མཆོག་ཚང་ཡུལ་ཚོ་དབུལ་ཐར་འབྱོར་གྲུབ་ཡོང་བར་རོགས་རམ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-15




མཆོག་ཚང་ཡུལ་ཚོ་དབུལ་ཐར་འབྱོར་གྲུབ་ཡོང་བར་རོགས་རམ་བྱས།

དབུལ་ཐར་འགག་སྒྲོལ་སྐོར་གྱི་མི་བསམ་ཤེས་ཅན་གསོ་སྐྱོང་བྱེད་བཞིན་པ།


མཆོག་ཚང་ཡུལ་ཚོ་དབུལ་ཐར་འབྱོར་གྲུབ་ཡོང་བར་རོགས་རམ་བྱས།

རང་ཉིད་ཀྱིས་དངུལ་བཏང་ནས་དུད་ཚང་དབུལ་ཕོངས་ལ་འཚམས་འདྲི་བྱེད་བཞིན་པ།


མཆོག་ཚང་ཡུལ་ཚོ་དབུལ་ཐར་འབྱོར་གྲུབ་ཡོང་བར་རོགས་རམ་བྱས།

ལས་བྱེད་པས་དབུལ་སྐྱོར་གནས་སྤོའི་ཁྱིམ་ཚང་དབུལ་ཕོངས་ཀྱི་རྩིག་རྨང་འདིང་པར་རོགས་རམ་བྱེད་བཞིན་པ།


མཆོག་ཚང་ཡུལ་ཚོ་དབུལ་ཐར་འབྱོར་གྲུབ་ཡོང་བར་རོགས་རམ་བྱས།

མཆོག་ཚང་ཡུལ་ཤོག་གི་དུད་ཚང་དབུལ་ཕོངས་ལ་འཁྱགས་སྒམ་སྤྲོད་བཞིན་པ།

  ཀུ་ཅོ་འདོན་པ་ལས་དཔུང་པ་ཕུད་ན་དགའ་ཞེས་པ་ནི་གསེར་ཐར་རྫོང་མཆོག་ཚང་ཡུལ་ཚོར་ཆེད་བསྐོས་དབུལ་སྐྱོར་ཧྲུའུ་ཅི་གཞོན་པའི་འགན་འཁུར་བཞིན་པའི་ཧྥུའུ་ཁྲོན་ཧེ་ཡིས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད། ཁོང་གིས་ངེས་པར་དུ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྟག་རྩེ་ཡུལ་ཚོ་དབུལ་ཕོངས་ལས་ཐར་ཐུབ་པར་རོགས་རམ་བྱ་དགོས་ཟེར།

     2017ལོའི་ཟླ་བ12པར། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ས་ཁུལ་ཡུང་ཉིང་ཁྲོམ་གཞུང་གི་ལས་བྱེད་པ་ཧྥུའུ་ཁྲོན་ཧེ་ཡིས་གསེར་ཐར་རྫོང་མཆོག་ཚང་ཡུལ་ཚོ་རུ་ཆེད་བསྐོས་དབུལ་སྐྱོར་ཧྲུའུ་ཅི་གཞོན་པའི་འགན་འཁུར་བ་ནས་བཟུང་དབུལ་སྐྱོར་ལམ་བུར་སྐྱོད་མགོ་ཚུགས། མཆོག་ཚང་ཡུལ་ཚོའི་ཆ་སྙོམས་མཚོ་འཕགས་སྨི3900ཡན་ལ་ཟིན་པ་དང་། ལོ་རེའི་དགུན་དུས་ཀྱི་དུས་ཡུན་ཟླ་བ་བརྒྱད་ཡིན། ཡུལ་ཚོའི་སྲིད་གཞུང་གནས་ཡུལ་དུ་ད་བར་དུ་ལྗོན་ཤིང་མེད་ལ་འཚོ་གནས་ཁོར་ཡུག་ཞན་པས་སི་ཁྲོན་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ཡུལ་གྲོང་གི་གྲས་ཤིག་ཡིན།

