རྩྭ་ཐང་གི་ཏུན་ཧོང་སྟེ་ཨ་ཨར་ཀྲའེ་བྲག་ཕུག་གི་ལྡེབས་རིས10ལྷག་ལ་ཉམས་གསོ་བྱས་ཟིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཞིན་ཧྭ་དྲ་བ། སྤེལ་དུས། 10-10

འདི་ནི་ཟླ10བའི་ཚེས8ཉིན་པར་བརྒྱབ་བའི་ཨ་ཨར་ཀྲའེ་བྲག་ཕུག་གི་བྲག་ཁུང་ཞིག་རེད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཨར་ཀྲའེ་བྲག་ཕུག་ནི་ནང་སོག་རང་སྐྱོང་ལྗོངས་ཨུ་ཨར་ཏོ་སི་གྲོང་ཁྱེར་ཨོ་ཐུའོ་ཁི་ཆི་རུ་གནས་ཤིང་། རང་རྒྱལ་དུ་རྩྭ་ཐང་ནས་རྙེད་པའི་གཞི་ཁྱོན་ཆེས་ཆེ་བའི་བྲག་ཕུག་གི་བཟོ་བཀོད་ཁྱུ་ཚོགས་ཡིན་ལ། དགོན་སྡེ་དང་བྲག་ཕུག་གི་འཛུགས་སྐྲུན། བྲག་བརྐོས་རི་མོ་དང་ལྡེབས་རིས། བརྐོས་རིས་སོགས་གཞི་གཅིག་ཏུ་འདུས་པའི་ནང་བསྟན་སྒྱུ་རྩལ་གྱི་བང་མཛོད་ཅིག་ཀྱང་རེད། ཨ་ཨར་ཀྲའེ་བྲག་ཕུག་གི་ཤུལ་རྗེས་ལ་ཁྱོན་བསྡོམས་བྲག་ཕུག65དང་འབུར་བརྐོས་མཆོད་རྟེན22ཡོད། དེའི་ནང་ཉར་ཚགས་ཡག་པོ་བྱས་ཡོད་པའི་བྲག་ཕུག41ལས་ལྡེབས་རིས་ཡོད་པའི་བྲག་ཕུག14ཡོད་ལ། ལྡེབས་རིས་ནི་སོག་གུར་དང་། མདའ་བ། རྔོན་པ། གཤིན་པོ་དུར་འཇུག་གི་གོམས་སྲོལ་སོགས་ཀྱི་རྣམ་པ་སྣ་མང་ཡོད་པས་ཨ་ཨར་ཀྲའེ་བྲག་ཕུག་ལ་རྩྭ་ཐང་གི་ཏུན་ཧོང་ཞེས་འབོད་ཀྱིན་ཡོད།
        ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་ཨོ་ཐུའོ་ཁེ་ཆི་སྲིད་གཞུང་གིས་ཨ་ཨར་ཀྲའེ་བྲག་ཕུག་གི་ལྡེབས་རིས་ལ་སྲུང་སྐྱོང་བྱེད་འགོ་བརྩམས་ཤིང་། ཏུན་ཧོང་ཞིབ་འཇུག་ཁང་ལ་སྒྲིག་འཛུགས་ལག་བསྟར་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད། མིག་སྔར་ལྡེབས་རིས་ཡོད་པའི་བྲག་ཕུག10ལྷག་ལ་ཉམས་གསོ་བྱས་ཟིན།

 འདི་ནི་ཟླ10བའི་ཚེས8ཉིན་པར་བརྒྱབ་བའི་ཨ་ཨར་ཀྲའེ་བྲག་ཕུག་གི་རྣམ་པ་རེད།

འདི་ནི་ཟླ10བའི་ཚེས8ཉིན་པར་བརྒྱབ་བའི་ཨ་ཨར་ཀྲའེ་བྲག་ཕུག་གི་བྲག་ཁུང་ཞིག་རེད།

འདི་ནི་ཟླ10བའི་ཚེས8ཉིན་པར་བརྒྱབ་བའི་ཨ་ཨར་ཀྲའེ་བྲག་ཕུག་གི་རྣམ་པ་རེད།

འདི་ནི་ཟླ10བའི་ཚེས8ཉིན་ལས་བྱེད་མི་སྣས་ཨ་ཨར་ཀྲའེ་བྲག་ཕུག་གི་ལྡེབས་རིས་ལ་ཉམས་གསོ་བྱེད་བཞིན་པའི་རྣམ་པ་རེད།

འདི་ནི་ཟླ10བའི་ཚེས8ཉིན་པར་བརྒྱབ་བའི་ཨ་ཨར་ཀྲའེ་བྲག་ཕུག་གི་ལྡེབས་རིས་ཀྱི་ཟུར་ཞིག་རེད།

འདི་ནི་ཟླ10བའི་ཚེས8ཉིན་པར་བརྒྱབ་བའི་ཨ་ཨར་ཀྲའེ་བྲག་ཕུག་གི་མཆོད་རྟེན་གྱི་བརྐོས་རིས་ཤིག་རེད།

འདི་ནི་ཟླ10བའི་ཚེས8ཉིན་པར་བརྒྱབ་བའི་ཨ་ཨར་ཀྲའེ་བྲག་ཕུག་གི་ལྡེབས་རིས་ཀྱི་ཟུར་ཞིག་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1