།
         (3) ཤང་ཏང་ཨུའི་ཧྲུའུ་ཅི་ཟླ་བ་དོན་གྲུབ་ཀྱིས་ཡ་དེང་གི་ཕྱོགས་ཡོངས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ནས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་དང་། ཡ་དེང་ཤང་གིས་ཁུལ་བཙུགས་ནས་ལོ་70འཁོར་རིང་སྤྱི་ཚོགས་བརྟན་ལྷིང་དང་། དབུལ་བྲལ་འགག་སྒྲོལ། དགོན་སྡེ་རེར་ཐབས་ཇུས་རེ། གྲོང་སྲོལ་དམངས་ཆིངས།འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་། གྲོང་གསེབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས། སྒྲིག་འགལ་ངང་ལྕགས་ར་བསྐོར་བ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1