ཁོང་ལས་གནས་སུ་བསླེབས་རྗེས་མགྱོགས་མྱུར་ངང་ལས་གནས་དང་བསྟུན་ནས་མཆོག་ཚང་ཡུལ་ཚོའི་དབུལ་ཐར་འགག་སྒྲོལ་ལ་རོགས་རམ་བྱེད་པའི་ལས་དོན་ནང་ཞུགས་ཡོད། ཟླ་བ་གཉིས་ལྷག་ཙམ་རིང་ཧྥུའུ་ཁྲོན་ཧེ་ཡིས་མཆོག་ཚང་ཡུལ་ཚོའི་སྤྱི་ལེ་གྲུ་བཞི་མ64.74ཡི་ས་ཞིང་ལ་ཚད་འཇལ་བྱས་པ་དང་སྟག་རྩེ་ཡུལ་ཚོའི་ཁྱིམ་ཚང890ཡི་མི་གྲངས31870ཡི་དབུལ་པོའི་དཀའ་ངལ་ཟིན་ཐོར་བཀོད་ནས་ཁྱིམ་ཚང272ཀྱི་མི་གྲངས1125ལ་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོའི་དགོས་མཁོ་ཐོ་འགོད་བྱས། 2019ལོར་མཆོག་ཚང་ཡུལ་ཚོ་ཡོངས་སུ་དབུལ་ཐར་ཐུབ་ཡོད། ངར་ཤུགས་སླར་ཡང་བསྒྲིམས་ནས་ལམ་དུ་བསྐྱོད་ཅེས་པའི་བསམ་འདུན་བཅངས་ནས་དེ་རིང་གི་ཧྥུའུ་ཁྲོན་ཧེ་ཡིས་སྔར་བཞིན་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད།

    དམངས་ཀྱི་ཆེད་དུ་ལམ་བཙལ་བ།

    གསེར་ཐར་རྫོང་མཆོག་ཚང་ཡུལ་ཚོའི་ཐོན་ཁུངས་ལྟོས་བཅས་ཀྱིས་དཀོན་པས། སྟབས་བདེའི་འབྲོག་ལས་གསོ་ཚགས་བྱེད་པ་དང་འབྲོག་ལས་རྐྱང་པའི་ཡུལ་གྲོང་ཡིན་པས་དཔལ་འབྱོར་ཡོང་འབབ་ཀྱི་ཐབས་ལམ་ཁོ་ན་ཡིན། གཞན་ཡང་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་ཀྱི་ཚོད་འཛིན་མེད་པའི་རྐྱེན་གྱིས་མཆོག་ཚང་ཡུལ་ཚོར་མཉམ་སྡེབ་དཔལ་འབྱོར་ཡག་པོ་ཞིག་གཏན་ནས་མེད། དངོས་ཡོད་ཀྱི་དཀའ་གནད་དེ་དག་ལ་དམིགས་ནས་ཧྥུའུ་ཁྲོན་ཧེ་ཡིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་ཇུས་འགོད་བྱས་ནས་གནས་ཡུལ་གཏན་འཁེལ་གྱི་རོགས་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བཙུགས་ནས་མང་ཚོགས་དབུལ་པོར་རྒྱུན་མཐུད་འབབ་འཕར་ཡོང་བའི་བརྩོན་ལེན་བྱ་དགོས་ཞེས་བཏོན།

     ཧྥུའུ་ཁྲོན་ཧེ་ཡི་འབད་བརྩོན་འོག 2018ལོར། ཝུན་ཅང་ས་ཁུལ་དྲག་ཆས་པུའུ་དང་གསེར་ཐར་རྫོང་མཆོག་ཚང་ཡུལ་ཚོ་གཉིས་ཀྱི་བར་ལ་དམག་དཔུང་དབུལ་སྐྱོར་ལ་ཞུགས་ནས་མཉམ་སྐྲུན་ལམ་སྲོལ་བསྐྲུན་ཞེས་པ་ཆགས་པར་བྱས། དུས་མཚམས་དབྱེ་ནས་སྡེ་བ་དབུལ་པོ་སྟེ་འབུམ་བརྩིགས་སྡེ་བ་དང་གླུ་སྒོག་སྡེ་བ་བཅས་ལ་གནས་ཡུལ་གཏན་འཁེལ་གྱི་རོགས་སྐྱོར་བྱས་ཏེ2018ལོར་གནས་ཡུལ་གཏན་འཁེལ་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི30མཐུན་སྦྱོར་བྱས་ནས་འབུམ་བརྩིགས་སྡེ་བའི་དབུལ་སྐྱོར་དམངས་ཕན་གྱི་སྒོ་རྩིས་ཚོང་ཁང་བསྐྲུན་པ་དང་། 2019ལོར་གནས་གཏན་འཁེལ་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི31.8དང་། གསེར་ཐར་རྫོང་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི10གསེར་ཐར་རྫོང་དྲག་ཆས་པུའུ་ཡིས་གནས་ཡུལ་གཏན་འཁེལ་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི5བཅས་བཏང་ནས་གླུ་སྒོག་སྡེ་བའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བསྐྲུན།

