ཞི་ཅིན་ཕིང་དང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་དང་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བཅས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་འཕྲིན་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-29


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལའོ་ཨར· ཁ་སི་ཐི་ལུའོ། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི· ཁ་ནེ་ཨར་བཅས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་འཕྲིན་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་ལའོ་ཨར· ཁ་སི་ཐི་ལུའོ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་བསྟན་དོན། ཁུ་པ་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཐོག་མ་ཡིན་ལ། ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུའི་རིང་། ཀྲུང་གོ་དང་ཁུ་པའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཉམས་སད་ཐེག་པར་བྱས་ཤིང་། ཀྲུང་གོ་དང་ཁུ་པའི་བར་གྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་བ་དང་དངོས་གཉེར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་འཁུར་དང་ཕན་ཚུན་རོགས་རེས་བྱས་པ་དང་།  མཉམ་དུ་ལག་རྡང་སྦྲེལ་ཏེ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་འབྲེལ་བ་ཇེ་ཟབ་ཏུ་སོང་།  བདག་གིས་ཀྲུང་གོ་དང་ཁུ་པའི་དམིགས་བསལ་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཁྱེད་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཁུ་པས་ནམ་ཡང་གྲོགས་པོ་བཟང་པོ་དང་། བློ་མཐུན་བཟང་པོ། སྤུན་ཟླ་བཟང་པོ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
        ཞི་ཅིན་ཕིང་གིས་ཏི་ཡ་སི· ཁ་ནེ་ཨར་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་བསྟན་དོན། ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པའི་རིང་ལ།  ཀྲུང་གོ་དང་ཁུ་པས་ཕན་ཚུན་ལ་བཟོད་སྒོམ་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་པས་ཕྱོགས་གཉིས་བར་མཛའ་མཐུན་འབྲེལ་བ་ཟབ་མོ་ཆགས་ཡོད། ཉེ་བའི་ལོ་འགའི་རིང་ཀྲུང་གོ་དང་ཁུ་པ་བར་གྱི་མཛའ་མཐུན་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་ཡོད།  ཀྲུང་གོ་དང་ཁུ་པས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་དང་འཐབ་རྩོད་བྱེད་པའི་ཁྲོད་དུ་སྐྱིད་སྡུག་མཉམ་འཁུར་དང་ཕན་ཚུན་ལ་རོགས་རེས་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་གྱུར་ཡོད། བདག་གིས་ཀྲུང་གོ་དང་ཁུ་པའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་པར་མ་ཟད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
        ལའོ་ཨར· ཁ་སི་ཐི་ལུའོ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་དོན།  ཁུ་པ་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཐོག་མ་ཡིན་པར་མ་ཟད་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་མི་དམངས་བཅས་བར་དུ་ལྷག་བསམ་ཟོལ་མེད་སྒོས་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་བ་མ་ཟད། ལོ་ངོ་དྲུག་ཅུ་ལྷག་ལ་བརྒྱུད་པའི་ཁུ་པ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཟེར།
        ཏི་ཡ་སི· ཁ་ནེ་ཨར་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་དོན།   པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས།  ཁུ་པ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་རོགས་ལས་དང་ཐོན་ཁུངས་གཅིག་སྡུད་བྱས་ཏེ་རིམས་ནད་འགོག་བཅོས་ཐད་ལ་འབད་བརྩོན་བྱས་པར་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱད་པ་དང་།  རྒྱལ་སྤྱིའི་བར་དུ་མཉམ་ལས་གང་ལེགས་བྱས།  ང་ཚོས་མུ་མཐུད་དུ་ཁུ་པ་བར་གྱི་སྲོལ་རྒྱུན་མཛའ་བཤེས་སྲ་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ཟེར།
        ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་དང་ཁུ་པའི་ཙུང་ལི་མཱ་ལོས་ལོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།  ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་སོང་བ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ཀྲུང་གོ་དང་ལ་ཏིང་མེ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁུ་པའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཁུ་པ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་སྲོལ་རྒྱུན་མུ་མཐུད་ནས་དར་སྤེལ་དང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་ནང་དོན་དང་གྲུབ་འབྲས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཟེར།  མཱ་ལོས་ལུའོ་ཡིས་ཁུ་པ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་ཀྲུང་གོ་ཕྱོགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད།  ཁུ་པ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དེ་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད་ཅེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1