ད་ཆའི་བར་ཧྥུའུ་ཁྲོན་ཧེ་ཡིས་ཐབས་ལམ་སྣ་མང་ནས་མཆོག་ཚང་ཡུལ་ཚོ་ལ་མཐུན་སྦྱོར་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི200ལྷག་ཙམ་དང་དངོས་ཟོག་རོགས་སྐྱོར་རིན་ཐང་སྒོར་ཁྲི40ལྷག་གི་རོགས་རམ་བྱས་ནས་དམངས་ལ་ཁང་པ་བསྐྲུན་རོགས་བྱས།

ད་བར་དུ་མཆོག་ཚང་ཡུལ་ཚོའི་མང་ཚོགས་ཀྱིས་འབྲོག་ལས་ཀྱི་འཚོ་བའི་གོམས་གཤིས་རྒྱུན་འཛིན་བྱས་ཡོད། མང་ཚོགས་དབུལ་པོའི་ཁང་པའི་ནང་དུ་སྡོད་ཐུབ་པར་བྱ་ཆེད། ཧྥུའུ་ཁྲོན་ཧེ་ཡིས་སྡོད་ཁང་འཛུགས་སྐྲུན་གྱི་ཤེས་བྱ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་ས་གནས་ཀྱི་དམངས་སྲོལ་དང་འཚམ་པའི་ཁང་པ་ཡག་པོ་བསྐྲུན་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས།

     མང་ཚོགས་དབུལ་པོའི་ལས་གཞི་འཛུགས་སྐྲུན་དང་འབྲེལ་བ་ཡོད་ཚེ་ཁོང་གིས་ལྟ་སྐུལ་ཞིབ་བཤེར་བྱ་ཡུལ་དུ་བསྐྱོད་དེ་ཨར་ལས་ཀྱི་ལས་ཀ་ཚང་མར་དམ་འཛིན་ནན་པོ་བྱས་ནས་ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱས་པས་ཁོང་གིས་ལྟ་སྐུལ་བྱས་པའི་ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་ལ་རིམ་པ་ཁག་གི་མགོ་ཁྲིད་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་པ་རེད། མིག་སྔའི་བར་ཁོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང97དང་། ཉེན་ཡོད་སྡོད་ཁང37ས་གཤིས་ཀྱི་གནོད་འཚེ་ཐེབས་པའི་ཉེན་གཡོལ་ཁྱིམ་ཚང9བཅས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ལེགས་སྒྲུབ་བྱས་པ་དང་། ཕྱིར་མིག་བལྟས་ཚེ་སྡོད་ཁང55དང་། སྣོན་འཕྲི་ཟུང་འབྲེལ་གྱི་སྡོད་ཁང45 ཁྲོན་པ181 ཨར་འདམ་ལམ་སྤྱི་ལེ66.7དང་ས་རྡོའི་ལམ་སྤྱི་ལེ80ལྷག་སོགས་ལས་གཞི་མང་པོ་བསྐྲུན་ཡོད།

དམངས་ལ་རམ་འདེགས་བྱས་པ།

    གསེར་ཐར་དབུལ་ཐར་འགག་སྒྲོལ་བྱེད་པར་ཧྥུའུ་ཁྲོན་ཧེ་ཡིས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཡོད་པ་གསལ་པོར་ཤེས་ཀྱི་ཡོད། མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་བ་དང་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཁོང་གིས་ཡུལ་ཚོའི་དབུལ་ཐར་འགག་སྒྲོལ་གཞུང་ལས་ཁང་དང་ལས་ཞུགས་མཛུབ་ཁྲིད་གཞུང་ལས་ཁང་གཉིས་གཅིག་ཏུ་བསྒྲིལ་ནས་དམངས་ཕན་ཞབས་ཞུའི་ས་ཚིགས་ཇེ་མང་དུ་བཏང་སྟེ་མང་ཚོགས་ཀྱི་བློ་འདྲི་ས་དང་འབྲེལ་གཏུག་བྱེད་སྟངས་སྟབས་བདེར་བསྐྲུན་ཡོད།

    2018ལོ་ནས་བཟུང་ཧྥུའུ་ཁྲོན་ཧེ་ཡིས་ཝུན་ཅང་ས་ཁུལ་དང་གསེར་ཐར་རྫོང་གི་ལས་ཞུགས་ཅུས་ནས་གསོ་སྦྱོང་སྲིད་ཇུས་བརྩོན་ལེན་བྱས་ཏེ་རྩལ་ནུས་གསོ་སྦྱོང་གི་གོ་སྐབས་ལ་བརྟེན་ནས་མང་ཚོགས་དབུལ་པོའི་ཐོན་སྐྱེད་ནུས་པ་དང་ལས་ཞུགས་རྩལ་ནུས་ཆེ་རུ་བཏང་ཡོད། ཁོང་གིས་ད་དུང་ཁྱིམ་ཚང་དབུལ་པོའི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུར་དམིགས་ནས་ཁྱིམ་ཚང་དབུལ་པོས་སྦྱངས་པའི་ལག་རྩལ་དང་ཝུན་ཅང་ས་ཁུལ་གྱི་ཁེ་ལས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་ནུས་ལྡན་ངང་ཟུང་འབྲེལ་བྱས་ཏེ་རིམ་པ་མང་བ་དང་ཐབས་ལམ་མང་བ། རྣམ་པ་མང་བ་བཅས་ཀྱི་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་ཏུབཏང་ནས་ཁྱིམ་ཚང་དབུལ་པོའི་རང་བརྟེན་གྱི་ནུས་པ་ཆེ་རུ་བཏང་སྟེ་ཁྱིམ་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་དང་ཡོང་འབབ་འཕར་ནུས་ཆེ་རུ་བཏང་ཡོད། ཁོང་གིས་བརྩོན་ལེན་ཧུར་ཐག་བྱས་པར་བརྟེན། ཉེ་བའི་ལོ་ཤས་རིང་། མཆོག་ཚང་ཡུལ་ཚོས་འབྲོག་ལས་གསོ་སྐྱོང་དང་ཚེམ་བཟོ། ཇ་མའི་གཡོས་སྦྱོར། འཕྲུལ་རྟ་ཞིག་གསོ་སོགས་རྩལ་ནུས་གསོ་སྦྱོང་འདུ་འགོད་ལག་ལེན་དུ་བསྟར་ཞིང་། མིག་སྔར་མི་གྲངས16གིས་རྩལ་ནུས་གསོ་སྦྱོང་བརྒྱུད་ལས་ཞུགས་ཐུབ་ནས་ལས་ཞུགས་ཡོང་འབབ་སྒོར་ཁྲི3ལྷག་ཙམ་བྱུང་སྟེ་མང་ཚོགས་དབུལ་པོའི་ལས་ཞུགས་ལས་གཏོད་དང་དབུལ་ཐར་ཕྱུག་འགྱུར་གྱི་ཡིད་ཆེས་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད། ས་གནས་དེ་གའི་ལས་བྱེད་པ་དང་ཧྥུའུ་ཁྲོན་ཧེ་སོགས་བོད་སྐྱོར་ལས་བྱེད་པའི་འབད་བརྩོན་འོག2019ལོར་མཆོག་ཚང་ཡུལ་ཚོ་ལ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་བཅས་རིམ་པ་ཁག་གི་ཞིབ་བཤེར་རྩིས་ལེན་ཐོབ་ནས་དབུལ་ཐར་བྱུང་ནས་སྔོན་དཔག་གི་དབུལ་ཐར་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    དམངས་དང་འབྲེལ་བ་དམ་ཟབ་བྱས།

     དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ལ་རིམ་པ་ཁག་གི་ཞིབ་བཤེར་རྩིས་ལེན་བྱས་པ་དང་མང་ཚོགས་དབུལ་པོ་དབུལ་ཕོངས་ཀྱི་རིམ་པ་ནས་ཕྱིར་འཐེན་བྱས་ཡོད་མོད། འོན་ཀྱང་ཇི་ལྟར་བྱས་ནས་མང་ཚོགས་དབུལ་ཐར་ཐུབ་རྗེས་བསྐྱར་དུ་དབུལ་པོར་མི་འགྱུར་བར་འགན་ལེན་བྱེད་དགོས་སམ། འདི་ནི་ཧྥུའུ་ཁྲོན་ཧེ་ཡིས་རྒྱུན་དུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་རེད། ཁོང་དང་ཡུལ་ཚོའི་ལས་བྱེད་པས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་གཏང་རྒྱུ་ནས་མགོ་བཙུགས་ཏེ་དབུལ་སྐྱོར་དང་བློ་སྟོབས་ལ་རོགས་སྐྱོར་བྱ་རྒྱུ་ཟུང་འབྲེལ་བྱས་ནས་ཡུལ་ཚོའི་ལས་བྱེད་པས་ཁ་གཏད་དབུལ་སྐྱོར་གཙོ་གནད་ཀྱི་ཁྱིམ་ཚང་དང་སྡེ་བའི་ལས་བྱེད་པའི་ཁ་གཏད་དབུལ་སྐྱོར་གྱི་སྡེ་བའི་བཅའ་སྡོད་ལས་བྱེད་པའི་ཁ་གཏད་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱེད་པའི་དབང་པོ་སྐྱོན་ཅན་ཁྱིམ་ཚང་སོགས་ཁ་གཏད་བྱེད་ཐབས་སྤྱད་དེ་ཏང་གི་བསམ་བློའི་ཁྲིད་སྟོན་དང་གོམས་སྲོལ་བསྒྱུར་བའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏང་རྒྱུའི་གཏན་འཁེལ་བྱས། ཧྥུའུ་ཁྲོན་ཧེ་ཡིས་ཞིང་པའི་མཚན་མོའི་སློབ་གྲྭ་དང་དབུལ་ཐར་མཚན་གཏམ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབྲོག་པ་མང་ཚོགས་ལ་སྲིད་ཇུས་ཁྲིམས་སྲོལ་དང་སྡེ་སྲོལ་དམངས་ཆིངས། བསམ་པའི་དཔལ་ཡོན་བཅས་ཀྱི་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུ་རྒྱུའི་ཁྲིད་སྟོན་བྱས་པར་མ་ཟད། གསེར་ཐར་རྫོང་གི་བསམ་པའི་དཔལ་ཡོན་གཞུང་ལས་ཁང་གི་སྲིད་ཇུས་ལ་བརྟེན་ནས་བཟང་པོ་བཞིའི་ཁྱིམ་ཚང་དང་བཟང་པོ་བཞིའི་མི་སྒེར་གཏོད་རྒྱུར་ལྕག་སྐུལ་བྱས་ཏེ་གཙང་ཁྱིམ་ཚང་དང་ཁྲིམས་སྲུང་སྤྱི་དམངས་དཔྱད་བསྡུར་བྱས་ནས་ཡ་རབས་དང་ཞིང་པའི་མཚན་མོའི་སློབ་གྲྭའི་ལས་སྟེགས་བརྒྱུད་དུས་ལྟར་འབྲོག་པ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་འདེབས་འཛུགས་དང་གསོ་ཚགས། ཇ་མ་སོགས་ཀྱི་ལག་རྩལ་གསོ་སྦྱོང་ནང་ཞུགས་པར་མ་ཟད། མི་སྒེར་གྱི་ནད་གཞི་ཚབས་ཆེན་སྔོན་འགོག་དང་ཕྱུགས་རིགས་ཀྱི་ནད་འབུ་འགོག་བཅོས་བྱེད་པའི་ཤེས་བྱའི་འཆད་ཁྲིད་ཀྱང་བྱས་ནས་དབུལ་སྒྲོལ་མང་ཚོགས་ལ་རྟར་བཞོན་ནས་རོགས་སྐྱོར་བྱེད་ཅེས་པ་བྱས་ཡོད། ད་བར་ཧྥུའུ་ཁྲོན་ཧེ་ཡིས་སྔར་བཞིན་གསེར་ཐར་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ནས་གསོ་རླུང་མི་འདང་བའི་སྙིང་སྟོབས་སྤྱད་ནས་མུ་མཐུད་དེ་དམག་འཐབ་བྱེད་པའི་སྙིང་སྟོབས་དང་མཁྲེགས་འཐབ་བྱེད་ཕོད་པའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཉེ་འགྲམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཤུགས་རྐྱེན་ཐེབས་ནས་མཆོག་ཚང་གི་མང་ཚོགས་ཀྱི་ཧ་ཅང་སྙིང་ཉེ་བའི་གྲོགས་པོར་གྱུར་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1